Presentation of the self as merely dependently designated together with an example (example of the chariot)
ཤེས་བྱ་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཏེ་དམིགས་ཡུལ་དུ་གྱུར་པའི་བདག་དེ་ནི་དངོས་པོ་སྟེ་རང་བཞིན་གྱིས་གྲུབ་པ་མིན་ཏེ།
རིགས་པས་རྣམ་པར་དཔྱད་པ་ན་བདག་གི་དངོས་པོ་རྫས་སུ་མེད་པ་དེའི་ཕྱིར།
The subject - objects of knowledge - the self that is the support, i.e. observed-object, of the innate apprehension of "I" is not a thing, i.e. inherently established, because when it is analysed through reasoning, the thing that is the self does not substantially exist.
དེར་ཐལ། བདག་དེ་རང་གི་གདགས་གཞི་ཕུང་པོ་ལས་ངོ་བོ་གཞན་མ་ཡིན་ལ་ཕུང་པོའི་ངོ་བོ་ཚོགས་པ་དང་ཡ་གྱལ་གང་ཡང་བདག་མ་ཡིན་པ་དང་།
བདག་དེ་ནི་ངོ་བོ་ཉིད་ཀྱིས་ཕུང་པོ་རྣམས་ཀྱི་རྟེན་དུ་བདག་ལ་ཕུང་པོ་ངོ་བོ་ཉིད་ཀྱིས་རྟེན་དུ་ཡོད་པ་མ་ཡིན་ཞིང་
ཕུང་པོ་དེ་རྣམས་དང་ལྡན་པ་ཡང་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར།
That follows because the self is not a different entity from the aggregates (its basis of designation), the entities of the aggregates (collectively or individually) are not the self, the self does not exist as the inherent support of the aggregates, the aggregates do not exist as the inherent support of the self, and the self does not inherently exist as the possessor of the aggregates.
འོ་ན་བདག་རིགས་པས་དཔྱད་པའི་ཚེ་མེད་ན་དེའི་ཡོད་ཚུལ་ཇི་ལྟར་ཡིན་ཞེ་ན།
In that case, if the self is non-existent when analysed by reasoning, how does it exist?
ཤེས་བྱ་ཆོས་ཅན། བདག་འདི་ནི་འདོགས་གཞི་ཕུང་པོ་རྣམས་ལ་རྟེན་ནས་བཏགས་ཙམ་དུ་གྲུབ་པར་འགྱུར་ཏེ། ཡོད་པ་གང་ཞིག དཔྱད་ན་མི་རྙེད་པའི་ཕྱིར།
དཔེར་ན། སྨྱུ་གུ་མཐའ་བཞི་ལས་མི་སྐྱེ་བས་བཏགས་ཡོད་དུ་གྲུབ་པ་བཞིན་ནོ། དཔེ་སྔར་སྒྲུབ་ཟིན།
The subject - objects of knowledge - the self is established as merely designated in dependence upon the aggregates (the basis of designation) because 1) it exists and 2) it is not found when analysed.
For example, just like a sprout is established to be an imputed-existent due to not being produced by way of the four extremes; the example has already been proven.
