Presentation of the three times - Lower Schools (Tendarwa)

བྱེ་བྲག་ཏུ་སྨྲ་བ་རྣམས་མྱུ་གུ་ལ་སོགས་པ་རེ་རེ་ཡང་དུས་གསུམ་དུ་འཇོག་པས། མྱུ་གུ་དེ་རང་གི་འདས་མ་འོངས་ཀྱི་དུས་སུ་ཡོད་པར་འདོད་དོ།
Since Vaibhashikas posit sprouts and so forth in each of the three times, they assert that the sprout exists at the time of its past and future.

དེ་ཡང་བཙུན་པ་ཆོས་སྐྱོབ་ནི། མྱུ་གུ་མ་འོངས་པ་ནས་ད་ལྟར་བ་དང༌། ད་ལྟར་བ་ནས་འདས་པར་འཇུག་པ་ན། དངོས་པོ་འགྱུར་བ་ཡིན་ལ་རྫས་འགྱུར་བ་མ་ཡིན་ཏེ།
དཔེར་ན། གསེར་གྱི་སྣོད་གཅིག་རྒྱན་གཞན་དུ་གྱུར་པའི་ཚེ། དངོས་པོ་འགྱུར་བ་ཡིན་གྱི་རྫས་འགྱུར་བ་མ་ཡིན་པའི་ཕྱིར།
According to Dharmatrāta: When the sprout goes from past to present and from present to future, the thing transforms but the substance does not transform. This is because, for example, when a golden vessel is made into another ornament, the thing transforms but the substance does not transform.

ལུགས་དང་པོ་མི་འཐད་དེ། མྱུ་གུ་ལྟ་བུའི་དངོས་པོ་རྣམས་དུས་གསུམ་དུ་འཇོག་པ་དེའི་ཚེ་ན། དངོས་པོ་འགྱུར་ཞིང་རྫས་མི་འགྱུར་བར་འདོད་པ་ནི།
གྲངས་ཅན་གྱིས་དངོས་པོ་རྣམས་རང་བཞིན་གཅིག་ལ་རྣམ་འགྱུར་ཐ་དད་དུ་འདོད་པ་དང་མཚུངས་པའི་ཕྱིར།
This is incorrect because positing things (sprouts and so forth) in the three times and asserting that the things change but their substance does not change is the same as the Samkhya asserting that things are of a single nature but different manifestations.

བཙུན་པ་དབྱངས་སྒྲོགས་ནི། མྱུ་གུ་ལྟ་བུའི་དུས་རེ་རེ་ཡང་དུས་གསུམ་གའི་མཚན་ཉིད་དང་ལྡན་མོད་ཀྱང༌། གང་ཤས་ཆེ་བ་དེའི་སྒོ་ནས་འདས་པ་ལ་སོགས་པར་འཇོག་སྟེ། དཔེར་ན། སྐྱེས་བུ་ཞིག་བུད་མེད་གཅིག་ལ་ཆགས་པ་ཤས་ཆེ་བར་གྱུར་པའི་ཚེ། བུད་མེད་གཞན་ལ་ཆགས་བྲལ་མ་བྱས་པ་ལྟ་བུ་ཡིན་པའི་ཕྱིར་ཞེས་ཟེར་རོ།
According to Ghoṣaka: Although each time of the sprout (for example) possesses the characteristics of all three times, it is posited as past and so forth by way of whichever is greatest. This is because, for example, when a man has become greatly attached to a particular woman, it does not make him free from attachment for other women.

ལུགས་གཉིས་པ་མི་འཐད་དེ། དུས་གསུམ་རེ་རེ་ཡང་དུས་གསུམ་གྱི་མཚན་ཉིད་དང་ལྡན་ན། དུས་གསུམ་འཆོལ་བར་འགྱུར་བའི་ཕྱིར།
This is incorrect because if each of the three times possessed the characteristics of the three times, then the three times would become mixed up.

བཙུན་པ་དབྱིག་བཤེས་ནི། མྱུ་གུ་ལ་སོགས་པའི་དངོས་པོ་གཅིག་ཉིད་ཀྱང་མ་འོངས་པ་ལ་སོགས་པའི་གནས་སྐབས་སོ་སོར་ཕྱིན་པ་ན་མ་འོངས་པ་ལ་སོགས་པར་
འཇོག་སྟེ། རིལ་བུ་གཅིག་གཅིག་དང་བརྒྱ་དང་སྟོང་གི་ཤོ་མིག་ཏུ་རིམ་གྱིས་བཞག་པ་ན། གཅིག་དང་བརྒྱ་དང་སྟོང་གི་ཐ་སྙད་བྱེད་པ་བཞིན་ནོ། །ཞེས་ཟེར་རོ།
According to Vasumitra: Although sprouts and so forth are just singular things, when they have proceeded to their individual states (future and so forth) then they are posited as future and so forth. This just like when a single dice lands on the sides signifying 1, 100, or 1000, then it is called 1, 100, or 1000.

