Presentation of the three times - Prasangika (Tendarwa)
རང་ཉིད་དུས་གང་དུ་འཇོག་པའི་དངོས་པོ་གང་གི་རང་དུས་ལ་བལྟོས་ནས་བཞག་དགོས་པའི་བལྟོས་སར་གྱུར་པའི་དངོས་པ་དེ་རང་དུས་སུ་མ་སླེབས་པ།
མ་འོངས་པའི་མཚན་ཉིད།
Definition of future: The non-arriving at its time of the thing that is a thing being posited in relation to its time.
རང་ཉིད་དུས་གང་དུ་འཇོག་པའི་དངོས་པོ་གང་གི་རང་དུས་ལ་བལྟོས་ནས་བཞག་དགོས་པའི་བལྟོས་སར་གྱུར་པའི་དངོས་པོ་དེ་རང་དུས་སུ་ཐལ་ཟིན་པའི་ཆ།
འདས་པའི་མཚན་ཉིད།
Definition of past: The factor of having already gone at its time of the thing that is a thing being posited in relation to its time.
སྐྱེ་ལ་མ་འགག་པ་གང་ཞིག །རང་ཉིད་ཀྱི་སྤྱི་འཆར་བ་ལ་རང་གི་འདས་མ་འོངས་གང་རུང་གི་སྤྱི་འཆར་བ་ལ་བལྟོས་མི་དགོས་པའི་ཆོས། ད་ལྟ་བའི་མཚན་ཉིད།
Definition of present: A phenomenon that is:
- Produced and not ceased; and
- Does not necessarily depend upon the dawning of the generalities of either its past or future in order for its generality to dawn.
བྱེ་བྲག་ཏུ་སྨྲ་བ་དང༌། ཐལ་འགྱུར་བ་གཉིས་དུས་གསུམ་དངོས་པོར་འདོད་པ་མཚུངས་ཀྱང་རྣམ་པ་ཐམས་ཅད་དུ་མི་མཚུངས་སྟེ།
བྱེ་བྲག་ཏུ་སྨྲ་བས་མྱུ་གུ་ལྟ་བུའི་དངོས་པོ་རྣམས་རང་གི་དུས་གསུམ་གའི་གནས་སྐབས་སུ་ཡོད་པར་འདོད། ཐལ་འགྱུར་བས་དེ་ལྟར་མི་འདོད་པའི་ཕྱིར།
Vaibhashika and Prasangika both assert the three times as things; however, their assertions are not totally similar because Vaibhashika assert that things (sprouts for example) exist on the occasion of all three of their times, whereas Prasangika does not assert as such.
དབུ་མ་ཐལ་འགྱུར་བས་འདས་མ་འོངས་གཙོ་བོ་མ་ཡིན་ཞིང༌། ད་ལྟ་བ་གཙོ་བོར་འདོད་པ་ཡིན།
Prasangika asserts that past and future are not principal; the present is principal.
མྱུ་གུ་ལྟ་བུ་ལ་མཚོན་ན་སྤྱིར་མྱུ་གུ་སྐྱེ་བའི་རྒྱུ་ཡོད་ཀྱང༌།
དགུན་དུས་ཀྱི་ཞིང་ལྟ་བུ་རེ་ཞིག་རྐྱེན་མ་ཚང་བའི་དབང་གིས་ཡུལ་དུས་དེར་མྱུ་གུ་མ་སྐྱེས་པའི་མ་ཡིན་དགག་གི་ཆ། མྱུ་གུའི་མ་འོངས་པ་དང༌།
Illustration of future of sprout: The factor (implicative negation) of the non-production of sprout in a particular time and place (such as a field in winter), despite the existence of the cause for the production of sprout in general, due to the force of temporarily incomplete conditions.
མྱུ་གུའི་ངོ་བོར་སྐྱེས་པའི་དངོས་པོ། དེའི་ད་ལྟ་བ་དང༌།
Illustration of the present of sprout: A thing that has been produced in the entity of a sprout.
