Passages indicating the Cittamatra system are of interpretative meaning
སྐབས་འདིར་དྲང་དོན་དུ་འགྲེལ་དགོས་པའི་མདོ་བཞི་ཡོད་དེ།
In this context, there are four sections of the Sutra Unravelling the Thought that require commentary as interpretative meaning:
- Indications of the existence of an ālayavijñāna
ཀུན་གཞིའི་རྣམ་ཤེས་ཡོད་པར་སྟོན་པའི་དགོངས་འགྲེལ་གྱི་མདོ། - Indications of the non-existence of external objects
ཕྱི་དོན་མེད་པར་སྟོན་པའི་དགོངས་འགྲེལ་གྱི་མདོ། - Indications of the differentiation of which of the three natures are truly existent and not in accordance with the Cittamatrins' assertions
མཚན་ཉིད་གསུམ་ལ་སེམས་ཙམ་པས་འདོད་པ་ལྟར་གྱི་བདེན་པར་ཡོད་མེད་ཀྱི་ཁྱད་པར་ཕྱེ་ནས་སྟོན་པའི་དགོངས་འགྲེལ་གྱི་མདོ། - Indications of the establishment of three final vehicles
མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་སྟོན་པའི་དགོངས་འགྲེལ་གྱི་མདོ་རྣམས་སུ་ཡོད་པའི་ཕྱིར།
These are indicated as of interpretative meaning by four sections of the Lankavatara sutra.
དང་པོ་ནི། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། ས་བོན་ཐམས་ཅད་ཆུ་ཡི་རྒྱུན་ལྟ་འབབ། བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། བྱིས་པ་རྣམས་ལ་ངས་ནི་དེ་མ་བསྟན།
ཞེས་གསུངས་པའི་མདོ་ཡིན་ལ།
The first is: "The appropriating consciousness is profound and subtle, with all the seeds, like a flowing river and which should not be conceived as the self. I did not teach this to the childish."
དེ་དྲང་དོན་དུ་འགྲེལ་བྱེད་ནི། མཚན་དཔེ་གསལ་རྫོགས་ཀྱི་བདེར་གཤེགས་སྙིང་པོ་སྟོན་པའི་མདོ་དྲང་དོན་དུ་འགྲེལ་བྱེད་ཀྱི་མདོ་དེ་ཉིད་ཡིན་ནོ།
Indicator as interpretative meaning: The same sutra indicates it as being of interpretative meaning in the section that indicates a Sugatagarbha with clear complete marks and signs.
གཉིས་པ་ནི། བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་ཅན་གང་ལགས་པ་དེ་ཅི་སེམས་ལས་ཐ་དད་པ་ཞེས་བགྱིའམ། ཐ་དད་པ་མ་ལགས།
ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ། ཐ་དད་པ་མ་ཡིན་ཞེས་བྱའོ། །ཞེས་སོགས་ཡིན་ལ།
The second is: "Should the physical objects of utilisation of the Bhagavan's concentrations be said to be different from the mind or said to not be different from the mind?" To this the Bhagavan replied "Maitreya, it should be said to not be different!" and so forth.
དེ་དྲང་དོན་དུ་འགྲེལ་བྱེད་ནི། ཇི་ལྟར་ནད་པ་ནད་པ་ལ། སྨན་པ་སྨན་རྣམས་གཏོང་བ་ལྟར། སངས་རྒྱས་དེ་བཞིན་སེམས་ཅན་ལ། སེམས་ཙམ་དུ་ཡང་རབ་ཏུ་གསུངས།
ཞེས་གསུངས་པ་ཡིན་ནོ།
Indicator as interpretative meaning: "Just as a doctor dispenses medicines to patients in accordance with their sickness; similarly, the Buddha taught mind only to sentient beings."
གསུམ་པ་ནི། ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན།
འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་དེའི་ཕྱིར།
དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཞེས་བྱའོ། །ཞེས་སོགས་ཡིན་ལ།
The third is: "What is the character-non-nature of phenomena? It is their imputational nature. Why is that? Those are posited through names and terms; they do not abide by way of own-character. That is referred to as character-non-nature."
