Reasoning of the change in the person's state (Tendarwa)
དེ་ལྟར་རང་བཞིན་གྱིས་མི་འགག་ཅིང༌། ཕུང་པོ་ལ་བཏགས་པའི་ང་ཙམ་བག་ཆགས་བསྒོ་གཞི་མཐར་ཐུག་ཏུ་འདོད་པའི་ལུགས་འདི་ལ།
ཀུན་གཞི་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་གནས་འགྱུར་གྱི་རིགས་པས་མི་གནོད་པའི་ཕྱིར།
This system that asserts those as not inherently ceased and the mere "I" designated upon the aggregates as being the final basis for the depositing of imprints is not undermined by the reasoning of the change in the person's state [used by] the proponents of tenets that assert an Alaya. Due to this...
སྲིད་རྩེའི་རྟེན་ཅན་གྱི་ཕྱིར་མི་འོང་འབྲས་གནས་ཀྱིས་ཅི་ཡང་མེད་ཀྱི་དངོས་གཞི་ལ་བརྟེན་ནས་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དེའི་ཚེ་ན།
སྲིད་རྩེའི་སས་བསྡུས་པའི་བཏགས་གཞིར་གྱུར་པའི་ཕུང་པོ་མེད་ཀྱང༌། དེ་ལ་བཏགས་པའི་ང་ཙམ་དེ་སྲིད་རྩེའི་སས་བསྡུས་པས།
When an Abider in the Result of Non-Returner who possesses a Peak of Existence support actualises the vajra-like concentration of the Hearer's path of meditation in dependence upon an actual [absorption] of Nothingness, they do not have aggregates that are bases of designation included in the level of the Peak of Existence; however, the mere "I" designated upon those is included in the level of the Peak of Existence...
དེ་ལྟ་བུའི་རྩོད་པ་ལ། རང་རྒྱུད་པ་མན་ཆད་ཀྱིས་ལན་དོན་མཐུན་མི་ཐེབས་ཤིང༌། ཐལ་འགྱུར་བས་ལན་དོན་མཐུན་ཐེབས་པའི་ཕྱིར།
Therefore, to such a debate, the Svatantrikas and below have no factually concordant response whereas the Prasangika have a factually concordant response.
དེར་ཐལ། རང་རྒྱུད་པ་མན་ཆད་ཀྱིས་ལས་རང་བཞིན་གྱིས་འགག་ཅིང༌།
ལས་ཀྱི་བག་ཆགས་བསྒོ་གཞི་ཐ་སྙད་བརྟགས་པའི་བརྟགས་དོན་བཙལ་བའི་ཚེ་ན་རྙེད་པར་ཁས་བླངས། ཐལ་འགྱུར་བས་དེ་ལྟར་ཁས་མ་བླངས་པའི་ཕྱིར།
That follows because the Svatantrikas and below assert that actions inherently cease and that when the designated-object of the designation "the basis for depositing the imprints of actions" is sought, then it is findable; Prasangika do not assert as such.
དགེ་མི་དགེའི་ལས་ཀྱི་བག་ཆགས་བསྒོ་གཞི་མ་བརྟགས་མ་དཔྱད་པར་འཇོག་པའི་ལུགས་འདི་ལ།
ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པའི་གདགས་གཞི་ཕུང་པོ་ལྔ་པོ་གང་རུང་དེ། ཤེས་སྒྲིབ་ལྷན་སྐྱེས་ཀྱི་བག་ཆགས་ཀྱིས་མ་གོས་ཀྱང༌།
དེ་འདྲ་བའི་གང་ཟག་དེ། དེའི་བག་ཆགས་ཀྱིས་གོས་པ་མི་འགལ་ཏེ།
In this system that posits an uninvestigated unanalysed basis for the depositing of the imprints of virtuous and non-virtuous actions, it is not contradictory that:
- Although none of the five aggregate that are the basis of designation for the Hearer on the uninterrupted path of seeing are imprinted with the imprints that are innate knowledge obscurations,
- Such a person is imprinted with the imprints of those.
