Presentation of cause and effect does not require positing an Alaya (Gomde)

ལས་རང་བཞིན་གྱིས་མེད་པར་འདོད་པའི་ལུགས་ལ་ཆོས་ཅན། ཀུན་གཞི་སོགས་ཁས་བླངས་པ་མེད་ཀྱང་།
སེམས་ཅན་གྱི་རྒྱུད་ལ་ལར་ལས་འགགས་ནས་ཡུན་རིང་དུ་ལོན་པ་ལས་ཀྱང་ལས་ཀྱི་འབྲས་བུ་ཡང་དག་པ་སྟེ་མ་འཁྲུལ་བར་འབྱུང་བ་རིག་པར་གྱེས་ཤིག་ཏེ་བྱ་རིགས་ཏེ།
The subject - in the system that asserts actions as lacking inherent existence - despite not asserting an Alaya and so forth, it is reasonable to assert that in the continua of some sentient beings, the results of actions arise correctly, i.e. unmistakenly, even after a long time has passed since the ceasing of the action because...

ཀུན་གཞི་སོགས་ཁས་བླངས་པ་མེད་ཀྱང་ལས་ཞིག་པ་ལས། ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་འདེ་འབྱུང་ངོ་ཞེས་འཇོག་ནུས་པའི་ཕྱིར་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་ལས་དེ་རང་བཞིན་གྱིས་མི་འགག་པར་རྒྱུན་གནས་པ་དེའི་ཕྱིར་རོ།
Despite not asserting an Alaya and so forth, they can posit that the fruitional results of actions arise from the disintegration of actions; because those actions do not inherently cease, their continuum remains.

ཤེས་བྱ་ཆོས་ཅན། རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ལས་འགགས་པ་ལས་ཀྱང་ནི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་འབྱུང་བ་ཡོད་པ་ཡིན་ཏེ།
དཔེར་ན། རྨི་ལམ་ན་བུད་མེད་བཟང་མོ་དམིགས་པའི་ཡུལ་དག་མཐོང་ནས་ནི་གཉིད་སད་ཀྱང་ཏེ་སད་པའི་ཚེ་ནའང་སྐྱེ་བོ་བླུན་པོ་ལ་དུས་དེར་འགགས་པའི་བུད་མེད་ལ་དམིགས་ནས་ཆགས་པ་དྲག་པོ་སྐྱེ་བར་འགྱུར་བ་དེ་བཞིན་ཡིན་པའི་ཕྱིར།
The subject - objects of knowledge - the ripening results of actions arise even from the ceasing of actions that are not inherently existent because, for example, having seen a beautiful woman in a dream, then even upon waking, a stupid being will generate strong attachment observing the woman that has already ceased.

ཤེས་བྱ་ཆོས་ཅན། རྣམ་སྨིན་འབྱིན་ཟིན་པའི་ལས་དང་འབྱིན་མ་ཟིན་པའི་ལས་གཉིས་རང་བཞིན་གྱིས་མི་འགགས་པར་མཚུངས་ཀྱང་།
རྣམ་སྨིན་འབྱིན་མ་ཟིན་པའི་ལས་ཀྱིས་རྣམ་སྨིན་འབྱིན་ལ།
འབྱིན་ཟིན་པའི་ལས་ལས་སླར་ཡང་རྣམ་སྨིན་འབྱིན་པ་མ་ཡིན་པའི་ཁྱད་པར་ཤེས་པར་གྱིས་ཤིག་ཏེ་ཤེས་དགོས་ཏེ།
The subject - objects of knowledge - it is necessary to know that although both actions that have already issued forth their fruition and those that have not are equally not inherently ceased, there is a difference: actions that have not already issued forth their fruition will issue forth fruitions whereas actions that have already issued them forth will not issue forth their fruition again because...

ཇི་ལྟར་ཏེ་དཔེར་ན་ཡུལ་སྐྲ་ཤད་དང་བོང་བུའི་རྭ་ནི་ཡོད་པ་ཉིད་མ་ཡིན་པར་མཚུངས་ཀྱང་། རབ་རིབ་ཅན་གྱི་མིག་གིས་སྐྲ་ཤད་ལ་སོགས་པའི་རྣམ་པར་ནི་མཐོང་གི
དངོས་པོ་གཞན་བོང་བུའི་རྭ་སོགས་ཀྱི་རྣམ་པར་མཐོང་བ་མ་ཡིན་པ་ལྟར་དེ་བཞིན་དུ་རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར།
For example, although falling hairs and donkey-horns are equally non-existent, diseased eyes will perceive the aspect of falling hairs and so forth and will not perceive the aspects of other things, such as donkey-horns and so forth. Similarly, causes and their effects are perceived to be individually specific.

ཤེས་བ་ཆོས་ཅན། དགེ་མི་དགེའི་ལས་གཉིས་རང་བཞིན་གྱིས་མེད་པར་མཚུངས་ཀྱང་། ལས་གཉིས་ཀྱི་འབྲས་བུ་སོ་སོར་ངེས་པ་ཡིན་ཏེ།
The subject - objects of knowledge - although both virtuous and non-virtuous actions are equally lacking inherent existence, the results of the two types of actions are individually specific because:

དཔེར་ན་སྐྲ་ཤད་དང་བོང་བུའི་རྭ་གཉིས་མེད་པར་མཚུངས་ཀྱང་། རབ་རིབ་ཅན་ལ་སྐྲ་ཤད་སྣང་ལ་བོང་བུའི་རྭ་མི་སྣང་བའི་ཁྱད་པར་འཐད་པ་དེ་བཞིན་ནོ།
For example, although falling hairs and donkey-horns are equally non-existent, it is suitable to differentiate that falling hairs appear to those with an eye disease, whereas donkey-horns do not appear to them.