དེ་དྲང་དོན་དུ་འགྲེལ་བྱེད་ནི། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་
ཆུད་པ་འདི་ཞེས་བསྟན་ཏོ་ཞེས་གསུངས།
Indicator as interpretative meaning: "Mahamati, the characteristics of emptiness, non-production, non-duality, and lack of inherent existence are indicated to be included in the sutras of all Buddhas."
བཞི་པ་ནི། ཞི་བ་བགྲོད་པ་གཅིག་པུ་བ་ནི། སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་། བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་སྟེ།
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། ཞེས་སོགས་ཡིན་ལ།
The fourth is: "Those proceeding only to pacification have set down the essence of enlightenment despite all efforts by the Buddhas; they will not perfectly and completely enlighten to unsurpassed perfect complete enlightenment."
དེ་དྲང་དོན་དུ་འགྲེལ་བྱེད་ནི། སྐབས་འདིར་དངོས་སུ་འདྲེན་མི་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས་སུ་བསྒྲུབས་ཟིན་པའི་ཕྱིར།
In this context, it is not necessary to explicitly quote an indicator as interpretative meaning because the Protector Nagarjuna has already established this in his Compendium of Sutras.
སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་བདེར་གཤེགས་སྙིང་པོ་ཡོད་པར་སྟོན་པའི་མདོ་ནི། སོར་འཕྲེང་ཅན་གྱི་མདོ་ལས་དེ་ལྟར་བཤད་ཀྱང་།
གཙོ་བོ་ནི་སྟོང་གསུམ་དར་ཡུག་གི་མདོ་ཡིན་ནོ།
In terms of the section indicating that the Sugatagarbha with clear and complete marks and signs exists in the continua of all sentient beings: although it is explained in the section on Angulimala, it is mainly the section of the Silk Bolt of the Threefold World-System.
ཡང་སྟོང་ཐུན་ཆེན་མོ་ལས། སྐབས་འདིར་དྲང་དོན་དུ་སྒྲུབ་དགོས་ཀྱི་ལུང་ལྔ་ཡོད་དེ།
[Khedrub Je's] Thousand Doses says: There are five sections that must be established as interpretative meaning in this context because there are:
- The sutra indicating the existence of a truly established Sugata essence with clear and complete marks and signs in the continua of all sentient beings
སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་མཚན་དཔེ་གསལ་རྫོགས་ཀྱི་བདེན་གྲུབ་ཀྱི་བདེར་གཤེགས་སྙིང་པོ་ཡོད་པར་སྟོན་པའི་མདོ། - The sutra indicating the non-existence of external objects ཕྱི་དོན་མེད་པར་སྟོན་པའི་མདོ།
- The sutra indicating the existence of the ālayavijñāna ཀུན་གཞིའི་རྣམ་ཤེས་ཡོད་པར་སྟོན་པའི་མདོ།
- The sutra indicating the differentiation of which of the three natures truly exist or not
མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་ཕྱེ་ནས་སྟོན་པའི་མདོ། - The sutra indicating the establishment of three final vehicles.
མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་སྟོན་པའི་མདོ་རྣམས་སུ་ཡོད་པའི་ཕྱིར། ཞེས་གསུངས།
སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་འདྲའི་བདེར་གཤེགས་སྙིང་པོ་ཡོད་པར་སྟོན་པའི་མདོ་ཆོས་ཅན། ཁྱོད་སེམས་ཙམ་པས་ངེས་དོན་གྱི་མདོར་ཁས་ལེན་པར་ཐལ།
ཁྱོད་སྐབས་འདིར་དྲང་དོན་དུ་འགྲེལ་རྒྱུའི་མདོ་ཡིན་པའི་ཕྱིར།
Jetsunpa's response: The subject - the sutra indicating the existence of such a Sugata essence in the continua of all sentient beings - it follows that it is asserted by the Cittamatrins as a definitive meaning sutra because it is a sutra that is explained to be of interpretative meaning in this context.
ཁྱབ་པ་གྲུབ་སྟེ། རང་འགྲེལ་ལས། དེའི་ཕྱིར་དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས། ཞེས་གསུངས་པའི་ཕྱིར།
There is pervasion because the Autocommentary says: "Therefore, all such sutra sections that are asserted by the Proponents of Consciousness to be of definitive meaning are clarified by these scriptures to be of interpretative meaning."