དེ་རང་གྲུབ་དུས་ཀྱི་སྐད་ཅིག་གཉིས་པའི་དུས་སུ་ཞིག་པའི་ཆ་དེ། དེའི་འདས་པའི་མཚན་གཞི་ཡིན་པའི་ཕྱིར།
Illustration of the past of sprout: The factor of that having disintegrated in the next moment to its establishment.
རི་བོང་གི་རྭ་དང་ནམ་མཁའ་ལྟ་བུ་རྣམས་མ་སྐྱེས་ཤིང་མ་འོངས་ཀྱང༌། དེ་དག་མ་འོངས་པ་མ་ཡིན་ཏེ། དེ་མ་འོངས་པ་ཡིན་པ་བཅད་པའི་ཕྱིར་དུ།
ཆོས་མངོན་པའི་མདོ་ལས། མ་འོངས་པ་ནི་སྐྱེ་བའི་རྒྱུ་ཡོད་ཅིང་མ་སྐྱེས་པའོ། །ཞེས་གསུངས་པའི་ཕྱིར།
Although rabbit-horns and space are not produced and not come (i.e. "future") those are not future because in order to eliminate those from being future, the Abidharma sutras say "Future is where the cause for production exists but it has not been produced."
མྱུ་གུའི་ཞིག་པ་དེ་སྐྱེས་ལ་མ་འགགས་པ་ཡིན་ཏེ། མྱུ་གུ་སྐད་ཅིག་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེས་པ་དེ་བཞིན་དུ།
མྱུ་གུའི་ཞིག་པ་སྐད་ཅིག་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད་ཀྱང༌། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བའི་ཕྱིར།
The disintegratedness of sprout is produced and not ceased because just like in the case of any and all instants of sprout latter moments are produced from previous moments, similarly for any and all instants of the disintegratedness of sprout: latter moments are produced from previous moments.
The three times are mutually exclusive because: དུས་གསུམ་འགལ་བ་ཡིན་ཏེ།
- Any and all instances of the similar class of past is posited through the factor of another thing having passed; འདས་པའི་རིགས་འདྲ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད། དངོས་པོ་གཞན་ཞིག་འདས་པའི་ཆ་ལས་འཇོག་པ་དང༌།
- Any and all instances of the similar class of future is posited through the factor of another thing's cause for production existing but it not having been produced; and
མ་འོངས་པའི་རིགས་འདྲ་ཇི་སྙེད་ཅིག་འབྱུང་བ་ཐམས་ཅད། དངོས་པོ་གཞན་ཞིག་སྐྱེ་བའི་རྒྱུ་ཡོད་ཅིང་མ་སྐྱེས་པའི་ཆ་ལས་འཇོག་པའི་ཕྱིར་དང༌། - Present does not have such a distinguishing feature. ད་ལྟ་བ་ལ་དེ་ལྟ་བུའི་ཁྱད་ཆོས་མེད་པའི་ཕྱིར།
Proving past and future are things
མྱུ་གུའི་འཇིག་པ་རྒྱུ་རྐྱེན་ལ་བལྟོས། དེ་ཞིག་པ་རྐྱེན་ལ་མི་བལྟོས་ན། མྱུ་གུ་སྐད་ཅིག་མ་མ་ཡིན་པར་ཐལ།
དེ་འཇིག་རྒྱུ་རང་གི་སྐྱེ་བྱེད་ལས་དོན་གཞན་ལ་བལྟོས་མེད་ཀྱི་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། དེའི་འཇིག་པ་རྒྱུ་རྐྱེན་ལ་མི་བལྟོས་པའི་ཕྱིར།
If the disintegration of sprout depends upon causes and conditions whereas the disintegratedness of that does not depend upon conditions, then it follows that sprout would not be momentary because of being a thing that does not depend upon a cause of disintegration that is a separate-object to its producer. That follows because its disintegration does not depend upon causes and conditions.