ལུགས་གསུམ་པ་ཡང་མི་འཐད་དེ། དེ་ལྟར་ན་མྱུ་གུ་ལྟ་བུའི་དངོས་པོ་རྣམས། རང་གི་འདས་མ་འོངས་ཀྱི་བྱ་བ་རྣམས་དང་ངོ་བོ་ཐ་དད་ཡིན་ནམ། ངོ་བོ་གཅིག་ཡིན།
དང་པོ་ལྟར་ན། དེ་དངོས་པོ་མ་ཡིན་པར་ཐལ། དེ་རང་གི་འདས་མ་འོངས་ཀྱི་བྱ་བ་དང་ངོ་བོ་ཐ་དད་ཡིན་པའི་ཕྱིར།
གཉིས་པ་ལྟར་ན། མྱུ་གུ་ལྟ་བུའི་དངོས་པོ་རྣམས་རང་གི་འདས་མ་འོངས་ཀྱི་བྱ་བ་བྱེད་མི་བྱེད་ཀྱི་ཁྱད་པར་མེད་པར་ཐལ། དེ་དེ་དང་ངོ་བོ་གཅིག་ཡིན་པའི་ཕྱིར།
This is incorrect because in that case, are things (sprouts for example) of different or same entity with the processes of their past and future?
In the first case: It follows that those are not things because of being different entities from the processes of their past and future.
In the second case: It follows that there is no difference in whether or not the processes of the past and future of things (sprouts for example) function because they are same entity with those.

བཙུན་པ་སངས་རྒྱས་ལྷ་ནི། བུད་མེད་གཅིག་ཉིད་རང་གི་མ་ལ་བལྟོས་ནས་བུ་མོ་དང༌། རང་གི་བུ་མོ་ལ་བལྟོས་ནས་མར་འཇོག་པ་དེ་བཞིན་དུ།
དངོས་པོ་གཅིག་ཉིད་ཀྱང་རང་གི་སྐད་ཅིག་སྔ་མ་ལ་བལྟོས་ནས་མ་འོངས་པ་དང༌། ཕྱི་མ་ལ་བལྟོས་ནས་འདས་པར་འཇོག་གོ་ཞེས་ཟེར་རོ།
According to Buddhadeva: Similarly to have a single woman is posited as a daughter in relation to her mother and as a mother in relation to her daughter, a single thing is posited as future in relation to its previous moment and as past in relation to its latter moment.

ལུགས་བཞི་པ་མི་འཐད་དེ། དེ་ལྟར་ན་མ་འོངས་པ་དེ་རང་གི་སྐད་ཅིག་སྔ་མ་ལ་བལྟོས་ཏེ་མ་འོངས་པ་དང༌།
ཕྱི་མ་ལ་བལྟོས་ཏེ་འདས་པ་ཡིན་དགོས་པས་དུས་གསུམ་ཐུག་མེད་དུ་འགྱུར་བའི་ཕྱིར།
This is incorrect because in that case, the future would necessarily be the future in relation to its previous moment and the past in relation to its later moment, and therefore the three times would never converge.

གཞན་ཡང༌། དེ་ཐམས་ཅད་མི་འཐད་པར་ཐལ། མྱུ་གུ་རང་གི་དུས་གསུམ་གའི་དུས་སུ་ཡོད་ན།
མྱུ་གུ་མ་འོངས་པ་ད་ལྟར་བ་འདས་པ་ཞེས་པའི་ཐ་སྙད་མི་འཐད་པའི་སྐྱོན་ཡོད་པའི་ཕྱིར།
Moreover, all the above are incorrect because if the sprout exists in all of its three times, then there would be the fault that the conventions of "future, present, and past" wrt the sprout would be incorrect.


མདོ་སྡེ་པ་ཡན་ཆད་ཀྱིས་མ་འོངས་པ་སོགས་ཀྱི་མཚན་གཞི་འདོད་ཚུལ་གྱི་ཁྱད་པར་ཡོད་དེ།
The Sautrantika and above have a different way of asserting the illustrations of future and so forth because:


Up a level: Presentation of the three times (Disintegratedness) (Jetsunpa)