Presentation of the three times (Disintegratedness) (Jetsunpa)
དངོས་པོ་གཞན་ཞིག་སྐྱེས་ཟིན་ཞིག་པའི་ཆ། འདས་པའི་མཚན་ཉིད།
Definition of past: The factor of another thing having already arisen and disintegrated.
དངོས་པོ་གཞན་ཞིག་རང་ཉིད་སྐྱེ་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བའི་དབང་གིས་རེ་ཤིག་མི་སྐྱེ་བའི་ཆ། མ་འོངས་པའི་མཚན་ཉིད།
Definition of future: The factor of another thing not being produced for now due to incomplete conditions, despite the cause that is its producer existing.
སྐྱེས་ལ་མ་འགགས་པ་ཡིན་པ་གང་ཞིག །རང་ཉིད་ཀྱི་དོན་སྤྱི་འཆར་བ་འདས་པའི་དོན་སྤྱི་འཆར་བ་དང་མ་འོངས་པའི་དོན་སྤྱི་འཆར་བ་ལ་མི་ལྟོས་པ།
ད་ལྟར་བའི་མཚན་ཉིད།
Definition of present:
- That which is produced and has not ceased; and
- The appearance of its meaning-generality does not depend upon the appearance of its past meaning generality or the appearance of its future meaning-generality.
All three are functioning things but:
- Past and future are implicative negations
- Present is a positive phenomenon
Disintegratedness is a functioning thing and an implicative negation:
- Object of negation: sprout
- Conveyed-object (implicit): the production of the disintegrated sprout / that the disintegrated sprout has arisen in dependence upon the sprout
མྱུ་གུ་ཞིག་པའི་སྒྲས་མྱུ་གུ་ཞིག་པ་མྱུ་གུ་ལ་བརྟེན་ནས་བྱུང་བ་འཕེན། མྱུ་གུ་མ་འོངས་པའི་སྒྲས་མྱུ་གུ་མ་འོངས་པ་ལ་མྱུ་གུ་སྐྱེ་བའི་རྐྱེན་མ་ཚང་བས་
རེ་ཞིག་མ་སྐྱེས་ལ་རྐྱེན་ཚང་ན་སྐྱེ་བ་འཕེན་པའི་ཕྱིར།
JS: The words "disintegrated sprout" convey that the disintegrated sprout arose in dependence upon the sprout and the words "future sprout" convey that the future sprout has incomplete conditions for the production of the sprout and therefore is temporarily not produced but will be produced if the conditions are complete.
མྱུ་གུའི་ཞིག་པ་ལྟ་བུ་མྱུ་གུའི་ངོ་བོ་སྔར་ཡོད་ལོག་ཙམ་གྱི་མེད་དགག་མ་ཡིན་པར་མེད་དགག་དེ་ཉིད་གདགས་གཞིར་བྱས་ནས་མྱུ་གུའི་ཞིག་པ་ཞེས་པའི་དངོས་པོ་ཅིག་
མིང་གི་ཕར་བཏགས་ནས་འཇོག་པ་དང༌། དངོས་པོ་དེ་དག་ཀྱང་མྱུ་གུའི་འཇིག་རྒྱུར་གང་སོང་བའི་རྒྱུ་རྐྱེན་གྱིས་བསྐྱེད་པའི་དངོས་པོར་གྲུབ་པའི་ཕྱིར།
Panchen: For example, the disintegratedness of the sprout is not a non-implicative negation that is the mere negation of the previously existent sprout; rather, that non-implicative negation is taken as a basis of designation and it is posited as a functioning thing through designating it with the name "disintegratedness of sprout". Such functioning things are established as functioning things that are produced by the causes and conditions that are the sprout's cause of disintegration.
Presentation of the three times - Lower Schools (Tendarwa)
Presentation of the three times - Prasangika (Tendarwa)
See also: Presentation of the three times (Perfection of Wisdom)
འདས་པ་དངོས་པོ་ཡིན་ཏེ། ས་བཅུ་པའི་མདོ་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་སྟེ། ཞེས་ཤི་བ་དེ་རང་གི་རྒྱུར་གྱུར་པའི་སྐྱེ་བ་ལས་བྱུང་བར་བཤད་པ་གང་ཞིག
ཤི་བ་དེ་སེམས་ཅན་གང་ཤི་བའི་ཞིག་པར་འཇོག་པའི་ཕྱིར།
The past is a thing because 1) the Sutra on the Ten Grounds says "Through the condition of birth, ageing and death;" explaining that death arises from birth that is its cause and 2) death is posited as the disintegration of the dead sentient being.
