Overview of the presentation of reasonings refuting true existence (Gomde)

Outlines:
Establishing the meaning of those scriptures through reasoning ལུང་དེའི་དོན་དེ་རིགས་པས་བསྒྲུབ་པ།

  1. Proving the selflessness of phenomena through reasoning ཆོས་ཀྱི་བདག་མེད་རིགས་པས་བསྒྲུབ་པ།
    1. Refuting production from the four extremes in relation to both truths
      མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཀར་དགག་པ།
    2. Dispelling objections regarding that refutation དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ།
    3. Eliminating wrong conceptions holding to extremes by means of mere dependently-arisen production རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱིས་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ།
    4. Identifying the result of having analysed through reasoning རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་གཟུང་བ།
  2. Proving the selflessness of persons through reasoning གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ།

འོ་ན་བསྟན་བཅོས་འདིར་བདག་མེད་གཉིས་ཀྱི་ནང་ནས་ཐོག་མར་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་དང་།
ཆོས་ལ་ཡང་འདུས་བྱས་དང་འདུས་མ་བྱས་གཉིས་ཀྱི་ནང་ནས་འདུས་བྱས་དང་།
འདུས་བྱས་ལ་ཡང་སྐྱེ་གནས་འཇིག་གསུམ་ཡོད་པའི་ནང་ནས་སྐྱེ་བ་བདག་མེད་དུ་གཏན་ལ་འབེབས་ཤིང་།
དེ་ལ་ཡང་མཐའ་བཞིའི་སྐྱེ་བ་ཙམ་འགོག་པའི་རྒྱུ་མཚན་རྣམས་གང་ཡིན་ཞེ་ན།
Well then, what are the reasons that in this treatise:

བདག་མེད་གཉིས་བསྒོམ་པའི་རིམ་པ་ལ་ཐོག་མར་གང་ཟག་གི་བདག་མེད་བསྒོམ་པར་བྱེད་ཀྱང་།
འདིར་རྟོགས་དཀའ་སླའི་རིམ་པའི་དབང་དུ་བྱས་ནས་དང་པོར་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པར་མཛད་དོ།
Although in terms of the order of cultivating the two selflessnesses, the selflessness of persons is cultivated first; in this context, the selflessness of phenomena is settled first due to the order of difficulty in realisation.

དེ་ཡང་དངོས་སྨྲ་བ་རྣམས་ཀྱི་འདུས་བྱས་རང་བཞིན་གྱིས་གྲུབ་པར་འཛིན་པའི་ལོག་རྟོག་འགོག་དཀའ་ཞིང་།
ལོག་རྟོག་དེའི་རྩ་བ་ཡང་འདུས་བྱས་ལ་སྐྱེ་གནས་འཇིག་གསུམ་མཐོང་བས་ཡིན་ལ། འདུས་བྱས་ལ་སྐྱེ་བ་བདེན་པེར་གྲུབ་པ་ཁེགས་ན།
འདུ་མ་བྱས་དང་གནས་འཇིག་བདེན་པར་གྲུབ་པ་ཡང་ཞར་ལ་ཁེགས་པའི་ཕྱིར་ཐོག་མར་མཐའ་བཞིའི་སྐྱེ་བ་འགོག་པར་མཛད་དོ།
Moreover, the Proponents of Things' wrong conceptions apprehending compounded phenomena to be inherently established are difficult to refute and the root of those wrong conceptions are due to perceiving that compounded phenomena are produced, abide and disintegrate.
If truly established production is refuted wrt compounded phenomena, then the true establishment of uncompounded phenomena and of abiding and disintegration would also be refuted incidentally; therefore, production from the four extremes is refuted first.

ཁྱབ་སྟེ། རང་བཞིན་གྱིས་སྐྱེ་བ་ཁས་ལེན་ན། མཐའ་བཞི་གང་རུང་ལས་སྐྱེ་བ་ངེས་པར་ཁས་ལེན་དགོས་པའི་ཕྱིར་རོ།
There is pervasion because if one asserts inherent production, then it is necessary to assert production as definite to be from one of the four extremes.


འོ་ན་མཐའ་བཞིའི་སྐྱེ་བ་འགོག་པའི་གོ་རིམ་དེ་ལྟར་སྟོན་པའི་རྒྱུ་མཚན་གང་ཡིན་ཞེ་ན།
Well then, what is the reason that the order of the refutation of the four extremes is indicated as such?

Assertions of production from the four extremes can be subsumed within two: མཐའ་བཞིའི་སྐྱེ་བ་འདོད་ཚུལ་དེ་ཡང་།

  1. Asserting production from a separate cause གཞན་རྒྱུ་ལས་སྐྱེ་བར་འདོད་པ་དང་།
  2. Asserting causeless production རྒྱུ་མེད་ལས་སྐྱེ་བར་འདོད་པ་གཉིས་སུ་འདུས་ལ།

དེ་ཡང་རྒྱུ་མེད་ལས་སྐྱེ་བར་འདོད་པ་ནི་ལོག་རྟོག་གི་གཞི་ཆུང་ཞིང་རྒོལ་བ་དབང་རྡུལ་གྱི་འདོད་པ་ཡིན་པས། དེ་འགོག་ཚུལ་མཇུག་ཏུ་བསྟན།
Among those, asserting causeless production are wrong conceptions with a small basis and proponents of dull faculty; therefore, its refutation is indicated last.

དང་པོ་གསུམ་གྱི་གོ་རིམ་ཡང་འདི་ལྟར་ཡིན་ཏེ། ཡ་གྱལ་བཀག་ན་ཚོགས་པ་འགོག་སླ་བས།
བདག་གཞན་རེ་རེ་བ་ལས་སྐྱེས་བ་འགོག་ཚུལ་དང་པོར་བསྟན་ནས། གཉིས་ཀ་ལས་སྐྱེ་བ་འགོག་ཚུལ་དེའི་མཇུག་ཏུ་བསྟན།
The order of the first three: Through refuting an individual member, the collection is easily refuted. Therefore, the individual refutations of production from self and other are indicated first and then the refutation of production from both is indicated afterwards.

དང་པོ་ལ་ཡང་བདག་སྐྱེ་འགོག་པ་གཞན་སྐྱེ་འགོག་པའི་ཡན་ལག་ཡིན་པས་དང་པོར་བསྟན་ནོ།
Moreover, the refutation of production from self is indicated first because it is a branch of the refutation of the production from other.

ཡན་ལག་ཡིན་ཚུལ་ནི། ས་མྱུག་གཉིས་ལྟ་བུ་རང་བཞིན་གྱིས་གཞན་ཡིན་ན། དུས་ཐམས་ཅད་དུ་གཞན་ཡིན་དགོས་པས་ས་བོན་གྱི་དུས་སུའང་གཞན་ཡིན་དགོས།
དེ་ཡིན་ན་མྱུ་གུ་ས་བོན་གྱི་དུས་སུ་ཡོད་དགོས་ལ། མྱུ་གུ་ས་བོན་གྱི་དུས་སུ་ཡོད་པ་འགོག་པ་བདག་སྐྱེ་འགོག་པའི་རིགས་པ་ལ་ལྟོས་པའི་ཕྱིར་རོ།
The way in which it is a branch: If the seed and sprout, for example, are inherently other, then they are necessarily other at all times; therefore, they are necessarily other also at the time of the seed and if they are that, then the sprout necessarily exists at the time of the seed. Refuting the existence of the sprout at the time of the seed relates to the reasoning refuting self-production.


Up a level: Reasoning refuting true existence