Objection of the fallacy of its knower
གཞན་ཡང་། ཁྱོད་ཀྱི་ལུགས་ལྟར་ན་གདུལ་བྱ་གཞན་དག་ལ་དེ་ཁོ་ན་ཉིད་ནི་འདི་ལྟ་བུའོ། །ཞེས་སུ་ཞིག་གིས་སྟོན་པར་བྱེད་པ་མི་རིགས་པར་ཐལ།
དེ་ཁོ་ན་ཉིད་མཁེན་པ་པོ་མེད་པའི་ཕྱིར་ཏེ། དེ་ཁོ་ན་ཉིད་རང་བཞིན་གྱིས་མེད་པའི་ཕྱིར། ཞེ་ན།
The Proponents of Things object: Also, it follows that in your system it is unsuitable for anyway to teach it to disciples, saying "Suchness is like this.", because a knower of suchness does not exist; because suchness lacks inherent existence.
ཁོ་ན་རེ། རོ་མཉམ་ཉེད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་པ། ཞེས་སངས་རྒྱས་ཀྱི་ཡེ་ཤེས་དེ་ཁོ་ན་ཉིད་ལ་རྟག་ཏུ་མཉམ་པར་བཞག་པ་བཤད་ན།
འོ་ན། སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། ཁྱོད་ཀྱིས་གདུལ་བྱ་ལ་ཆོས་སྟོན་པ་མི་འཐད་པར་ཐལ།
ཁྱོད་ཀྱི་རྒྱུད་ལ་ཆོས་སྟོན་པའི་ཀུན་སློང་གི་རྟོག་པ་ཡོད་པའི་ཕྱིར་ཞེ་ན།
Objection: If "Having correctly realised those to be of one-taste" [11.11c] explains that Buddhas' exalted wisdom is always absorbed into suchness, then the subject - the Buddha Bhagavan - it follows that their teaching dharma to disciples is unfeasible because of lacking the conceptual motivation for teaching dharma in their continuum.
ཤེས་བྱ་ཆོས་ཅན། ཀུན་སློང་གི་རྟོག་པ་མེད་ཀྱང་ཆོས་སྟོན་པ་མི་འགལ་ཏེ། བསོད་ནམས་ཀྱི་ཚོགས་བརྒྱ་ཕྲག་དུ་མས་ཟིན་པ་སྟེ་མངོན་པར་འདུས་བྱས་པ་དེ་ཡི་ལོངས་སྤྱོད་རྫོགས་པའི་སྐུ་དེ་ལས་བྱུང་བའི་ཆོས་ཉིད་སྟོན་པའི་སྒྲ་ལས་བྱང་སེམས་རྣམས་ཀྱིས་ཆོས་ཉིད་རྟོགས་ནུས་པའི་ཕྱིར།
Response: The subject - objects of knowledge - despite lacking conceptual motivation, that does not contradict teaching dharma because from the Complete Enjoyment Body that is held by, i.e. has gathered, many hundreds of collections of merit, arise sounds teachings dharmata through which bodhisattvas are able to realise dharmata.
རྣམ་རྟོག་མེད་ཀྱང་ཆོས་སྟོན་པ་གཞན་ཡང་ཡོད་དེ། ལོངས་སྐུར་མ་ཟད་དེས་བྱིན་གྱིས་བརླབས་པའི་སྤྲུལ་པ་དང་། སྤྲུལ་སྐུ་དེའི་མཐུས་ནམ་མཁའ་དང་།
གཞན་ཤིང་དང་རྩིག་པ་སོགས་སེམས་མེད་པ་ལས་ཀྱང་སྒྲ་གང་ཞིག་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པ་འབྱུང་བ་ཡིན་ལ།
དེ་ལས་ཀྱང་གདུལ་བྱ་འཇིག་རྟེན་པ་རྣམས་ཀྱིས་དེ་ཁོ་ན་ཉིད་རིག་པར་འགྱུར་པའི་ཕྱིར།
Despite lacking conceptuality, there are also other [ways] of teaching dharma because it is not only from the Enjoyment Body, but also from the emanations created by it as well as from mindless things such as space, trees, walls, and so forth, through the force of the Emanation Body, that sound arises teaching the suchness of phenomena.