དེས་ན་དགེ་བ་དང་མི་དགེ་བའི་ལས་རང་བཞིན་གྱིས་མེད་པར་རྟོགས་པའི་བློ་ཅན་གྱི་གང་ཟག་ཆོས་ཅན། མྱུར་དུ་འཁོར་བ་ལས་ཐར་བར་འགྱུར་ཏེ།
དགེ་མི་དགེའི་གནས་ལུགས་རྟོགས་པའི་གང་ཟག་ཡིན་པའི་ཕྱིར།
Therefore, the subject - persons with an awareness realising that virtuous and non-virtuous actions lack inherent existence - they will quickly be liberated from samsara because of being persons who realise the mode of abiding of virtue and non-virtue.

ཁྱབ་སྟེ། བདེན་འཛིན་འཁོར་བའི་རྩ་བ་ཡིན་པའི་ཕྱིར།
There is pervasion because the apprehension of true existence is the root of samsara.

རྒྱུ་མཚན་དེའི་ཕྱིར་ཤེས་བྱ་ཆོས་ཅན། ལས་རྣམས་ཀྱིེ་རྣམ་པར་སྨིན་པ་ནི་བསམ་གྱི་མི་ཁྱབ་བོ། །ཞེས་ལུང་ལ་མ་བརྟེན་པར་སོ་སྐྱེས་ལས་འབྲས་རྣམས་ལ་
སེམས་པ་སྟེ་དཔྱད་པའང་དགག་པར་མཛད་པ་ཡིན་ཏེ། སོ་སྐྱེས་ལས་འབྲས་ལ་བསྐུར་བ་བཏབ་པར་དོགས་པའི་ཕྱིར།
Therefore, the subject - objects of knowledge - "the fruitions of actions are inconceivable" is taken to negate that ordinary beings can analyse actions and their results without relying upon scriptures because of the worry that ordinary beings will deprecate actions and their results.

དོན་ནི། ལས་འབྲས་ཀྱི་འབྲེལ་བ་ལུང་ལ་བརྟེན་ནས་བཤད་དགོས་ཀྱི་རིགས་པ་ཙམ་གྱིས་དཔག་མི་ནུས་ཞེས་པའི་དོན་ནོ།
The meaning is that the relationship of actions and their results is necessarily explained in dependence upon scriptures; it cannot be inferred merely through reasoning.


JS: Four Inconceivables: བསམ་གྱིས་མི་ཁྱབ་པ་བཞི།


ཀུན་གཞིེ་གསུངས་པའི་མདོ་དང་མི་འགལ་ཏེ། ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་ཡོད་ཅིང་། གང་ཟག་ཉིད་རྫས་སུ་ཡོད་ལ།
ཕུང་པོ་འདི་དག་འབའ་ཞིག་ཏེ་དེ་ཙམ་ཉིད་བདེན་པར་ཡོད་ཅེས་བསྟན་པ་འདི་ནི་རང་བཞིན་མེད་པའི་སྟོང་ཉིད་སྔར་བཤད་པ་དེ་ལྟར།
ཆེས་ཟབ་པའི་དོན་རེ་ཞིག་རིག་པར་ཏེ་རྟོགས་པར་མི་འགྱུར་བའི་གདུལ་བྱ་གང་ཡིན་པ་དེ་ལ་དགོངས་ནས་གསུངས་པའི་ཕྱིར།
This does not contradict sutras indicating an Alaya because explanations regarding the existence of the Alaya as a different entity from the six consciousnesses, a substantially existent person, and that only the aggregates are truly existent were indicated thinking about disciples who temporarily cannot realise the subtle meaning, i.e. the emptiness of inherent existence as explained previously.

དངོས་པོ་རྣམས་རང་བཞིན་གྱིེས་གྲུབ་པ་མེད་མོད་ཀྱི་འོན་ཀྱང་རང་བཞིན་གྱིས་ཡོད་ཅེས་དྲང་པའི་དོན་ཉིད་དུ་བསྟན་པ་ཡང་ཆོས་ཅན། དགོས་པ་ཡོད་དེ།
གདུལ་བྱ་དེ་ཁོ་ན་ཉིད་ལ་བཀྲི་བའི་ཐབས་ཡིན་པའི་ཕྱིར།
The subject - indicating that things inherently exist as an interpretative meaning despite their lack of inherent establishment - there is a purpose because it is a method for leading disciples to suchness.

ཇི་ལྟར་ཏེ་དཔེར་ན་འཇིག་ཚོགས་ལ་ལྟ་བ་བག་ཆགས་དང་བཅས་པ་བྲལ་བས་ང་དང་ང་ཡི་བར་འཛིན་པའི་རྣམ་རྟོག་མེད་ན་ཡང་།
སངས་རྒྱས་ཀྱིས་གདུལ་བྱ་གཞན་གྱིས་ཆོས་ཀྱི་དོན་ཁོང་དུ་ཆུད་པའི་ཐབས་སུ་ང་དང་ང་ཡི་ཞེས་བསྟན་པ་ལྟར་གྱི་དཔེ་དེ་བཞིན་ནོ།
For example, despite lacking any conceptualisations apprehending "I" and "Mine" due to being free from the view of the transitory collection together with its imprints, the Buddha taught "I" and "Mine" as a method for some disciples to understand the meaning of phenomena.


Up a level: Presentation of cause and effect does not require positing an Alaya (Tendarwa)