Purpose of establishing the selflessness of persons through reasoning (Gomde)
ཐར་པ་དོན་གཉེར་གྱི་རྣལ་འབྱོར་པ་དེ་ཡིས་ཆོས་ཅན། ཐོག་མར་བདག་རང་བཞིན་གྱིས་གྲུབ་པ་དེ་ནི་འགོག་པར་བྱེད་པའི་རྒྱུ་མཚན་ཡོད་དེ།
འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་རྣམས་མ་ལུས་པ་འཇིག་ཚོགས་ལ་ལྟ་བ་ལས་བྱུང་བར་བློ་ཡིས་མཐོང་བར་གྱུར་ཅིང་། བདག་ནི་འཇིག་ལྟ་འདི་ཡི་དམིགས་ཡུལ་དུ་རྟོགས་པར་བྱས་ནས། འཇིག་ལྟ་སྤོང་བར་འདོད་པའི་ཕྱིར།
The subject - yogis seeking liberation - there is a reason for them to initially refute the inherent establishment of the self because having perceived with their minds that all afflictions (attachment and so forth) and faults (birth, ageing, sickness, death, and so forth) without exception arise from the view of the transitory collection, and having realised that the self is the observed-objects of the view of the transitory collection, then they will wish to abandon the view of the transitory collection.
ཁྱབ་སྟེ། དེའི་ཞེན་ཡུལ་སུན་མ་ཕྱུང་བར་དེ་ཚེར་མ་འདོན་པ་ལྟར་སྤོང་བར་མི་ནུས་པའི་ཕྱིར།
There is pervasion because without refuting its conceived-object, one cannot abandon it; like taking out a thorn.
དེས་ན་ཐར་འདོད་ཀྱི་རྣལ་འབྱོར་པས་འཁོར་བའི་ཉེས་དམིགས་དང་འཇུག་རིམ་ལེགས་པར་བསམ་སྟེ། བདག་ཏུ་འཛིན་པ་ལྡོག་པར་བྱ་བའི་ཕྱིར།
དེའི་དམེགས་ཡུལ་གྱི་བདག་དེ་ཇི་འདྲ་ཞིག་ཏུ་གྲུབ་སྙམ་དུ་ཐོག་མར་བདག་ལ་རྣམ་པར་དཔྱད་ནས་དེ་ནས་བདག་རང་བཞིན་མེད་པར་གཏན་ལ་འབེབས་པ་ནི་
ཐར་པའི་ལམ་གྱི་གཞི་རྩ་དམ་པ་ཡིན་ཏེ།
Therefore, yogis wishing for liberation properly contemplate the faults and the way of entering samsara; in order to overcome the apprehension of self, they first analyse that self thinking "How is the self that is its observed-object established?" and then settle the lack of inherent existence of the self; this is the holy root of the path to liberation.
ཇི་སྐད་དུ་མདོ་ལས། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ།
ཞི་བའིེ་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར།
This is because sutra says: Śāntamati, it is like this. For example, if a tree is cut from the root then all its branches, leaves, and stems will dry up. Śāntamati, similarly, if the view of the transitory collection is completely pacified, then all the afflictions and secondary afflictions will be pacified.
Up a level: Madhyamaka