ཁྱབ་སྟེ། ནམ་མཁའ་དང་རྩིག་པ་སོགས་རྟོག་བྲལ་ཡིན་པའི་ཕྱིར།
There is pervasion because space, walls, and so forth are free from conceptuality.
སངས་རྒྱས་ལ་ཆོས་སྟོན་པའི་ཀུན་སློང་མེད་ཅིང་ལུས་ངག་གི་འབད་རྩོལ་ཀྱང་མེད་པར་ཆོས་སྟོན་པའི་བྱ་བ་ལ་འཇུག་པ་བཤད་ན།
འོ་ན། དེ་ལྟར་འཇུག་པའི་རྒྱུ་མཚན་གང་ཞེ་ན།
Objection: If it is explained that the Buddhas engage in teaching dharma without the motivation for teaching dharma and without any striving of body and speech, then what is the reason that they engage in that?
ཤེས་བྱ་ཆོས་ཅན། སངས་རྒྱས་ལ་ད་ལྟ་ཆོས་སྟོན་པའི་འབད་རྩོལ་དང་རྟོག་པ་མེད་ཀྱང་སྔར་གོམས་པའི་སྟོབས་ལས་བྱུང་བ་གདུལ་བྱ་ལ་ཆོས་སྟོན་ཅིང་།
གཞན་དོན་བྱེད་པའི་རྒྱུ་མཚན་ཡོད་དེ། ད་ལྟ་སྐྱེས་པའི་འབད་རྩོལ་མེད་བཞིན་དུ་ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་ལ་བཞུགས་པའི་སངས་རྒྱས་དེའི་འཕྲིན་ལས་ཆོས་སྟོན་པ་སོགས་ལ་འཇུག་པ་ནི། གདུལ་བྱའི་སྐྱེ་བོ་སྐལ་བ་ཅན་གྱིས་སྔར་ཐར་པའི་ས་བོན་བཞག་པའི་དགེ་བ་ཡོངས་སུ་སྨིན་པ་དང་། སངས་རྒྱས་རང་ཉིད་ཀྱིས་སྔོན་བྱང་སེམས་ཀྱི་གནས་སྐབས་སུ་འབད་རྩོལ་མེད་པར་ཆོས་སྟོན་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་ཁྱད་པར་གཉིས་འཕངས་པའི་སྟོབས་ལས་ཡིན་པས།
Response: The subject - objects of knowledge - despite the Buddhas presently teaching dharma without striving or conceptuality, there is a reason that they teach dharma to disciples and enact others' welfare that is arisen through the force of previous familiarity: While lacking any presently-arising effort, the Buddhas who abide in the Body whose nature is Dharma engage in their enlightened activities (teaching dharma and so forth) through the force of:
- The complete ripening of virtue that is the fortunate disciples' previously posited seeds of liberation and
- The particular prayers made by the Buddhas themselves while still bodhisattvas, of "May I teach the dharma without striving."
འཕྲིན་ལས་དེ་འདྲ་བ་འཇུག་པ་ནི་ཆེས་བསམ་གྱིས་མི་ཁྱབ་པ་ཡིན་པའི་ཕྱིར།
Therefore, such engagement in enlightened activities is inconceivable.
ཇི་ལྟར་ཏེ། དཔེར་ན་རྫ་མཁན་སྟོབས་ཆེན་པོ་དང་ལྡན་པས་འཇིག་རྟེན་འདིར་ཡུལ་རིང་དུ་ཆེས་འབད་པ་ཆེན་པོས་བསྐོར་བའི་འཁོར་ལོ་ནི།
རྫ་མཁན་དེའི་རྩོལ་བ་ད་ལྟ་སྐྱེས་པ་མེད་བཞིན་དུའང་འཁོར་ཞིང་རྫ་བུམ་ལ་སོགས་པའི་རྒྱུར་མཐོང་བ་ལྟར་དཔེ་དེ་བཞིན་ནོ།
For example, like the wheel that was spun by a very strong potter for a long time and with great effort, despite the present absence of that potter's striving is seen to spin and be the cause of clay-pots and so forth.
Previous: Objection of the non-realisation of suchness
Up a level: Way of attaining Buddhahood (Gomde)