གཞན་ཡང༌། མྱུ་གུའི་འཇིག་པ་རྒྱུ་རྐྱེན་ལ་བལྟོས་པའི་དངོས་པོ་དང༌། དེའི་ཞིག་པ་རྒྱུ་རྐྱེན་ལ་མི་བལྟོས་པའི་དེ། དངོས་པོ་མེད་པར་འདོད་པ་མི་འཐད་པར་ཐལ།
མྱུ་གུའི་འཇིག་པ་འཇིག་རྒྱུ་དོན་གཞན་ལ་བལྟོས་མེད་ཀྱི་དངོས་པོར་འདོད་པ་དང༌། དེའི་ཞིག་པ་དངོས་མེད་དུ་འདོད་པ་མི་འགྲིག་པའི་ཕྱིར།
Moreover, it follows that it is incorrect to posit that the disintegration of sprout is a thing that depends upon causes and conditions whereas the disintegratedness of that is a non-thing that does not depend upon causes and conditions because it is inconsistent to assert the disintegration of sprout as a thing that does not depend upon a cause of disintegration that is a separate-object to its producer and assert that the disintegratedness of that is a non-thing.
མདོར་བསྡུ་ན། མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་རྒྱུ་རྐྱེན་ལ་མི་བལྟོས་པར་ཞིག་པ་ཞིག་ཡོད་དམ་མེད།
In summary, does things' (sprouts and so forth) disintegratedness without dependence upon causes and conditions exist or not?
ཡོད་ན་མྱུ་གུའི་འཇིག་པ་རྒྱུ་ལ་མི་བལྟོས་པར་ཐལ། མྱུ་གུའི་ཞིག་པ་རྒྱུ་ལ་མི་བལྟོས་པའི་ཕྱིར།
If it exists, then it follows that the disintegration of sprout does not depend upon causes because the disintegratedness of sprout does not depend upon causes.
ཁྱབ་སྟེ། མྱུ་གུ་འཇིག་པ་དེ་མྱུ་གུ་ཞིག་པ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ལ་འཇོག་པ་གང་ཞིག
ཞིག་པ་ལ་མངོན་དུ་ཕྱོགས་པ་རྒྱུས་བསྐྱེད། ཞིག་པ་རྒྱུས་མི་བསྐྱེད་པའི་ཁྱད་པར་མི་འཐད་པའི་ཕྱིར།
There is pervasion because 1) the disintegration of sprout is posited upon the occasion of approaching the disintegratedness of sprout and 2) it is incorrect to differentiate that approaching disintegratedness is produced by causes whereas disintegratedness is not produced by causes.
མྱུ་གུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་རྒྱུས་བསྐྱེད། མྱུ་གུ་བསྐྱེད་པ་རྒྱུས་མི་བསྐྱེད་པའི་ཁྱད་པར་མི་འཐད་པའི་ཕྱིར།
This is because it is incorrect to differentiate that approaching the production of sprout is produced by causes whereas the production of sprout is not produced by causes.
དེ་མེད་ན། མྱུ་གུའི་ཞིག་པ་དངོས་པོ་ཡིན་པར་ཐལ། དེ་རྒྱུ་རྐྱེན་ལ་མ་བལྟོས་པར་ཞིག་པ་མེད་པའི་ཕྱིར།
If it does not exist, then it follows that the disintegratedness of sprout is a functioning thing because a disintegratedness of that without dependence upon causes and conditions does not exist.
དེར་ཐལ། མྱུ་གུ་ལ་སོགས་པ་རྣམས་རྒྱུ་རྐྱེན་ལ་མ་བལྟོས་པར་ཞིག་པ་མེད་པའི་ཕྱིར།
That follows because sprouts and so forth do not disintegrate without depending upon causes and conditions.
