Presentation of the Buddha's Qualities (Gomde)
སངས་རྒྱས་ཀྱི་སྟོབས་ཀྱི་ཡོན་ཏན་ཆོས་ཅན། དབྱེ་ན་བཅུ་པོ་འདི་དག་ཏུ་ཡོད་དེ།
The subject - the qualities of the Buddhas' strengths - there are ten because there are:
- Strength knowing sources and non-sources གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་།
- Strength knowing the thorough fruition of actions དེ་བཞིན་དུ་ལས་རྣམས་ཀྱི་རྣམ་པར་སྨིན་པའི་བློ་སྟེ་མཁྱེན་པའི་སྟོབས་དང་།
- Strength knowing various dispositions མོས་པ་སྣ་ཚོགས་ཐུགས་སུ་ཆུད་པའམ་མཁྱེན་པའི་སྟོབས་དང་།
- Strength knowing the constituents ཁམས་ནི་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་།
- Strength knowing supreme and non-supreme faculties དེ་བཞིན་དུ་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་།
- Strength knowing the paths proceeding to all existence and peace སྲིད་ཞི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་།
- Strength knowing the concentrations, liberations, meditative stabilisations, meditative absorptions, and so forth བསམ་གཏན་དང་རྣམ་པར་ཐར་པ་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་སོགས་བློ་སྟེ་མཁྱེན་པའི་སྟོབས་དང་།
- Strength of remembering previous states སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་རྣམས་དང་།
- Strength knowing death, migration, and birth དེ་བཞིན་དུ་འཆི་འཕོ་བ་དང་སྐྱེ་བའི་བློ་སྟེ་མཁྱེན་པའི་སྟོབས་དང་།
- Strength knowing the exhaustion of all contamination ཟག་པ་རྣམས་ཟད་པ་མཁྱེན་པའི་སྟོབས་རྣམས་སུ་ཡོད་པའི་ཕྱིར།
སློབ་མ་ཉན་ཐོས་དང་དེ་དང་བཅས་པར་རང་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་ས་ཐོན་པོ་ལ་བཞུགས་པ་རྣམས་ཆོས་ཅན།
ཁྱོད་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཀུན་བརྗོད་པར་མི་ནུས་ཏེ། ཁྱེད་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ནམ་མཁའ་ལྟར་མཐའ་ཡས་པ་རྫོགས་པར་མ་བརྗོད་པར་བརྗོད་པ་ལས་ལྡོག་པར་འགྱུར་ལ། དེ་ལྟར་འགྱུར་བ་ནི་སངས་རྒྱས་ཀྱི་ཡོན་ཏན་ཟད་པས་མ་ཡིན་གྱི་རང་གི་བློའེ་མཐུ་ཟད་ནས་ལྡོག་པར་འགྱུར་བ་ཡིན་པའི་ཕྱིར།
The subject - Learners (i.e. Hearers and Solitary Realisers) and Conqueror Children abiding on higher grounds - they are unable to express all of the Buddha's qualities because they will cease expressing the limitless space-like Buddha qualities without completely expressing them and that ceasing will not be due to having exhausted the Buddha qualities but rather due to having exhausted their mental energy.
དཔེར་ན། འདབ་ཆགས་ནམ་མཁའ་ལ་ཕུར་བ་དེ་གཞི་གནས་ལྡོག་པར་འགྱུར་བ་ནི་ནམ་མཁའ་མེད་པ་སྟེ་ཟད་པ་ལས་ལྡོག་པར་མི་འགྱུར་གྱི།
འདིར་ནི་འདབ་ཆགས་ཀྱི་དབང་པོས་འཕུར་བར་འགྱུར་པ་ལས་རེ་ཞིག་ན་རང་གི་ལུས་ཀྱི་མཐུ་ཟད་པས་ལྡོག་པར་འགྱུར་བ་བཞིན་ནོ།
For example, a bird flying in the sky having to finally turn back: it does not turn back due to the sky having run out of sky, rather, after having flown for a while will turn back due to being physically exhausted.