Related to verse 6.151
ཤེས་བྱ་ཆོས་ཅན། བདག་ཤིང་རྟ་ལྟར་དཔྱད་པའི་ཚེ་མི་རྙེད་དེ། དཔེར་ན།
The subject - objects of knowledge - when analysing the self it is not found, like a chariot, because for example:
-
The chariot is not asserted as a different substance from its parts
ཤིང་རྟ་དེ་རང་གི་ཡན་ལག་ལས་རྫས་གཞན་དུ་འདོད་པ་མ་ཡིན་ལ། -
It is also not established as one (i.e. not different) གཞན་མིན་པ་གཅིག་ཏུ་གྲུབ་པ་ཡང་མ་ཡིན།
-
The chariot is not the inherent possessor of its parts
ཤིང་རྟ་དེ་རང་གི་ཡན་ལག་དང་ངོ་བོ་ཉིད་ཀྱིས་ལྡན་པ་ཡང་མ་ཡིན་ཞིང་། -
The chariot is not inherently dependent out upon its parts
ཤིང་རྟ་དེ་རང་གི་ཡན་ལག་ལ་ཕར་ངོ་བོ་ཉེད་ཀྱིས་བརྟེན་པ་ཡང་མ་ཡིན། -
The parts are also not inherently dependent in upon the chariot
ཡན་ལག་དག་ཤིང་རྟ་དེར་ཚུར་ངོ་བོ་ཉེད་ཀྱིས་བརྟེན་པ་ཡང་མ་ཡིན། -
The mere collection of parts is not the chariot ཡན་ལག་འདུས་པ་ཙམ་ཡང་ཤིང་རྟ་མ་ཡིན།
-
The mere shape of the parts is also not the chariot ཡན་ལག་གིེ་དབྱིེབས་ཙམ་ཡང་ཤིང་རྟ་མ་ཡིན་པས།
ཤིང་རྟ་དཔྱད་ན་མི་རྙེད་པ་ཇི་ལྟ་བ་བཞིན་དུ་བདག་ཕུང་གཉིས་ལ་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར།
Therefore, if analysing the chariot it is not found; similarly, it should be understood in relation to the self and aggregates.
Sevenfold analysis of the chariot (Jangkya)
དེ་ལ་ཁོ་ན་རེ། ཁྱོད་ལྟར་ན་འཇིག་རྟེན་ན་ཤིང་རྟའི་ཐ་སྙད་དོན་མཐུན་རྒྱུན་ཆད་པར་འགྱུར་བར་ཐལ། ཤིང་རྟའི་ཐ་སྙད་འདོགས་པའི་གཞི་མེད་པའི་ཕྱིར་ཏེ།
ཤིང་རྟ་རྣམ་པ་བདུན་གྱི་རིགས་པས་བཙལ་བ་ན་མེད་པའི་ཕྱིར་ཞེ་ན།
Objection: It follows that according to you [i.e. Prasangika], the factually concordant term "chariot" would be discontinued in the world because the basis for designating the term "chariot" does not exist; because the chariot does not exist when sought using the sevenfold-reasoning.
དབུ་མ་པ་ཆོས་ཅན། ཁྱོད་ཀྱི་ལུགས་ལ་ཤིང་རྟ་ལ་བརྟེན་པའི་ཐ་སྙད་རྒྱུན་ཆད་པའི་ཉེས་པ་མེད་དེ།
ཤིང་རྟ་དེ་ནི་དེ་ཉིད་དོན་དམ་དུའམ་འཇིག་རྟེན་ཀུན་རྫོབ་ཏུ་རྣམ་པ་བདུན་གྱི་རིགས་པས་བཙལ་བའི་ཚེ་གྲུབ་པར་འགྱུར་བ་མ་ཡིན་མོད་ཀྱིེ།
དེ་ལྟ་ནའང་བརྟགས་དོན་བཙལ་བའི་རྣམ་པར་དཔྱད་པ་མེད་པ་འཇིག་རྟེན་གྱི་ཐ་སྙད་ཉིད་ལས་ཤིང་རྟའི་སྐབས་འདིར་རང་གི་ཡན་ལག་འཕང་ལོ་དང་གཟེར་བུ་སོགས་ལ་བརྟེན་ནས་ཤིང་རྟའི་ཐ་སྙད་འདོགས་པ་ཡིན་པའི་ཕྱིར།
Response: The subject - Madhyamikas - there is no fault that in their system the term referring to "chariot" would be discontinued because although the chariot will not be established ultimately or in worldly-conventions when sought using the sevenfold-reasoning, nevertheless, through the worldly-terminology of "chariot" (that does not analyse and seek the designated-object) the term "chariot" is designated in dependence upon its parts (the wheel, nails, and so forth).