Therefore: དེས་ན་
- Although fire is past at the time of smoke, it is not past མེ་དུ་བའི་དུས་སུ་འདས་པ་ཡིན་ཡང་། འདས་པ་མ་ཡིན།
- Although the disintegration of a sprout is a disintegration, it has not disintegrated; although it is past during the time of that, it does not pass during its time
མྱུ་གུ་ཞིག་པ་ཞིག་པ་ཡིན་ཡང་མ་ཞིག །དེ་རང་དུས་སུ་འདས་པ་ཡིན་ཡང་། རང་དུས་སུ་མ་འདས། - The ceasing of an ordinary being's life-force is the illustration of death
ཐ་མལ་པ་སྲོག་དབང་འགགས་པ་ཤི་བའི་མཚན་གཞི་ཡིན།
བུམ་པ་འཇིག་པ་ལ་རྒྱུ་མེད་པར་ཐལ། བུམ་པ་ཞིག་པ་ལ་རྒྱུ་མེད་པའི་ཕྱིར་ཏེ། བུམ་པ་ཞིག་པ་དངོས་པོར་མེད་པའི་ཕྱིར། རྟགས་ཁས།
It follows that a disintegrating pot is causeless because a disintegrated pot is causeless; because a disintegrated pot does not exist as a thing. You asserted the reason.
འདོད་ན། བུམ་པ་ཞིག་པ་དེ་རྒྱུ་མེད་དུ་འབྱུང་བར་ཐལ་ལོ།
If accepted: It follows that a disintegrated pot arises causelessly!
འདོད་ན། བུམ་པ་འཇིག་པ་མ་ཡིན་པར་ཐལ་ལོ།
If accepted: It follows that pot is not disintegrating!
འདོད་ན། བུམ་པ་འདུས་བྱས་མ་ཡིན་པར་ཐལ་ལོ།
If accepted: It follows that pot is not a compounded phenomenon!
དགེ་བའི་ལས་ཀྱི་ཞིག་པ་དེ། རང་འབྲས་རྣམ་སྨིན་ཡིད་འོང་འབྱིན་བྱེད་ཡིན།
The disintegratedness of a virtuous action is the inducer of its resultant pleasant fruition.
མི་དགེ་བའི་ལས་ཀྱི་ཞིག་པ་དེ། རང་འབྲས་རྣམ་སྨིན་ཡིད་མི་འོང་འབྱིན་བྱེད་ཡིན།
The disintegratedness of a non-virtuous action is the inducer of its resulted unpleasant fruition.
དེ་གཉིས་ཆོས་ཅན། ད་ལྟར་བ་ཡིན་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།
If: The subject - those two - it follows that they are present because of asserting as such. No pervasion.
ཁོ་ན་རེ། སངས་འཕགས་ཀྱི་རྒྱུད་ལ་མི་དགེ་བ་ཡོད་པར་ཐལ།
དེའི་རྒྱུད་ལ་མི་དགེ་བའི་ལས་ཀྱི་ཞིག་པ་ཡོད་པ་གང་ཞིག མི་དགེ་བའི་ལས་ཀྱི་ཞིག་པ་མི་དགེ་བ་ཡིན་པའི་ཕྱིར།
Someone says: It follows that non-virtue exists in the continua of Arya Buddhas because 1) the disintegratedness of a non-virtuous actions exist in their continua and 2) the disintegratedness of a non-virtuous actions is non-virtue.
དང་པོ་དེར་ཐལ། དེའི་རྒྱུད་ལ་མི་དགེ་བའི་ལས་ཞིག་པ་ཡིན་པའི་ཕྱིར་ཏེ། དེའི་རྒྱུད་ལ་དེ་འགགས་པ་ཡིན་པའི་ཕྱིར།
The first follows because non-virtuous actions that have disintegrated exist in their continua; because those have ceased in their continua.
དུ་བའི་དུས་སུ་བུད་ཤིང་འགགས་པར་ཐལ། སངས་འཕགས་ཀྱི་རྒྱུད་ལ་མི་དགེ་བ་འགགས་པ་ཡིན་པའི་ཕྱིར།
Response: It follows that kindling has ceased at the time of smoke because non-virtue has ceased in the continua of Arya Buddhas.
འདོད་ན། དུ་བའི་དུས་སུ་མེ་སྐྱེས་པར་ཐལ། འདོད་པ་གང་ཞིག བུད་ཤིང་འགགས་པ་དང་མེ་སྐྱེས་པ་དུས་མཉམ་པའི་ཕྱིར།
If accepted: It follows that fire has been produced at the time of smoke because 1) the above was accepted and 2) the cessation of kindling and the production of fire are simultaneous.
འདོད་ན། དུ་བའི་དུས་སུ་མེ་ཡོད་པར་ཐལ། འདོད་པའི་ཕྱིར།
If accepted: It follows that fire exists at the time of smoke because the above was accepted.
