Proving their interpretative meaning through reasoning (Gomde)
ཤེས་བྱ་ཆོས་ཅན། སངས་རྒྱས་རྣམས་ཀྱིས་དང་པོར་ཤེས་བྱ་ཕྱི་རོལ་དགག་པར་མཛད་པ་ཡིན་པའི་རྒྱུ་མཚན་ཡོད་དེ། ཤེས་བྱ་མེད་ན་སྟེ་ཕྱི་རོལ་བདག་མེད་པར་མཐོང་ན་དེའི་རིགས་པས་ཤེས་པ་བཀག་པ་སྟེ་དེའི་བདག་མེད་པ་ཡང་བདེ་བླག་ཏུ་གྲུབ་པའི་ཕྱིར་ཏུ་ཤེས་བྱ་ཕྱི་རོལ་མེད་པར་བསྟན་ནས། དེའི་འོག་ཏུ་ཤེས་པ་བདེན་གྲུབ་བསལ་བ་ན་བདེ་བླག་ཏུ་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས་པའིེ་ཕྱིར།
The subject - objects of knowledge - there is a reason for the Buddhas to initially refute external objects of knowledge because if there are no objects of knowledge, i.e. if it is perceived that external objects are selfless, then using that reasoning consciousness can also be negated, i.e. their selflessness can also be easily established. For that purpose, having taught the non-existence of external objects of knowledge, later when negating the true establishment of consciousness, it would be easily understood.
མདོར་བསྡུས་ན། ཕྱི་དོན་མེད་པར་བསྟན་པས་ཕྱི་དོན་བདག་མེད་པར་རྟོགས་ལ། ཕྱི་དོན་བདག་མེད་པར་རྟོགས་ན་ཤེས་པ་ཡང་བདག་མེད་དུ་རྟོགས་པ་འོངས་ཞེས་པའོ།
In short, it is saying that due to teaching the non-existence of external objects, external objects are realised to be selfless; if external objects are realised as selfless, then also consciousness will be realised as selfless.
ཤེས་བྱ་ཆོས་ཅན། སྔར་བཤད་པ་དེ་ལྟར་དུ་ལུང་གི་ལོ་རྒྱུས་ཏེ་རྣམ་གཞག་ཤེས་པར་བྱས་ནས་མདོའི་དྲང་ངེས་ཀྱི་ཁྱད་པར་རིག་པར་བྱ་སྟེ། མདོ་སྡེ་གང་ཞིག་དེ་ཁོ་ན་ཉིད་
མ་ཡིན་པ་སྟེ་ཀུན་རྫོབ་གཙོ་བོར་དངོས་སུ་བཤད་པའི་དོན་ཅན་གྱི་མདོ་དེ་དྲང་དོན་དུ་གསུངས་པའང་དྲང་དོན་དུ་རྟོགས་ནས་དེ་ཁོ་ན་ཉིད་དམ་གཞན་དུ་དྲང་བར་བྱ་ཞིང་། སྟོང་ཉིད་དངོས་སུ་སྟོན་པའི་དོན་ཅན་གྱི་མདོ་ནི་ངེས་དོན་དུ་ཤེས་པར་གྱིས་ཤིག་སྟེ་ཤེས་པར་བྱ་བ་ཡིན་པའི་ཕྱིར།
The subject - objects of knowledge - having understood the previously explained presentation of the scriptures, the difference between interpretative and definitive sutras should be understood as:
- A sutra whose meaning explicitly explains not the ultimate, i.e. mainly the conventional, is explained as interpretative meaning. Having realised it as of interpretative meaning, it should be interpreted in terms of suchness or otherwise.
- A sutra whose meaning is explicitly indicating emptiness should be known as of definitive meaning.
འདིར་དྲང་ངེས་འབྱེད་པའི་མདོ་ནི། ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བཤད་པ་ལྟར། ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས།
།གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གསུངས་པ་འདི་ཡིན་ནོ།
In this context, the sutra differentiating the interpretative and definitive is the King of Meditative Stabilisation Sutra, which says "Explanations of emptiness by the Sugatas are understood as instances of definitive meaning sutras. Those indicating sentient beings, persons, and beings, all such dharma is understood as of interpretative meaning."
Up a level: Refutation of the Cittamatra System