Prasangika basis for depositing of imprints (Tendarwa)

ངའོ་སྙམ་པའི་བློ་ལྷན་སྐྱེས་དེས་གང་ལ་དམིགས་པའི་ཕུང་པོ་ལྔ་ལ་བཏགས་པའི་ང་ཙམ་བག་ཆགས་བསྒོ་གཞི་ཡིན་ཏེ། བག་ཆགས་བསྒོ་གཞི་ཡོད་པ་གང་ཞིག
སྒོ་གཞི་མེད་ན་མི་འཐད་ཅིང༌། གྲུབ་མཐའ་འོག་མ་རྣམས་ཀྱིས་འདོད་པའི་ཀུན་གཞི་ལ་སོགས་པ་རྣམས་བག་ཆགས་བསྒོ་གཞིའི་གཙོ་བོར་མི་འཐད་པའི་ཕྱིར།
The "mere I" designated upon the five aggregates and that is observed by the innate awareness thinking "I" is the basis for depositing of imprints because 1) a basis for the depositing of imprints exists and 2) it would not be correct that one does not exist and the Alaya and so forth asserted by the lower tenets are not suitable as the main basis for the depositing of imprints.

བག་ཆགས་བསྒོ་གཞི་ཡོད་དེ། ཐོག་མེད་ནས་བརྒྱུད་དེ་འོངས་པའི་བདེན་འཛིན་ལྷན་སྐྱེས་ཀྱིས་བག་ཆགས་བསྒོ་བ་ཡོད་པའི་ཕྱིར།
A basis for the depositing of imprints exists because the depositing of imprints by the innate apprehension of self continuously since beginningless time exists.

དེ་འདྲ་བའི་ང་ཙམ་དེ། ལས་འབྲས་ཀྱི་བག་ཆགས་བསྒོ་གཞི་ཡིན་ཏེ། ཀུན་གཞི་འདོད་པ་རྣམས་ཀྱིས་ཉོན་ཡིད་ཀྱི་ངའོ་སྙམ་དུ་དམིགས་པའི་ཀུན་གཞི་
ལས་འབྲས་ཀྱི་རྟེན་དུ་འདོད་པ། འདིའི་རྒྱུད་སྨིན་བྱེད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།
Such a "mere I" is the basis for the depositing of the imprints of causes and their effects because the assertion by those who assert an Alaya that the Alaya which is observed by the afflicted mentality and thinks "I" was taught by the Bhagavan in order to ripen their continuum.


དེ་ལ་ཁ་ཅིག་ན་རེ། ང་ཙམ་བག་ཆགས་བསྒོ་གཞི་ཡིན་ཞིང༌། ཡིད་ཀྱི་རྣམ་ཤེས་བག་ཆགས་བསྒོ་གཞི་མ་ཡིན་པ་མི་རིགས་པར་ཐལ།
གང་གིས་སེམས་ཀྱི་རྒྱུད་སྦགས་པར་བྱེད་ཅིང༌། བསྒོ་བར་བྱེད་ལ་ཞེས་སོགས་གསུངས་པའི་ཕྱིར་ཟེར་ན།
Someone says: It follows that it is unsuitable that the "mere I" is the basis for the depositing of imprints whereas the mental consciousness is not the basis for the depositing of imprints because [the Autocommentary] says "That which stains and imprints the mental continuum..." and so forth.

སྐྱོན་མེད་དེ། ང་ཙམ་དེ་རྣམ་པར་ཤེས་པ་ལ་བཏགས་པའི་རྒྱུན་དང༌། ཡིད་ཀྱི་རྣམ་པར་ཤེས་པ་གནས་སྐབས་ཀྱི་བག་ཆགས་བསྒོ་གཞི་ཡིན་པའི་དོན་ཡིན་པའི་ཕྱིར།
There is no such fault because the "mere I" is the continuum designated upon the consciousness and the meaning is that the mental consciousness is the temporary basis for the depositing of imprints.

དེར་ཐལ། ཡན་ལག་གཉིས་པ་འདུ་བྱེད་ཀྱི་ལས་ཀྱི་བག་ཆགས་བསྒོ་གཞིར་གྱུར་པའི་རྒྱུ་དུས་ཀྱི་རྣམ་ཤེས་ཀྱི་རྟེན་འབྲེལ་ཡོད་པའི་ཕྱིར།
That follows because the [third link of] dependent-arising, consciousness at the time of the cause, which is the basis for the depositing of the imprints of the second link of compositional actions exists.

དགེ་མི་དགེའི་ལས་འགགས་པས། རྣམ་སྨིན་གྱི་འབྲས་བུ་འབྱིན་པའི་དཔེ་ཡང་ཡོད་དེ། ཆགས་པ་དང་ལྡན་པའི་སྐྱེས་བུས། རྨི་ལམ་དུ་ཡུལ་གྱི་བུད་མེད་བཟང་མོ་རྨིས་ནས། སད་དུས་སུ་དེ་ལྟ་བུའི་བུད་མེད་འགགས་ཀྱང༌། དེ་ལ་དམིགས་པས་ཆགས་པ་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར།
There is also an example for ceased virtue and non-virtue inducing fruitional results because a being with attachment dreams about a beautiful woman in a dream; then, although that woman has ceased upon waking, there is attachment arising due to observing her.


Up a level: Presentation of cause and effect does not require positing an Alaya (Tendarwa)