སངས་འཕགས་ཀྱི་རྒྱུད་ལ་མི་དགེ་བའི་ལས་ཀྱི་ཞིག་པ་མེད་པར་ཐལ། མི་དགེ་བའི་ལས་ཀྱི་ཞིག་པ་དེ་མི་དགེ་བའི་ལས་ཀྱི་སྐད་ཅིག་གཉིས་པ་ན་ཡོད་ཀྱི།
དེ་ཕྱིན་ཆད་ན་མེད་པའི་ཕྱིར། ཞེས་ལན་འདེབས་པའམ།
It follows that the disintegratedness of non-virtuous actions do not exist in the continue of Arya Buddhas because the disintegratedness of non-virtuous actions exists during the moment subsequent to the non-virtuous action but do not exist after that.
དགེ་བའི་ལས་ཀྱི་ཞིག་པ་དང་། མི་དགེ་བའི་ལས་ཀྱི་ཞིག་པ་རྣམས་རིམ་པ་བཞིན་དུ་དགེ་བ་དང་མི་དགེ་བར་གསུངས་པའི་དོན་ནི།
རང་འབྲས་རྣམ་སྨིན་ཕྱུང་མ་ཟིན་པའི་དགེ་བའི་ལས་ཀྱི་ཞིག་པ་དེ་དགེ་བ་དང་། དེ་འདྲའི་མི་དགེ་བའི་ལས་ཀྱི་ཞིག་པ་མི་དགེ་བར་གསུངས་པ་ཡིན་གྱི།
དགེ་མི་དགེའི་ལས་ཀྱི་ཞིག་པ་གང་ཡིན་ཐམས་ཅད་དགེ་བ་དང་མི་དགེ་བར་མི་འཇོག་པའི་ཕྱིར།
Alternatively, the meaning of indicating that the disintegratedness of virtuous actions and the disintegratedness of non-virtuous actions are virtue and non-virtue, respectively, is:
- The disintegratedness of virtuous actions that have not already induced their resultant fruitions are virtue;
- The disintegratedness of such non-virtuous actions are non-virtue;
- Not everything that is the disintegratedness of virtuous and non-virtuous actions is posited as virtue and non-virtue.
ཁོ་ན་རེ། ཁོང་ཁྲོས་དགེ་རྩ་བཅོམ་པའི་གང་ཟག་གི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་རྩ་ཡོད་པར་ཐལ།
དེའི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་བའི་ལས་ཀྱི་ཞིག་པ་ཡོད་པ་གང་ཞིག དགེ་བའི་ལས་ཀྱི་ཞིག་པ་དགེ་བ་ཡིན་པའི་ཕྱིར།
Someone says: It follows that root virtues that have been destroyed by anger exist in the continuum of a person whose anger has destroyed root virtues because 1) the disintegratedness of the virtuous actions that have been destroyed by anger exists in their continuum and 2) the disintegratedness of the virtuous actions is virtue.
དང་པོ་གྲུབ་སྟེ། དེའི་རྒྱུད་ལ་ཁོང་ཁྲོས་དགེ་རྩ་བཅོམ་པ་དང་། དེའི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་བའི་ལས་ཞིག་པ་དུས་མཉམ་པའི་ཕྱིར།
The first is established because the destruction of root virtues by anger in their continuum and the disintegration of virtuous actions that are destroyed by anger in their continuum are simultaneous.
ཁོང་ཁྲོས་དགེ་རྩ་བཅོམ་པའི་གང་ཟག་གི་རྒྱུད་ལ་ཁོང་ཁྲོའི་གཞོམ་བྱར་གྱུར་པའི་དགེ་བ་ཡོད་དེ།
ཁོང་ཁྲོས་དགེ་རྩ་གཏན་མེད་དུ་བྱས་པ་ཁོང་ཁྲོས་དགེ་རྩ་བཅོམ་པའི་དོན་དུ་མི་རིགས་པའི་ཕྱིར།
Response: Virtues that have been destroyed by anger in the continuum of a person whose anger has destroyed root virtues exist because the meaning of anger destroying root virtues is not that anger makes root virtuous completely non-existent.
ཁོང་ཁྲོས་དགེ་རྩའི་རང་འབྲས་རྣམ་སྨིན་འབྱིན་པའི་ནུས་པ་ལ་གནོད་པ་བྱས་པ་དེ་ཁོང་ཁྲོས་དགེ་རྩ་བཅོམ་པའི་དོན་ཡིན་པའི་ཕྱིར།
This is because the meaning of anger destroying root virtues is that anger harms root virtues' ability to issue forth their resultant fruitions.
Up a level: Madhyamaka