Presentation of valid cognition

མི་སླུ་བའི་རིག་པ། ཚད་མའི་མཚན་ཉིད།
Definition of valid cognition: A non-deceptive knower.

རང་རྒྱུད་པ་མན་ཆད་ཀྱིས་ཚད་མའི་སྐད་དོད་པྲ་མཱཎ་ཞེས་པའི་པྲ་དང་པོ་དང༌། མཱཎ་འཇལ་བ་ལ་བྱས་ནས་དང་པོ་སྟེ་གསར་དུ་འཇལ་བས་ཚད་མ་ཞེས་འཆད་ཀྱང༌།
(Panchen:) Svatantrika and below explain the Sanskrit term Pramana such that pra means first and mana means cognition; therefore, that which newly cognises is valid cognition.

འདིར་པྲ་གཙོ་བོ་ལ་འཇུག་པའི་དབང་དུ་བྱས་ནས་རང་ཡུལ་གྱི་གཙོ་བོ་ལ་མི་སླུ་བའི་རིག་པ་ཚད་མའི་འཇོག་བྱེད་དུ་མཛད་ཅིང༌།
In this context, pra is taken to mean main, therefore the definition of valid cognition: A knower that is non-deceptive with respect to its main object.


གཞལ་བྱ་ལ་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་གྲངས་ངེས་པའི་རྟགས་ལས།
ཚད་མ་ལ་མངོན་སུམ་གྱི་ཚད་མ་དང༌། རྗེས་སུ་དཔག་པའི་ཚད་མ་གཉིས་སུ་གྲངས་ངེས་པ་ཡང་གྲུབ་བོ།
(Panchen:) Using the sign that cognised-objects are definite in number as two - manifest and obscure - it is established that valid cognisers are also definite in number as the two: direct valid cognition and inferential valid cognition.

Divisions: དབྱེ་ན།

  1. Direct valid cognition མངོན་སུམ་ཚད་མ་དང་།
  2. Inferential valid cognition རྗེས་དཔག་ཚད་མ་གཉིས།

རང་དང་འཛིན་སྟངས་འགལ་བའི་ཚད་མ་ཡོད་པའི་བློ། ལོག་ཤེས་ཀྱི་མཚན་ཉིད།
Definition of wrong consciousness: An awareness where a valid cognition with a contradictory mode of apprehension to it exists.


See also: Valid cognisers (Sautrantika)
Up a level: Madhyamaka