Realisation of the two selflessnesses
གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་ལ་རྟོགས་དཀའ་སླའི་ཁྱད་པར་ཡོད་དེ།
There is a difference in the difficulty of realising the selflessness of persons and the selflessness of phenomena.
ལྷག་མཐོང་ཆུང་བ་ལས། གང་ཟག་དང་ཆོས་ཀྱི་སྟེང་དུ་ངེས་རྒྱུའི་བདག་མེད་ལ་ཕྲ་རགས་མེད་ཀྱང་། ཁྱད་གཞིའི་གནད་ཀྱིས་གང་ཟག་གི་སྟེང་དུ་ངེས་སླ་ལ།
ཆོས་ཀྱི་སྟེང་དུ་ངེས་དཀའ་བའི་ཕྱིར་ཏེ། ཞེས་དང་། བདག་འཛིན་གཉིས་ཀྱི་སྐྱེ་རིམ་ལ་ཆོས་ཀྱི་བདག་འཛིན་གྱིས་གང་ཟག་གི་བདག་འཛིན་སྐྱེད་པ་ཡིན་ཡང་།
བདག་མེད་ཀྱི་དེ་ཉིད་ལ་འཇུག་པ་ན། སྔོན་དུ་གང་ཟག་གི་བདག་མེད་ཀྱི་ལྟ་བ་བསྐྱེད་ནས། དེའི་འོག་ཏུ་ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་སྐྱེད་དགོས་སོ། ཞེས་གསུངས།
Tsongkhapa's Small Special Insight says:
Although there is no difference in subtlety wrt the selflessness that is to be ascertained on the basis of persons and phenomena, due to the point about their bases, that is easier to ascertain on the basis of persons and more difficult to ascertain on the basis of phenomena.
And: Although in terms of the order of production of the two apprehensions of self, the apprehension of a self of phenomena generates the apprehension of a self of persons; when engaging in the suchness of selflessness, then the view of the selflessness of persons is necessarily generated first and then the view of the selflessness of phenomena is generated.
ཁ་ཅིག ཆོས་ཀྱི་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེད་པ་ལ་གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེད་པ་སྔོན་དུ་འགྲོ་དགོས་པ་མི་འཐད་དེ།
གང་ཟག་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར། དཔེར་ན་གཟུགས་བརྙན་བཞིན།
ཞེས་བཀོད་པའི་ཚེ་རྟེན་འབྲེལ་གྱི་རྟགས་ཀྱིས་གང་ཟག་བདེན་མེད་དུ་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་གཟུགས་བརྙན་བདེན་མེད་དུ་རྟོགས་པའི་ཕྱིར་ཟེར་ན།
If someone says: It is incorrect that generating the view realising the selflessness of phenomena in one's continuum is necessarily preceded by generating the view realising the selflessness of persons in one's continuum because when stating "The subject - the person - it lacks true existence because it is a dependent-arising; for example, like a reflection.", then the correct opponent in the proof the the person as lacking true existence using the sign "dependent-arising" has realised reflections as lacking true existence.
སྐྱོན་མེད་དེ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་གཅིག་བདེན་མེད་དུ་རྟོགས་པ་ཙམ་ལ་ཆོས་ཀྱི་བདག་མེད་རྟོགས་པར་མི་འཇོག་པའི་ཕྱིར་ཏེ།
གང་ཟག་གི་གདགས་གཞིའི་ཕུང་པོ་བདེན་མེད་དེ་ནམ་རྟོགས་པའི་ཚེ་ཆོས་ཀྱི་བདག་མེད་རྟོགས་པར་འཇོག་པའི་ཕྱིར།
There is no such fault because merely realising one phenomenon (in terms of the division into phenomena and persons) as lacking true existence is not posited as realising the selflessness of phenomena; because whenever one realises that the aggregates (the basis of designation of the person) lack true existence, then that is posited as realising the selflessness of phenomena.
གང་ཟག་བདེན་མེད་དུ་ཚད་མས་རྟོགས་པའི་གང་ཟག་ཡིན་ན་གང་ཟག་གི་གདགས་གཞིའི་ཕུང་པོ་བདེན་མེད་དུ་ཚད་མས་རྟོགས་པའི་གང་ཟག་མི་དགོས་ན།
ལུང་མི་འདྲ་བ་ལས་བཤད་པ་སྟེ། ཆོས་གཅིག་གི་གནས་ལུགས་རྟོགས་ན་ཆོས་ཅམས་ཅད་ཀྱི་གནས་ལུགས་རྟོགས་དགོས་པར་གསུངས་པའི་དོན་གང་ཞེ་ན།
If it is the case that if it is a person who has realised by valid cognition that persons lack true existence, then it is not necessarily a person who has realised by valid cognition that the aggregates (the basis of designation of the person) lack true existence; then what is the meaning of the explanation in various scriptures that if the mode of abiding of one phenomenon is realised, then the mode of abiding of all phenomena is necessarily realised?
གཞི་གྲུབ་པ་གཅིག་གི་སྟེང་དུ་བདེན་མེད་ཚད་མས་ངེས་ན།
དེ་ནས་གཞི་གཞན་ལ་བདེན་པར་ཡོད་མེད་བློ་ཁ་ཕྱོགས་པ་ཙམ་གྱིས་བདེན་མེད་དུ་རྟོགས་ནུས་པ་ལུང་དེ་རྣམས་ཀྱི་དོན་ཡིན།
The meaning of those is: If the lack of true existence is ascertained by valid cognition on the basis of one established basis, then one can realise the lack of true existence wrt other bases merely through directing one's awareness to whether or not they truly exist.
རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ་ནི། གང་ཟག་གི་བདག་མེད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཆོས་ཅན།
གོམས་བྱེད་ཀྱི་ཡན་ལག་དང་མ་བྲལ་བར་གོམས་པར་བྱས་ན། གོམས་བྱའི་དོན་ལ་གསལ་སྣང་མཐར་ཐུག་པ་འབྱུང་དུ་རུང་སྟེ།
རྟེན་བརྟེན་པ་གོམས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་ཀྱི་ཡོན་ཏན་ཡིན་པའི་ཕྱིར།
The reasoning proving yogic direct perception: The subject - the awareness realising the selflessness of persons by way of a meaning-generality - if it has been familiarised with without separation from the branches of familiarisation, then it is suitable for final clear appearance wrt the familiarised object to arise because it is a quality of mind that it does not rely upon repeated effort wrt an already familiarised with support and supported.
Up a level: Hearers and Solitary Realisers realise emptiness of inherent existence / Madhyamaka