Obscurations and their abandonment

Divisions of obscurations: སྒྲིབ་པ་ལ་དབྱེ་ན་གཉིས་ཡོད།

  1. Afflictive obscurations ཉོན་སྒྲིབ།
  2. Knowledge obscurations ཤེས་སྒྲིབ།

See individual sections above, then:
Abandoning the two obstructions


Way of abandonment

ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་དེས་མཐོང་སྤང་རྟོག་པ་སྤོང་ཚུལ་ཡོད་དེ། དེས་དེའི་ས་བོན་སྤངས་པའི་སྒོ་ནས་དེ་སྤོང་བར་བྱེད་པའི་ཕྱིར་ཏེ།
The way someone on the uninterrupted path of the Mahayana path of seeing abandons the conceptions that are objects of abandonment of the path of seeing is by way of having abandoned their seeds because they are abandoned by way of:

ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ལ་མཐོང་སྤང་རྟོག་པའི་ས་བོན་མེད་མོད། དེའི་རྒྱུད་ལ་སྒོམ་སྤང་རྟོག་པའི་ས་བོན་ཡོད་དམ་མེད་ཅེ་ན།
Although there are no seeds of the conceptions that are objects of abandonment of the path of seeing in the continuum of one on the uninterrupted path of the Mahayana path of seeing, do the seeds of the conceptions that are objects of abandonment of the path of meditation exist in their continuum?

རང་རྒྱུད་པའི་ལུགས་ལ་མེད་དེ། དེའི་ལུགས་ལ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་རྒྱུད་ཀྱི་རྣམ་པར་ཤེས་པ་དེ་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་ལ།
དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པའི་མཚན་གཞིར་གྱུར་པའི་གང་ཟག་ཏུ་ཁས་ལེན་ཅིང་།
དེ་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་པ་དེའི་སྟེང་དུ་སྒོམ་སྤང་རྟོག་པའི་ས་བོན་ཡོད་ན་དེ་ཟག་བཅས་སུ་ཐལ་བའི་སྐྱོན་དུ་འགྱུར་བའི་ཕྱིར།
In the Svatantrika system, they do not exist because:

ཐལ་འགྱུར་བའི་ལུགས་ལ་དེའི་རྒྱུད་ལ་སྒོམ་སྤང་རྟོག་པའི་ས་བོན་ཡོད་དེ། དེའི་རྒྱུད་ཀྱི་ཡིད་ཀྱི་རྣམ་ཤེས་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་ཀྱང་།
དེའི་རྒྱུད་ཀྱི་ང་ཙམ་གྱི་སྟེང་དུ་སྒོམ་སྤང་རྟོག་པའི་ས་བོན་ཁས་ལེན་པ་མི་འགལ་བའི་ཕྱིར་ཏེ། དེས་ང་ཙམ་གང་ཟག་གི་མཚན་གཞིར་ཁས་ལེན་པའི་ཕྱིར།
In the Prasangika system, the seeds of the conceptions that are objects of abandonment of the path of meditation exist in their continuum because although the mental consciousness in their continuum has already become uncontaminated in nature, that does not contradict asserting that the seeds of the conceptions that are objects of abandonment of the path of meditation [exist] on the basis of the "mere I" in their continuum; because they assert that the "mere I" is the illustration of the person.

See: Contaminated/Uncontaminated for Prasangika

See: Obscurations in Hinayana


Up a level: Madhyamaka