དཔེར་ན། སྲིད་རྩེའི་རྟེན་ཅན་གྱི་ཕྱིར་མི་འོང་དེ། ཅི་ཡང་མེད་ཀྱི་དངོས་གཞི་ལ་བརྟེན་ནས་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་འཛིན་མངོན་དུ་བྱས་པ་དེའི་ཚེ་ན།
གདགས་གཞི་ཕུང་པོ་བཞི་པོ་དེ་སྲིད་རྩེའི་སས་བསྡུས་པ་མ་ཡིན་ཀྱང༌། དེ་འདྲ་བའི་གང་ཟག་དེ་སྲིད་རྩེའི་སས་བསྡུས་ཡིན་པ་ལྟ་བུ་ཡིན་པའི་ཕྱིར།
This is because: For example, when a Non-Returner with a Peak of Existence support actualises the vajra-like concentration of the Hearer's path of meditation in dependence upon an actual [absorption] of Nothingness, although their four aggregates that are their basis of designation are not included within the level of the Peak of Existence, such a person is included within the level of the Peak of Existence.
ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པའི་གདགས་གཞི་ཕུང་པོ་ལྔ་པོ་དེ། ཤེས་སྒྲིབ་ལྷན་སྐྱེས་ཀྱི་བག་ཆགས་ཀྱིས་མ་གོས་ཏེ།
དེའི་གཟུགས་ཕུང་ཡང་དེས་མ་གོས། ཚོར་བའི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ་དང༌། འདུ་བྱེད་ཀྱི་ཕུང་པོ་དང༌། རྣམ་པར་ཤེས་པའི་ཕུང་པོ་ཡང་དེས་མ་གོས་པའི་ཕྱིར།
The five aggregate that are the basis of designation for the Hearer on the uninterrupted path of seeing are not imprinted with the imprints that are innate knowledge obscurations because 1) their form aggregate is not imprinted by those 2) nor are their feeling, discrimination, compositional factors, or consciousness aggregates imprinted by those.
ཚོར་ཕུང་དེས་མ་གོས་པར་ཐལ། དེའི་རྒྱུད་ལ་དབང་ཤེས། རང་རིག ཀུན་གཞི་མེད། ཡིད་ཤེས་རྣམས་ཟག་མེད་ཀྱི་ངོ་བོར་གྱུར་ཟིན་པའི་ཕྱིར།
Their feeling aggregate is not imprinted by those because 1) they have no sense consciousnesses, self-knowers, or Alaya in their continuum, and 2) their mental consciousnesses have already become uncontaminated.
ཀུན་གཞི་ཁས་མི་ལེན་པའི་རང་རྒྱུད་པ་དང་སེམས་ཙམ་པ་གཉིས་ཀྱི་ལུགས་ལ་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པས་ཤེས་སྒྲིབ་ལྷན་སྐྱེས་མ་སྤངས་ཀྱང༌།
རྐྱེན་མ་ཚང་བའི་དབང་གིས་དེའི་རྒྱུད་ལ་ཤེས་སྒྲིབ་ལྷན་སྐྱེས་མེད་དེ། ཕུང་པོ་ལ་བཏགས་པའི་ང་ཙམ་ཡང་དེའི་བག་ཆགས་བསྒོ་གཞིར་ཁས་མ་བླངས།
གདགས་གཞི་ཕུང་པོ་ལྔ་པོ་ཡང་དེའི་བག་ཆགས་ཀྱིས་མ་གོས་པར་གོང་དུ་བསྒྲུབས་ཟིན་པའི་ཕྱིར།
In the systems of the Svatantrikas and Cittamatrins who do not assert an Alaya: Despite a Hearer on the uninterrupted path of the path of seeing not having abandoned the innate knowledge obscurations, there are no innate knowledge obscurations in their continuum due to an incompleteness of conditions because 1) they do not assert a mere "I" designated upon the aggregates as the basis for the depositing of such imprints and 2) that the five aggregates that are their basis of designation are also not imprinted by such imprints was proven above.
རྟགས་དང་པོ་དེར་ཐལ། ཕུང་པོ་ལ་བཏགས་པའི་ང་ཙམ་བག་ཆགས་བསྒོ་གཞིར་འདོད་པ་ལུགས་འདིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་པའི་ཕྱིར།
The first sign is established because asserting that the mere "I" designated upon the aggregates as being the basis for the depositing of imprints is a unique characteristic of this system.
Up a level: Assertions regarding what connects causes and their effects (Tendarwa)