དེས་ན། མྱུ་གུའི་ཞིག་པ་དང་དེའི་འཇིག་པ་རྒྱུས་བསྐྱེད་མ་བསྐྱེད་མཚུངས་པར་འདོད་པའི་ལུགས་ལ། འདུས་བྱས་རྣམས་སྐད་ཅིག་མར་འགྲུབ་སླ་བ་ཡིན་ཏེ།
སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་རིགས་པ་ལ་བརྟེན་ནས་སེམས་ཅན་ཤི་བ་དེ་རང་རྒྱུ་སྐྱེ་བའི་རྐྱེན་གྱིས་བསྐྱེད་པ་ཡིན་གྱི། དེ་ལས་གཞན་པའི་རྒྱུ་ལས་མི་སྐྱེ་བར་
བཤད་པ་དེ་བཞིན་དུ། མྱུ་གུ་ཞིག་པ་དེ་ཡང་རང་རྒྱུ་འཇིག་པའི་རྒྱུས་བསྐྱེད་པར་བཤད་པས། དེ་རྣམས་སྐད་ཅིག་མར་འགྲུབ་སླ་བའི་ཕྱིར།
Therefore, in the system that asserts that the disintegratedness of sprout and the disintegration of that are equally produced by causes, it is easier to establish compounded phenomena as being momentary because similarly to the explanation in dependence upon the reasoning related with "Through the condition of birth, ageing and death." that indicates that dead sentient beings are produced by the condition of the birth that is their cause and are not produced by a cause other than that, then also the disintegratedness of sprout is explained as produced by the cause of the disintegration that is its cause; therefore, it is easier to establish those as momentary.
Disintegratedness is a functioning thing and implicative negation
མྱུ་གུའི་ཞིག་པ་དེ་དངོས་པོ་ཡིན་ཀྱང་དེ་དགག་པ་ནི་ཡིན་ཏེ། རང་ཉིད་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་པའི་ཕྱིར།
Although the disintegratedness of sprout is a thing, it is a negation because of being a phenomenon that is necessarily realised by the awareness realising it through explicitly negating its object of negation.
དེ་མ་ཡིན་དགག་ཡིན་ཏེ། དེ་དགག་པ་གང་ཞིག །མེད་དགག་མ་ཡིན་པའི་ཕྱིར།
It is an implicative negation because 1) it is a negation and 2) it is not a non-implicative negation.
དགེ་བའི་ལས་ཞིག་པ་དེ་དགེ་བ་དང༌། མི་དགེ་བའི་ལས་ཞིག་པ་དེ་མི་དགེ་བ་ཡིན་ཏེ། དེ་གཉིས་རིམ་པ་བཞིན་དུ་རང་གི་རྣམ་སྨིན་གྱི་འབྲས་བུ་ཡིད་འོང་དང་
ཡིད་མི་འོང་འབྱིན་པ་ནི་གང་ཞིག །དགེ་བ་དང་ལྡན་མིན་འདུ་བྱེད་ཀྱི་གཞི་མཐུན་ཡང་ཡོད། མི་དགེ་བ་དང་ལྡན་མིན་འདུ་བྱེད་ཀྱི་གཞི་མཐུན་ཡང་ཡོད་པའི་ཕྱིར།
The disinterestedness of virtuous actions is virtue and the disintegratedness of non-virtuous actions is non-virtue because 1) they respectively issue forth their pleasant and unpleasant fruitional results and 2) there exists a common locus between virtue and non-concomitant compositional factors and there exists a common locus between non-virtue and non-concomitant compositional factors.
དེར་ཐལ། དགེ་བ་དང་གཟུགས་ཀྱི་གཞི་མཐུན་ཡང་ཡོད། མི་དགེ་བ་དང་གཟུགས་ཀྱི་གཞི་མཐུན་ཡོད་པའི་ཕྱིར།
That follows because there exists a common locus between virtue and form and there exists a common locus between non-virtue and form.
ལུས་ངག་གང་རུང་གི་དགེ་བའི་ལས་གཟུགས་ཅན་པ་ཡོད་དེ། དེ་གང་རུང་གི་མི་དགེ་བའི་ལས་གཟུགས་ཅན་པ་ཡོད་པའི་ཕྱིར།
Physical virtuous actions of body and speech exist because physical non-virtuous actions of those exist.
གཞན་ཡང༌། དགེ་བའི་ལས་ཀྱི་ཞིག་པ་དེ་དགེ་བ་ཡིན་པར་ཐལ། དེ་འདས་པ་ཡིན་པ་གང་ཞིག །དུས་གསུམ་གྱི་དགེ་རྩ་ཡོད་པའི་ཕྱིར།
Moreover, it follows that the disintegratedness of virtuous actions is virtue because 1) that is past and 2) virtuous roots of the three times exist.
Up a level: Presentation of the three times (Disintegratedness) (Jetsunpa)