Measure of the object of negation (Prasangika)
ཆོས་ཐམས་ཅད་ཐག་ཁྲ་ལ་སྦྲུལ་དུ་བརྟགས་པ་ལྟར་རྟོག་པའི་དབང་གིས་བཞག་པར་གསུངས་པ་དེས་དེ་ལས་བཟློག་སྟེ་འཛིན་པའི་བདེན་འཛིན་ཤེས་པར་འགྱུར་བས།
All phenomena are indicated as posited through the force of conceptuality, just like imputing a mottled-rope to be a snake. Through that, the apprehension of true existence that apprehends the opposite from that will be understood.
ཁྲ་བོའི་མདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང་། ཡུལ་མི་གསལ་བ་ནམ་ཟེའུ་ཟེའི་དུས་སུ་ཐག་ཁྲ་འདི་སྦྲུལ་ལོ་སྙམ་པའི་བློ་སྐྱེས་པའི་ཚེ།
ཐག་ཁྲའི་སྟེང་གི་སྦྲུལ་རྟོག་པས་བརྟགས་པ་ཙམ་ཡིན་གྱི་ཐག་ཁྲ་རང་ངོས་ནས་སྦྲུལ་དུ་མེད་དེ། དེའི་ཚེ་ཐག་པའི་ཆ་ཤས་དང་ཚོགས་པ་གང་ཡང་
སྦྲུལ་གྱི་མཚན་གཞིར་མེད་ཅིང་། དེའི་ཚེ་ཐག་ཁྲའི་སྟེང་དུ་ཐག་པ་ལས་དོན་གཞན་པའི་སྦྲུལ་གྱི་མཚན་གཞི་ཡང་མེད་པའི་ཕྱིར།
When an awareness arises thinking "this mottled-rope is a snake!" - it having mottled colours and being coiled like a snake; and the object is unclear when the sky is dusky - the snake on the basis of the mottled-rope is merely imputed by conceptuality; there is no snake from the side of the mottled-rope because 1) at that time, neither the parts of the rope or their collection is an illustration of snake and 2) at that time, an illustration of a snake that is different from the rope on the basis of the mottled-rope does not exist.
དཔེ་དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་ངའོ་སྙམ་པ་འབྱུང་བ་ན་ང་དེ་རྟོག་པས་ཕུང་པོ་ལ་བརྟེན་ནས་བཏགས་པ་ཙམ་ཡིན་གྱི་ང་རང་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་དེ། ཕུང་པོའི་ཆ་ཤས་རེ་རེ་བ་དང་ཚོགས་པ་གང་ཡང་ངའི་མཚན་གཞི་མ་ཡིན། ཕུང་པོ་ལས་དོན་གཞན་པའི་ངའི་མཚན་གཞི་ཡང་མེད་པའི་ཕྱིར།
Just like the example, when the thought "I" arises in dependence upon the aggregates, that "I" is merely imputed by conceptuality in dependence upon the aggregates; there is no "I" that is established from its own side even in the slightest because 1) neither the individual parts nor the collection of the aggregates are an illustration of the "I" and 2) an illustration of an "I" that is a different object from the aggregates does not exist.
As such:
- The object of negation of reasoning analysing the ultimate: an existent that is not merely posited through the force of terminology; མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པ་གཅིག་ཡོད་པ་དེ་དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱི་དགག་བྱ་དང་།
- The subtle selflessness of persons: The non-existence of that on the basis of the person (the basis of attributes); དེ་ཁྱད་གཞི་གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད་ཕྲ་མོ་དང་།
- The subtle selflessness of phenomena: The non-existence of that on the basis of phenomena (such as eyes, nose, and so forth); དེ་མིག་སྣ་སོགས་ཆོས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་དང་།
- The apprehension of that object of negation as existent on the basis of persons and phenomena is the apprehension of the self of persons and the apprehension of the self of phenomena, respectively.
དགག་བྱ་དེ་གང་ཟག་དང་ཆོས་ཀྱི་སྟེང་དུ་ཡོད་པར་འཛིན་པ་ནི་རིམ་པ་བཞིན་དུ་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་ཡིན།
Up a level: Object of negation