LTK's Illumination on consciousness realising itself (Jetsunpa)
ཁ་ཅིག སྔོ་འཛིན་དབང་མངོན་གྱིས་ཁོ་རང་གྲུབ་ཅེས་པའི་དོན། ཁོ་རང་གིས་ཁོ་རང་འགྲུབ་པའི་དོན་ཡིན་གྱི། རང་གིས་རང་རྟོགས་པའི་དོན་མ་ཡིན་ཏེ།
རང་གིས་རང་མ་རྟོགས་པའི་ཕྱིར་ཟེར་ན།
Someone says: The meaning of "A sense-consciousness apprehending blue establishing itself" is that it will establish itself and not that it realises itself because it does not realise itself.
སྔོ་འཛིན་དབང་མངོན་གྱིས་ཁོ་རང་རྟོགས་པར་ཐལ། དེའི་རྗེས་སུ་སྐྱེས་པའི་ཁོ་རང་དྲན་པའི་དྲན་ཤེས་དེ་སྔོ་འཛིན་དབང་མངོན་རྟོགས་ཟིན་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ།
དེ་དེ་ལ་དཔྱད་ཤེས་ཡིན་པའི་ཕྱིར།
Answer: It follows that a sense-consciousness apprehending blue realises itself because the memory remembering it that is produced subsequently is an awareness realising the sense-consciousness apprehending blue that has already been realised; because it is a subsequent cognition.
གཞན་ཡང་། སྔོ་འཛིན་དབང་མངོན་གྱིས་ཁོ་རང་རྟོགས་པར་ཐལ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས་ཁོ་རང་རྟོགས་པའི་ཕྱིར།
Moreover, it follows that a sense-consciousness apprehending blue realises itself because the uninterrupted path of the Mahayana path of seeing realises itself.
དེར་ཐལ། དགོངས་པ་རབ་གསལ་ལས། མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་རང་གི་གཞལ་བྱ་ཆོས་ཉིད་གྲུབ་པ་ན།
དེའི་སྟོབས་ཀྱིས་ཡུལ་ཅན་གྱི་ཡེ་ཤེས་འགྲུབ་པ་ལ། རིག་བྱ་རིག་བྱེད་སོ་སོར་སྣང་བའི་གཉིས་སྣང་ལོག་པ་དང་། གཞན་ལུགས་ཀྱིས་ཤེས་པ་ཐམས་ཅད་ཁ་ནང་ལྟ་ལ་
གཉིས་སྣང་ལོག་པའི་འཛིན་རྣམ་ཡན་གར་བ་འདོད་པ་དང་མི་མཚུངས་པའི་ཁྱད་པར་ནི་འབྲས་བུའི་སའི་སྐབས་སུ་འཆད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར།
That follows because Illumination of the Thought says:
When the non-conceptual exalted wisdom of meditative equipoise has established its cognised-object (i.e. dharmata), then through the force of that the exalted wisdom that is its object-possessor will be established; the dissimilarity between that having eliminated dualistic appearances where the known and knower appear distinct and the assertion of other systems that all consciousnesses have a distinct apprehender-aspect that is inwardly directed and has eliminated dualistic appearances will be explained in the chapter on the resultant ground.
གཞན་ཡང་། སྔོ་འཛིན་དབང་མངོན་གྱིས་ཁོ་རང་རྟོགས་པར་ཐལ། དེ་ཉིད་ལས། དེ་ལྟར་ན་སྔོ་འཛིན་ནི་གཞན་ལུགས་ལྟར་རང་རིག་གིས་མི་འགྲུབ་ཀྱི།
དབང་པོའི་མངོན་སུམ་ཚད་མས་འགྲུབ་པར་བསྟན་ཏེ། དེ་ཡོད་པ་ནི་སྔོན་འཛིན་གྱི་གཞལ་བྱ་འགྲུབ་པ་དེ་ཉིད་ཀྱིས་རྟོགས་པའི་ཕྱིར་རོ། །ཞེས་བཤད་པའི་ཕྱིར།
Moreover, it follows that a sense-consciousness apprehending blue realises itself because Illumination of the Thought explains:
In that case, the apprehension of blue, just as in other systems, is indicated as not being established by a self-knower but as established by a sense direct valid cognition because its existence is realised through the very establishment of the cognised-object of the apprehension of blue.