དགེ་སློང་ཟླ་གྲགས་ཆོས་ཅན། འགྲེལ་པར་མཛད་པ་བདག་འདྲ་བས་ཐུབ་པའི་དབང་པོ་ཁྱོད་ཀྱི་ཡོན་ཏན་འདི་དག་ཅི་སྟེ་མ་ལུས་ལ་ལྟ་ཞོག་ཆ་ཙམ་ཡང་རང་སྟོབས་ཀྱིས་ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ་སྟེ་བརྗོད་མི་ནུས་ཏེ། སངས་རྒྱས་ཀྱི་ཡོན་ཏན་མཐའ་ཡས་ཤིང་ཚད་བཟུང་དུ་མེད་པ་དེའི་ཕྱིར།
The subject - Gelong Candrakirti - how could a commentator such as myself be able to know or express even a small part (let alone the entirety) of the King of Subduer's qualities; I cannot express them because the Buddha's qualities are limitless and beyond measure.
དགེ་སློང་ཟླ་གྲགས་ཆོས་ཅན། སངས་རྒྱས་ཀྱི་ཡོན་ཏན་ཆ་ཙམ་ཡང་རང་སྟོབས་ཀྱིས་མི་ཤེས་མོད་འོན་ཀྱང་དོགས་པ་སྤངས་ཏེ་ཐེ་ཚོམ་མེད་པར་སངས་རྒྱས་ཀྱི་ཡོན་ཏན་ཅུང་ཟད་ཙམ་ཞིག་སྨྲས་པ་ལ་འགལ་བ་མེད་དེ། སངས་རྒྱས་ཀྱི་ཡོན་ཏན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་པ་ལས་རྟོགས་པའི་ཕྱིར།
The subject - Gelong Candrakirti - despite not personally knowing even a small part of the Buddha's qualities, nevertheless, there is no contradiction in expressing just some of the Buddha's qualities without any doubt because those Buddha qualities are understood from Arya Nagarjuna's explanations.
བསྟན་བཅོས་འདིར་བཤད་པའི་ཡོན་ཏན་རྣམས་བསྡུ་ན་ཟབ་རྒྱས་ཀྱི་ཡོན་ཏན་གཉིས་སུ་བསྡུ་སྟེ། ཡོན་ཏན་ཟབ་མོ་ནི་སྟོང་པ་ཉིད་ཀྱི་ཆོས་ཀྱི་སྐུ་དང་།
གཞི་ལམ་གྱི་དེ་ཁོ་ན་ཉིད་ཡིན་ལ་དེ་ལས་གཞན་པ་ས་བཅུའི་ཡོན་ཏན་དང་སྟོབས་ལ་སོགས་པ་རྣམས་ནི་རྒྱ་ཆེ་བའི་ཡོན་ཏན་ཡིན་པའིེ་ཕྱིར།
When summarising the qualities of this treatise, they are subsumed within the two qualities of the profound and the vast because:
- The profound qualities are the emptiness Dharmakaya and the suchness of the basis and path; and
- The vast qualities are other than those, the qualities, strengths, and so forth of the ten grounds.
བསྟན་བཅོས་འདི་ཆོས་ཅན། ཁྱེད་ཀྱིས་དེ་ལྟ་བུའི་ཟབ་པ་དང་རྒྱ་ཆེ་བའི་ཡོན་ཏན་གཉིས་བསྟན་པ་ལ་དགོས་པ་ཡོད་དེ།
དེ་ལ་བརྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་ཚུལ་ཤེས་ནས་བསྒོམ་པས་སངས་རྒྱས་ཀྱི་ཡོན་ཏན་འདིར་གཉིས་པོ་འདི་དག་འཐོབ་པར་འགྱུར་བའི་ཕྱིར།
The subject - this treatise - there is a purpose for it indicating these two qualities of the profound and the vast because in dependence upon that, one will meditate through knowing the modes of the profound and vast paths and thereby will attain these two that are in the context of the Buddha's qualities.
Up a level: Madhyamaka