འདོད་ན། སེམས་ཙམ་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དེ་འདྲའི་བདེར་གཤེགས་སྙིང་པོ་ཡོད་པར་ཁས་ལེན་པར་ཐལ། འདོད་པའི་ཕྱིར།
If accepted: It follows that the Cittamatrins assert that such a Sugata essence exists in the continua of all sentient beings because [the above] was accepted.
JS response to Jetsunpa (defending Khedrub Je's assertion of five sutra sections)
རང་འགྲེལ་གྱིས་སྐབས་འདིར་དངོས་སུ་སྨོས་པའི་བརྗོད་དོན་སྒོ་ནས་གསུམ་དང་མདོ་ཀུན་བཏུས་ཀྱིས་བཤད་པའི་ཐེག་གསུམ་མཐར་ཐུག་སྟོན་པ་བརྗོད་དོན་སྒོ་ནས་གཅིག་སྟེ་བསྡུས་ནས་བརྗོད་དོན་སྒོ་ནས་བཞིར་བཤད་པ་གཙོ་བོ་ཙམ་ཡིན་གྱི། རྗོད་བྱེད་ཐ་དད་དང་དབྱེ་བའི་སྒོ་ནས་རྒྱས་པར་བཤད་ན་ཤིན་ཏུ་མང་པོ་ཡོད་པའི་ཕྱིར།
In this context, the Autocommentary explicitly indicates three and there is one indicating three final vehicles that is explained by Compendium of Sutras, but those are just the four mainly indicated. If it is explained in terms of the different expressers (sutras) and divisions, then there are a great many.
ཁོ་ན་རེ། སེམས་ཙམ་པས་ངེས་དོན་དུ་འདོད་པའི་མདོ་ཐམས་ཅད་འདིས་སྒྲ་ཇི་བཞིན་མ་ཡིན་པའིི་དྲང་དོན་དུ་བཤད་པར་ཐལ།
རང་འགྲེལ་ལས། ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་དུ་ལུང་འདིས་ཞེས་གསུངས་པའི་ཕྱིར་ན།
Someone says: It follows that this explains that all the sutras that Cittamatrins assert as definitive meaning to be of interpretative meaning and not literal because the Autocommentary says "...all those asserted as definitive meaning... as definitive meaning by this".
མ་ཁྱབ་སྟེ། སེམས་ཙམ་པའི་ཐུན་མོང་མིན་པའི་འདོད་པ་ལྟར་སྟོན་པ་དགོས་ཀྱི། གཞན་ཕྱིན་དྲུག་གི་རྣམ་གཞག་སོགས་སྟོན་པའི་མདོ་དབུ་སེམས་གཉིས་ཀས་
སྒྲ་ཇི་བཞིན་པར་བཞེད་པའི་ཕྱིར་དང་། རང་འགྲེལ་ལས་ཀྱང་རྣམ་པ་དེ་ལྟ་བུའི་སྨོས་པའི་དོན་ཡོད་པའི་ཕྱིར།
Answer: No pervasion 1) because they must indicate in accordance with the unique Cittamatra assertions whereas those indicating the presentation of the six perfections and so forth are asserted as literal by both Cittamatrins and Madhyamikas and 2) there is a purpose in the Autocommentary saying "[all] such [sutras]".
རྩ་བར་འདོད་ན། ས་བཅུ་པའི་མདོ་ལས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་ཁམས།
ཞེས་སོགས་སྐབས་འདིར་སྒྲ་ཇི་བཞིན་པར་ཁས་མི་ལེན་པར་ཐལ། སེམས་ཙམ་པས་རང་གི་ཐུན་མོང་མ་ཡིན་པའི་འདོད་པ་སྟོན་བྱེད་དུ་འདོད་པའི་ཕྱིར།
If the root is accepted: It follows that the Sutra on the Ten Grounds saying "These three realms are mind only" and the Abhidharma sutra saying "The realms since beginningless time" and so forth are not asserted as literal in this context because of asserting that they indicate Cittamatrins' unique assertions.
