Progressing with different views

དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྙེད་ཀྱང་མངོན་པ་གཉིས་ནས་བཤད་པའི་མི་རྟག་སོགས་བཅུ་དྲུག་ཚད་མས་གཏལ་ལ་འབེབས་པ་དང་།
དེའི་གདུལ་བྱ་རྣམས་ཀྱིས་གཏན་ལ་ཕབས་པའི་དོན་དེ་ཉིད་བསྒོམས་པ་ལས་གང་ཟག་གི་བདག་མེད་རགས་པ་མངོན་སུམ་དུ་གསར་དུ་རྟོགས་པ་དང་།
མཐོང་ཟིན་གོམས་པར་བྱེད་པ་ཡོད་ཀྱང་། དེ་འདྲའི་ལམ་དེ་གཉིས་རིམ་པ་བཞིན་དུ་མཐོང་ལམ་དང་སྒོམ་ལམ་དུ་ཁས་མི་ལེན་པ་དང་།
མཐོང་སྤང་དང་སྒོམ་སྤང་གི་ས་བོན་སྤོན་མི་ནུས་སོ། དེས་དེ་སྤོན་ནུས་པར་སྟོན་པའི་མདོ་རྣམས་དྲང་དོན་དགོངས་པ་ཅན་གྱི་མདོ་ཡིན།
Despite not finding the view of suchness, there is the ascertainment by valid cognition of the sixteen aspects (impermanence and so forth) as explained in the Two Abhidharmas, and there exists:

  1. Their trainees cultivating that very meaning ascertained and from that newly directly realising the coarse selflessness of persons, and
  2. Familiarisation with that already perceived,

However, those two paths are not asserted as the path of seeing and meditation, respectively, and they are not able to abandon the seeds of the objects of abandonment of the paths of seeing and meditation.
Therefore, sutras indicating that those are able to abandon those are sutras possessing an intended interpretative meaning.

དཔེར་ན། རྡུལ་ཕྲན་ཆ་མེད་ཀྱིས་བརྩམས་པའི་རགས་པ་དང་།
དེ་འཛིན་པའི་ཚད་མ་གཉིས་རྫས་གཞན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པ་ལ་བརྟེན་ནས་སློབ་ལམ་ཕྱི་མ་གཉིས་བགྲོད་པར་གསུངས་པའི་
མདོ་རྣམས་སེམས་ཙམ་པས་ངེས་དོན་གྱི་མདོར་ཁས་ལེན་ཀྱང་། དབུ་མ་པས་དྲང་དོན་དགོངས་པ་ཅན་དུ་འགྲེལ་བ་བཞིན་ནོ།
For example, sutras indicating that in dependence upon familiarising with the previously directly realised emptiness of coarse [external objects] composed of partless particles and the valid cognitions apprehending them being different substances, one can progress along the latter two learner paths are asserted by the Cittamatra as being definitive meaning sutras, but the Madhyamikas explain those as possessing an intended interpretative meaning.

གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ལམ་དེས་ཉོན་མོངས་པ་གང་གི་ས་བོན་སྤོང་མི་ནུས་ཀྱང་།
མངོན་པ་གཉིས་ནས་བཤད་པའི་ཉོན་མོངས་མངོན་གྱུར་པ་རེ་ཞིག་སྤོང་ནུས་ཏེ། ཕྱི་རོལ་པ་དང་ཐུན་མོང་བའི་ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་
མངོན་པ་གཉིས་ནས་བཤད་པའི་ཅི་ཡང་མེད་མན་ཆད་ལ་ཆགས་པ་མངོན་གྱུར་བ་དང་བྲལ་བར་བྱེད་ནུས་པ་གང་ཞིག དེ་ནུས་ན་སྔར་བཤད་པའི་གང་ཟག་གི་བདག་མེད་རགས་པ་རྟོགས་པའི་ལམ་དེས་མངོན་པ་གཉིས་ནས་བཤད་པའི་ཉོན་མོངས་མངོན་གྱུར་བ་རེ་ཞིག་སྤོང་ནུས་པ་ལྟ་ཅི་སྨོས་པའི་ཕྱིར།
Although the path realising the person to be empty of self-sufficient substantial existence is not able to abandon the seeds of any afflictions, it is able to temporarily abandon the manifest afflictions as explained in the Two Abhidharmas because 1) the mundane path possessing the aspects of coarseness and peacefulness that is common to the Non-Buddhists is able to separate one from the manifest attachment of Nothingness and below as explained in the Two Abhidharmas and 2) if that is able of that, then what need is there to mention that the path realising the coarse selflessness of persons (as explained above) is able to temporarily abandon the manifest afflictions as explained in the Two Abhidharmas.

ལམ་དེས་བདེན་འཛིན་ཉོན་མོངས་ཅན་གྱི་མ་རིག་པར་བཤད་པའི་ཉོན་མོངས་གྱི་དབང་དུ་བྱས་པའི་ཉོན་མོངས་མངོན་གྱུར་ཙམ་ཡང་སྤོང་མི་ནུས་ཏེ།
དེའི་དབང་དུ་བྱས་པའི་ཉོན་མོངས་མངོན་གྱུར་སྤོང་བ་ལ་སྟོང་ཉིད་རྟོགས་པའི་ལྟ་བ་དགོས་པའི་ཕྱིར།
That path is not able to abandon even the manifest afflictions in terms of the afflictions as part of the explanation that the apprehension of self is an afflicted ignorance because in order to abandon such manifest afflictions the view realising emptiness is required.

ཞི་རགས་ཀྱི་རྣམ་པ་ཅན་གྱི་འཇིག་རྟེན་པའི་ལམ་གྱིས་མངོན་པ་གཉིས་ནས་བཤད་པའི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཛིན་པ་མངོན་གྱུར་བ་
སྤོང་མི་ནུས་ཏེ། དེ་སྤོང་བ་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་སྔོན་དུ་སོང་བ་ལ་ལྟོས་པའི་ཕྱིར།
The mundane path possessing the aspects of coarseness and peacefulness is not able to abandon the manifest apprehension of the person as self-sufficient substantially existent as explained in the Two Abhidharmas because the abandonment of that relies upon a preceding realisation of the person as empty of self-sufficient substantial existence.

འཇིག་རྟེན་པའི་ལམ་དང་། གང་ཟག་གི་བདག་མེད་རགས་པ་རྟོགས་པའི་ལམ་གཉིས་ལ་དམན་མཆོག་གི་ཁྱད་པར་ཡོད་དེ།
མངོན་པ་གཉིས་ནས་བཤད་པའི་སྲིད་རྩེའི་སས་བསྡུས་པའི་ཉོན་མོངས་མངོན་གྱུར་བ་སྤོང་ནུས་མི་ནུས་ཀྱི་ཁྱད་པར་ལ་རག་ལས་སོ།
There is a difference of superiority and inferiority wrt the mundane path and the path realising the coarse selflessness of persons in dependence upon whether or not they are able to abandon the manifest afflictions included within the level of the Peak of Existence as explained in the Two Abhidharmas.


Up a level: Madhyamaka