གང་ཟག་གི་བདག་འགོག་པའི་རིགས་པའི་གཙོ་བོ་ནི། འཇུག་པ་ལས།
དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི།
རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་ནི། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། ཞེས་
(ILTK IntDef:) The main reasoning for refuting the self of persons is as stated in the Supplement:
That, in suchness or in the world, is not established through the seven ways;
However, without analysis, just through the world, it is designated in dependence upon its parts. [6.158]
ཤིང་རྟ་རང་གི་ཡན་ལག་དང་གཅིག་དང་ཐ་དད་དང་ལྡན་པ་དང་ཕན་ཚུན་བརྟེན་པའི་ཚུལ་གཉིས་དང་ཚོགས་ཙམ་དང་ཚོགས༌པའི་དབྱིབས་ཏེ་བདུན་དུ་བཙལ་བས་
མི་རྙེད་ཀྱང༌། རང་གི་ཡན་ལག་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་དུ་འཇོག་པ་བཞིན་དུ་གང་ཟག་ཀྱང་འཇོག་པར་གསུངས་ལ།
The Supplement indicates that although the chariot is not found through seeking it in the seven ways - as one with its parts, as different from those, and their possessor, as support and supported, as the mere collection, and as the shape of the collection - it is posited as an imputed-existent designated in dependence upon its parts; the person is similarly posited.
དེ་ཉིད་ཟབ་མོའི་ལྟ་བ་བདེ་བླག་ཏུ་རྙེད་པའི་ཐབས་སུ་གསུངས་པས་དེའི་རིགས་པ་རྣམས་ནི་གང་ཟག་གི་བདག་འགོག་པའི་རིགས་པའི་གཙོ་བོར་ཤེས་པར་བྱ་སྟེ།
Since it is said that that is the method for easily finding the profound view, it should be understood that those reasonings are the main reasoning for refuting the self of persons.
འཇུག་པ་ལས།
རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད།
དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། ཞེས་གསུངས་ཏེ།
The Supplement says:
That which is non-existent in the seven ways, how can it be said to exist? Yogis do not find its existence
And they also easily engage in suchness; therefore, in this context, its establishment should be asserted as such. [6.160]
ཐོག་མར་གང་ཟག་ལ་རྣམ་པ་བདུན་དུ་བཙལ་ན་མི་རྙེད་པ་དང་རང་གི་ཕུང་པོ་ལ་བརྟེན་ནས་འདོགས་པ་འདི་གོ་སླ་བས་འཁྲིད་པའི་རིམ་པ་ཡང་དེ་བཞིན་ནོ།
Initially, not finding the person if sought in the seven ways is easier to understand than it being designated in dependence upon its aggregates; therefore, the order of guidance is as such.
འདི་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་གོ
Moreover, since not finding the person to be those seven due to being designated in dependence upon the aggregates is the meaning of the selflessness of persons, it also connects with the reasoning of dependent-arising.
དེ་ལྟར་ན་བརྟེན་ནས་སྐྱེ་བ་དང་བརྟེན་ནས་བཏགས་པའི་གཏན་ཚིགས་ཀྱིས་རང་ལས་སྐྱེ་བ་ལ་སོགས་པ་བཞི་དང་རང་བཞིན་གཅིག་ཐ་དད་ལ་སོགས་པ་བདུན་
ཆོས་དང་གང་ཟག་ལ་འགོག་པ་འདི་ཉིད་རིགས་པ་རྣམས་ཀྱི་དོན་པོར་ཟུངས་ཤིག
As such, using the reasons of "dependent production" and "dependent designation" to refute the four extremes (production from self and so forth) and the seven ways (being one or different entities, and so forth) wrt to phenomena and persons should be held as the most important reasonings!