འདོད་མི་ནུས་ཏེ། ལུང་སྔ་མས་ཕྱི་དོན་མི་འགོག་པར་མུ་སྟེགས་པའི་རྟག་བདག་སོགས་བྱེད་པོ་གཞན་བཀག་ནས། སྣོད་བཅུད་ཐམས་ཅད་གཙོ་བོར་སེམས་ཀྱིས་
བྱེད་པར་བཤད། ཕྱི་མ་རྒྱུད་བླ་མ་ལྟར་སེམས་ཅན་ཐམས་ཅད་ལ་ཁམས་བདེ་གཤེགས་སྙིང་པོ་རང་བཞིན་གནས་རིགས་ཡོད་པར་སྟོན་བྱེད་ཡིན་པའི་ཕྱིར།
You cannot accept because 1) the former sutra section does not refute external objects but rather refutes a separate creator, such as the Non-Buddhists' permanent self and so forth, and then explains that the entire container and contained world system are created mainly by the mind and 2) the latter indicates, in accordance with the Uttaratantra, that the lineage Sugatagarbha the naturally abiding lineage exists in all sentient beings.
གསུངས་པ་ལ་ཁ་ཅིག་ན་རེ། སེམས་ཅན་ཐམས་ཅད་ལ་མཚན་དཔེ་གསལ་རྫོགས་ཀྱི་བདེན་གྲུབ་ཡོད་པར་སྟོན་པའི་མདོ་ཆོས་ཅན།
སེམས་ཙམ་པས་ངེས་དོན་གྱི་མདོར་ཁས་ལེན་པར་ཐལ། སྐབས་འདིར་དྲང་དོན་དུ་འགྲེལ་རྒྱུའི་མདོ་ཡིན་པའི་ཕྱིར་ན། ཤིན་ཏུ་མ་ཁྱབ།
Someone says: The subject - the sutra indicating that truly established complete clear marks and signs exist in all sentient beings - it follows that the Cittamatrins assert it as a definitive meaning sutra because it is a sutra that is to be explained as interpretative meaning in this context.
Answer: Absolutely no pervasion!
ཁྱབ་པར་ཐལ། རང་འགྲེལ་ལས། ངེས་དོན་དུ་ཁས་བླངས་པ་ཐམས་ཅད་དྲང་དོན་དུ་ལུང་འདིས་ཞེས་གསུངས་པའི་ཕྱིར་ན།
If they say: It follows that there is pervasion because the Autocommentary says "...all those asserted as definitive meaning... as definitive meaning by this".
ཆེས་ཤིན་ཏུ་མ་ཁྱབ། དེ་སེམས་ཙམ་པས་ཀྱང་དྲང་དོན་དུ་འདོད་ལ་སྐབས་འདིར་ཡང་ལང་གཤེགས་ཀྱིས་སྒྲ་ཇི་བཞིན་མ་ཡིན་པའི་དྲང་དོན་དུ་བཤད་པའི་ཕྱིར།
Answer: Even more so absolutely no pervasion because even the Cittamatrins assert those as interpretative meaning and also in this context the Lankavatara sutra explains it as definitive meaning that is not suitable to be asserted literally.
དེར་ཐལ། དེ་ལྟར་སྐབས་འདིར་ལང་གཤེགས་ཀྱིས་དེ་དྲང་དོན་དུ་བཤད་པས་ཀུན་གཞི་ཡང་དྲང་དོན་དུ་བཤད་པའི་ཕྱིར།
That follows because the Lankavatara Sutra explains that as interpretative meaning in this context and therefore also the ālayavijñāna is explained as interpretative meaning.
དེར་ཐལ། མཚན་དཔེ་ཅན་གྱི་བདེ་གཤེགས་སྙིང་པོ་དང་ཀུན་གཞི་གཉིས་མདོ་གཉིས་ལས་རྟག་མི་རྟག་སོ་སོར་བཤད།
ལང་གཤེགས་ཀྱིས་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱིས་སྐབས་འདིར་དྲང་དོན་དུ་བཤད་པའི་ཕྱིར།
That follows because the Sugatagarbha with marks and signs and the ālayavijñāna are explained as permanent and impermanent, [respectively,] in those two sutras and the Lankavatara Sutra explains those as interpretative meaning in this context by way of the three: the intention, the purpose, and refutation of it being the actual meaning.
In short:
- Jetsunpa: There are four sutra sections to be explained as interpretative meaning in this context because if it is that, then it is pervaded by being a sutra that the Cittamatrins assert as definitive meaning.
- Khedrup Je and JS: There are five sutra sections because there is no such pervasion; rather all sutras that Cittamatrins assert as definitive meaning are explained as interpretative meaning in this context, but there are also others.
Up a level: Refutation of the Cittamatra System