གཞན་ཡང་། སྔོ་འཛིན་དབང་མངོན་གྱིས་རང་ཉིད་རྟོགས་པར་ཐལ། དེས་རང་ཉིད་དཔྱད་པ་གང་ཞིག །དཔྱད་པ་དེ་རྟོགས་པའི་དོན་དུ་རང་འགྲེལ་ལས་གསུངས་པའི་ཕྱིར།
Moreover, it follows that a sense-consciousness apprehending blue realises itself because 1) it determines itself and 2) the Autocommentary explains that "to determine" means to realise.
རྟགས་གཉིས་ཀ་གྲུབ་སྟེ། རང་འགྲེལ་ལས། གང་གི་ཕྱིར་དྲན་པ་གཞན་ཉིད་ཡོད་པ་མ་ཡིན་པ་དེའི་ཕྱིར། གང་ཉམས་སུ་མྱོང་བས་མྱོང་བ་དེ་དྲན་པའི་ཤེས་པས་
མྱོང་བ་མ་ཡིན་པ་མ་ཡིན་པས་དྲན་པ་ཡུལ་དང་ལྡན་པར་འབྱུང་ལ། ཉམས་སུ་མྱོང་བའི་ཤེས་པས་ཡོངས་སུ་གཅོད་པ་གང་ཡིན་པ་དེ་དྲན་པས་
ཡོངས་སུ་མ་བཅད་པ་མ་ཡིན་པས་བདག་གིས་མཐོང་ངོ་ཞེས་བྱ་བར་ཡང་འགྱུར་རོ། །ཞེས་བཤད་པའི་ཕྱིར།
Both signs are established because the Autocommentary says:
Due to memory not being other, that which is experienced by an experience is not not experienced by the memory-consciousness; therefore, memory arises together with an object. That which is determined by the experience-consciousness is not not determined by the memory; therefore, one will say "I saw".
ཁོ་ན་རེ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་དེས་སྟོང་ཉིད་དངོས་སུ་རྟོགས་པའི་ཤུགས་ལ་རང་ཉིད་རྟོགས་པར་ཐལ། དེས་རང་ཉིད་རྟོགས་པའི་ཕྱིར།
འདོད་ན། དེའི་གཞལ་བྱར་གྱུར་པའི་སྟོང་ཉིད་ཆོས་ཅན། ཁྱོད་མ་ཡིན་དགག་ཡིན་པར་ཐལ། དགག་པ་གང་ཞིག ཁྱོད་དངོས་སུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་
བར་ཆད་མེད་ལམ་དེས། ཁྱོད་དངོས་སུ་རྟོགས་པའི་ཤུགས་ལ་ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་རྟོགས་པའི་ཕྱིར་ཟེར་ན།
Someone says: It follows that the uninterrupted path of the Mahayana path of seeing implicitly realises itself upon explicitly realising emptiness because it realises itself.
If accepted: The subject - emptiness that is its cognised-object - it follows that it is an implicative negation because 1) it is a negation and 2) the uninterrupted path of the Mahayana path of seeing that explicitly realises it implicitly realises the uninterrupted path of the Mahayana path of seeing upon explicitly realising it.
མ་ཁྱབ། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ཆོས་ཅན། ཁྱོད་ཀྱིས་སྟོང་ཉིད་དངོས་སུ་རྟོགས་པའི་ཤུགས་ལ་རང་ཉིད་རྟོགས་པར་ཐལ།
ཁྱོད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སློབ་པའི་ཡེ་ཤེས་ཡིན་པའི་ཕྱིར།
Answer: No pervasion. The subject - the uninterrupted path of the Mahayana path of seeing - it follows that it implicitly realises itself upon explicitly realising emptiness because it is a learner's exalted wisdom directly realising emptiness.
Implied: If it is a learner's exalted wisdom directly realising emptiness, then it is pervaded by implicitly realises itself upon explicitly realising emptiness.
Up a level: Debate about consciousnesses realising themselves