Outshining Hearers and Solitary Realisers
ས་དྲུག་པ་མན་ཆད་དུ་ཉུན་རང་དགྲ་བཅོམ་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་མི་ནུས་ཞིང་། ས་བདུན་པ་ནས་ནུས་པའི་དོན་ཡོད་དེ།
ས་དྲུག་པ་མན་ཆད་དུ་སེམས་ཀྱི་སྐད་ཅིག་རེ་རེ་ལ་འགོག་པ་ཡང་དག་པའི་མཐའ་ལ་མངོན་སུམ་དུ་འཇུག་ལྡང་བྱེད་པའི་སྒོ་ནས་
རང་གི་ཡུལ་འགོག་པ་ཡང་དག་པའི་མཐའ་ཤེས་པའི་ཆེ་བ་ལ་མི་གནས། ས་བདུན་པ་ནས་དེ་ལྟར་གནས་པའི་ཡོན་ཏན་ཐོབ་པའི་ཕྱིར།
There is a meaning to saying that on the sixth ground and below [Bodhisattvas] are not able to outshine Hearer and Solitary Realiser Arhats through the force of intelligence but they can from the seventh ground because on the sixth ground and below they do not abide in the greatness of knowing their object (cessation, the perfect end) by way of entering into and arising from direct [realisation] of cessation (the perfect end) in a single moment of mind; whereas from the seventh ground they have attained the quality of abiding in that.
ས་དྲུག་པ་མན་ཆད་དུ་མི་ནུས་པའི་རྒྱུ་མཚན་ཡོད་དེ།
མོས་སྤྱོད་དུ་སེམས་དང་དེ་ཁོ་ན་ཉིད་གཉིས་རོ་གཅིག་ཏུ་མ་སོང་བས་སྟོང་ཉིད་ཀྱི་ཏིང་ངེ་འཛིན་ལ་དུས་ཐུང་ངུར་འཇུག་ལྡང་བྱེད་པ་མི་དཀའ་ཡང་།
སེམས་དང་དེ་ཁོ་ན་ཉིད་ཆུ་ལ་ཆུ་བཞག་བཞིན་དུ་སོང་བའི་འཕགས་པའི་གནས་སྐབས་སུ་འཇུག་ལྡང་གི་ཚུལ་ཤིན་ཏུ་དཀའ་བའི་ཕྱིར།
There is a reason that they are not able to do this on the sixth ground and below because during engagement through belief, since the mind and suchness do not become of one taste, it is not difficult to enter into and arise from a meditative stabilisation on emptiness in a short time; however, such a way of entering and arising on the occasion of being an Arya (where the mind and suchness become like water poured into water) is very difficult.
སྐྱེས་བུ་དར་མ་གཅིག་གིས་སེ་གོལ་གཏོག་པའི་ཡུན་ལ་སྐད་ཅིག་མ་དྲུག་ཅུ་རྩ་ལྔ་འདས་པའི་སྐད་ཅིག་མ་གཅིག་ལ་དུས་མཐའི་སྐད་ཅིག་མར་འཇོག་ཅིང་།
དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག་དང་། དེའི་སྐད་གཅིག་མ་དྲུག་ཅུ་ལ་ཐང་གཅིག ཐང་ཅིག་སུམ་ཅུ་ལ་ཡུད་ཙམ་གཅིག
ཡུན་ཙམ་སུམ་ཅུ་ལ་ཉིན་ཞག་གཅིག ཉིན་ཞག་སུམ་ཅུ་ལ་ཟླ་བ་གཅིག་ཏུ་འཇོག་པའི་ཆོས་མངོན་པའི་རྣམ་གཞག་འདི་དབུ་མ་ཐལ་འགྱུར་བས་ཁས་ལེན།
The Prasangika assert the presentation of instants as presented in the Abhidharma:
- There are sixty-five instants that pass during the time of an adult snapping their fingers; a single such instant is posited as a "shortest instant";
- 120 shortest instants are posited as one "instant";
- 60 such instants are one "thang";
- 30 thang are one "yud tsam";
- 30 yud tsam are one full day;
- thirty full days is one month.
Working backwards from 24hrs:
- A ཡུད་ཙམ། = 48 mins / 2880 secs
- A ཐང་གཅིག = 96 secs
- A སྐད་ཅིག་མ། = 1.6 secs
- A དུས་མཐའི་སྐད་ཅིག་མ། = 0.01333 secs
- A finger snap = 0.86666 secs
Scientifically measured, a finger snap is considered to be 0.007 secs (0.01 secs if generous) but that comes out to a day being 16.61538 minutes long!
ཡང་ན། དབུགས། ཆུ་སྲང་། ཆུ་ཚོད། ཉིན། ཞག ཟླ་བ། ལོ། བསྐལ་པ།
Up a level: Madhyamaka