Objection of the non-realisation of suchness
དངོས་སྨྲ་བ་ན་རེ། གང་གི་ཚེ་གཟུགས་སོགས་རང་བཞིན་གྱིས་སྐྱེ་བ་ཞི་བ་སྟེ་མེད་པ་ཁོ་ན་ཉིད་ཡིན་ནོ། འོ་ན། དེ་ཁོ་ན་ཉིད་ལ་བློ་གྲོས་འཇུག་པར་མི་འགྱུར་བར་ཐལ། གཟུགས་སོགས་རང་བཞིན་གྱིས་མེད་པ་དེ་ཁོ་ན་ཉིད་ཡིན་པའི་ཕྱིར།
The Proponents of Things object: If you say, "Forms and so forth being pacified of inherent production (i.e. not inherently existent) is their suchness." In that case, it follows that suchness will not be engaged by intelligence because the lack of inherent existence of forms and so forth is their suchness.
ཁྱབ་སྟེ། གཟུགས་སོགས་རང་བཞིན་གྱིས་མེད་ན་མེད་དགོས་ལ། མེད་ངེས་ལ་བློ་ཅི་ཙམ་གཏད་ཀྱང་རྣམ་པ་ཅི་ཡང་འཆར་རྒྱུ་མེད་པའི་ཕྱིར།
There is pervasion because 1) if forms and so forth lack inherent existence, then they are necessarily non-existent and 2) regardless of how much an awareness may focus on a definite non-existent, its aspect will not dawn whatsoever.
འདོད་ན། ཤེས་བྱའི་ཡུལ་དེ་ཁོ་ན་ཉིད་དེ་ཡུལ་ཅན་གྱི་བློས་ངེས་པ་སྟེ་ཤེས་པར་རིགས་པའང་མ་ཡིན་པར་ཐལ། ཡུལ་ཅན་གྱི་བློ་དེ་ཡུལ་དེ་ཁོ་ན་ཉིད་ལ་མ་ཞུགས་པའི་ཕྱིར།
If accepted: It follows that ascertainment, i.e. knowing, by valid cognition that is the object-possessor of the suchness of objects of knowledge is not feasible because the awareness (object-possessor) does not engage suchness (the object).
ཁྱབ་སྟེ། ཡུལ་དེ་ཁོ་ན་ཉིད་ཀུན་ནས་ཤེས་པར་མེད་པ་ནི། དེ་ཁོ་ན་ཉིད་དངོས་སུ་རྟོགས་པའི་ཤེས་པར་ཇི་ལྟར་འགྱུར་པའི་ཕྱིར།
There is pervasion because if there is no knowing of suchness (the object) in any way, then how could there be knowing that explicitly realises suchness?
ཤེས་བྱ་ཆོས་ཅན། རྣམ་པ་འཆར་རྒྱུ་མེད་པའི་སྒོ་ནས་དེ་ཁོ་ན་ཉིད་ལ་བློ་མི་འཇུག་པ་མ་ཡིན་པར་ཐལ།
ཡུལ་ཅན་གྱི་བློ་དེ་དེ་ཁོ་ན་ཉིད་ཀྱི་རྣམ་པ་ཅི་འདྲ་བ་དེ་འདྲ་བར་སྐྱེ་ན་ཐ་སྙད་བདེན་པ་ལ་ཉེ་བར་བརྟེན་ནས་དེ་ཁོ་ན་ཉིད་རིགས་པ་ཡིན་པར་འདོད་པའི་ཕྱིར།
Response: The subject - objects of knowledge - it follows that awareness does not not engage suchness by way of its aspect not appearing because it is asserted that if an awareness (object-possessor) arises with the aspect of suchness as it is, then it is reasoning of suchness in dependence upon conventional truth.
དེར་ཐལ། གང་གི་ཚེ་རང་བཞིན་གྱིས་སྐྱེ་བ་མེད་པ་ནི་དེ་ཁོ་ན་ཉིད་ཡིན་ཞིང་བློ་ཡང་རང་བཞིན་གྱིས་སྐྱེ་བ་དང་བྲལ་བའི་རྣམ་པར་ཆུ་ལ་ཆུ་བཞག་པ་བཞིན་དུ་ཞུགས་པ་དེའི་ཚེ་དེ་ཁོ་ན་ཉིད་དེའི་རྣམ་པ་བསྟེན་པ་སྟེ་འཛིན་པ་ལས་བློ་དེས་དེ་ཁོ་ན་ཉིད་རྟོགས་པར་བཞག་པ་ཡིན་པའི་ཕྱིར།
That follows because the lack of inherent production is suchness and when an awareness engages the aspect of the lack of inherent production in the manner of water being poured into water, then through the apprehension of the aspect of suchness, it is posited that that awareness realises suchness.
ཇི་ལྟར་ཏེ། དཔེར་ན།
ཁྱོད་ལྟར་ན་ཡང་སེམས་ནི་ཡུལ་སྔོན་པོ་སོགས་གང་གི་རྣམ་པ་ཅན་དུ་འགྱུར་བ་ན་སེམས་དེ་ཡིས་ཡུལ་དེ་ཡོངས་སུ་ཤེས་པར་འཇོག་ནུས་པ་དེ་བཞེན་ནོ།
For example, according to you, when a mind becomes the aspect-possessor of its object, such as blue and so forth, then it is posited that that mind thoroughly knows that object.
Next: Objection of the fallacy of its knower
Up a level: Way of attaining Buddhahood (Gomde)