ཤེས་བྱ་ཆོས་ཅན། དབུ་མ་པའི་ལུགས་ལ་ཁྱད་གཞི་ཤིང་རྟ་རྟེན་ནས་བཏགས་པ་ཙམ་དུ་གྲུབ་པ་མ་ཟད།
ཤིང་རྟ་དེ་ཉིད་ཡན་ལག་ཅན་དུ་འཇོག་པའི་མིང་གི་ཁྱད་པར་གཞན་རྣམས་ཀྱང་བརྟགས་དོན་བཙལ་ན་མེད་ཀྱང་འཇིེག་རྟེན་ལ་གྲགས་པའི་སྒོ་ནས་ཁས་བླང་བར་བྱ་སྟེ།
ཤིང་རྟ་དེ་ཉིད་འཕང་ལོ་སོགས་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་དེ་རང་གི་ཆ་ཤས་ཅན་དང་། ཤིང་རྟ་དེ་ཉིད་རང་གི་ཉེ་བར་བླང་བྱ་ལེན་པའི་བྱ་བ་ལ་ལྟོས་ནས་བྱེད་པ་པོ་ཞེས་འགྲོ་བ་ལ་བསྙད་པ་དང་། འཕང་ལོ་སོགས་རང་གི་ཉེ་བར་ལེན་པ་ལ་ལྟོས་ནས་སྐྱེ་བོ་རྣམས་ལ་ཉེ་བར་ལེན་པ་པོ་ཉིད་དུ་གྲུབ་པའི་ཕྱིར།
The subject - objects of knowledge - in the Madhyamaka system, not only is the chariot (the attribute-basis) established as merely dependently designated, also other nominal attributes for positing the chariot as a part-possessor do not exist when seeking the designated-object but are asserted by way of worldly-renown because that chariot is described as:
- A part-possessor and a component-possessor in relation to its parts (the wheels and so forth),
- An agent in relation to its activity of appropriating its appropriated, and
- An appropriator in relation to its appropriated (the wheels and so forth).
དེ་ལ་དངོས་སྨྲ་བ་རྣམས་ན་རེ། ཡན་ལག་ཚོགས་པ་ཙམ་ཡན་ལག་ཅན་ཡིན་གྱི་ཆོགས་ཙམ་མིན་པའི་ཡན་ལག་ཅན་ནིེ་མེད་དེ།
ཚོགས་པ་ལས་ངོ་བོ་ཐ་དད་པའི་ཡན་ལག་ཅན་མ་དམིགས་པའི་ཕྱིར་ཞེ་ན།
The Proponents of Things object: The mere collection of the parts is the part-possessor; a part-possessor that is not the mere collection does not exist because a part-possessor that is a different entity from the collection is not observed.
དངོས་སྨྲ་བ་ཁྱོད་ལ་ཁོ་བོས་འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་ཀུན་རྫོབ་ཤིང་རྟ་སོགས་མ་བརླག་ཅིག་ཅེས་བཟློག་སྟེ་སྨྲ་བར་བྱ་དགོས་པར་ཐལ།
ཤིང་རྟའི་ཡན་ལག་རེ་རེ་བ་དང་ཚོགས་པ་གང་ཡང་མ་ཡིན། དེ་ལས་དོན་གཞན་པའི་ཤིང་རྟ་ཡང་མེད་པ་གང་ཞིག
རང་གི་གདགས་གཞི་ལ་བཏགས་པ་ཙམ་གྱི་ཤིང་རྟ་ནི་ཁྱོད་ཀྱིས་འཇོག་མི་ཤེས་པའི་ཕྱིར། རྟགས་སྒྲུབ་ཟིན།
Response: It follows that it is necessary to tell you, Proponents of Things, to not destroy conventionalities (such as the chariot and so forth) that are established and renown in the world because 1) [the chariot] is not the individual parts of the chariot nor their collection and a chariot that is a separate object from those does not exist and 2) you do not know how to posit a chariot that is merely designated in dependence upon its basis of designation. The reason has already been proven.
Up a level: Refuting the inherent establishment of I and Mine (Gomde)