Reasoning refuting true existence
See: Overview of the presentation of reasonings refuting true existence (Gomde)
There are many reasonings settling the lack of true existence: བདེན་མེད་གཏན་ལ་འབེབས་པའི་རིགས་པ་དེ་ལ་དུ་མ་ཡོད་དེ།
- In terms of consequences ཐལ་འགྱུར་གྱི་དབང་དུ་བྱས་པ་དང་།
- In terms of reasonings གཏན་ཚིགས་ཀྱི་དབང་དུ་བྱས་པ་གཉིས།
In terms of consequences:
- Consequence generating an inference of renown in others གཞན་ལ་གྲགས་ཀྱི་རྗེས་དཔག་སྐྱེད་བྱེད་ཀྱི་ཐལ་འགྱུར།
e.g. The subject - a sprout - it follows that it does not depend upon its cause because of being inherently established.
མྱུ་གུ་ཆོས་ཅན། རང་གི་རྒྱུ་ལ་མ་ལྟོས་པར་ཐལ། རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། - Consequence of equivalence of reason རྒྱུ་མཚན་མཚུངས་པའི་མགོ་སྙོམས་ཀྱི་ཐལ་འགྱུར།
e.g. It follows that an ear-consciousness apprehending sound perceives form because an eye-consciousness apprehending form ultimately views form.
སྒྲ་འཛིན་ཉན་ཤེས་ཀྱིས་གཟུགས་མཐོང་བར་ཐལ། གཟུགས་འཛིན་མིག་ཤེས་ཀྱིས་དོན་དམ་པར་གཟུགས་ལ་ལྟ་བའི་ཕྱིར། ཞེས་པ་ལྟ་བུ། - Consequence of contradictory statement འགལ་བརྗོད་ཀྱི་ཐལ་འགྱུར།
e.g. The subject - a sprout - it follows that its production again is purposeless because it is already completely established at the time of its cause.
མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་རྒྱུའི་དུས་ན་རྫོགས་པར་གྲུབ་ཟིན་པའི་ཕྱིར། ཞེས་པ་ལྟ་བུ། - Consequence of not being established due to the proof being the same as that to be proven
སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པས་མ་གྲུབ་པའི་ཐལ་འགྱུར་རོ།
e.g. If someone says "It follows that the form aggregate is inherently established because the feeling aggregate is inherently established.", then: It follows that the sign "the feeling aggregate is inherently established" is not able to prove that the form aggregate is inherently established because the two - the proof (i.e. "the feeling aggregate is inherently established") and that to be proven (i.e. "the form aggregate is inherently established") - are of equal difficulty to prove.
གཟུགས་ཕུང་རང་བཞིན་གྱིས་གྲུབ་པར་ཐལ། ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེ་ན།
ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་རྟགས་ཀྱིས་གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་བསྒྲུབ་མི་ནུས་པར་ཐལ།
སྒྲུབ་བྱེད་ཚོར་ཕུང་རང་བཞིན་གྱིས་གྲུབ་པ་དང་། བསྒྲུབ་བྱ་གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་གཉིས་བསྒྲུབ་དཀའ་སླ་མཚུངས་པའི་ཕྱིར། ཞེས་པ་ལྟ་བུ།
In terms of reasonings:
- Analysis of the nature of phenomena: Reasoning of not being one or many
ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས། - Analysis of the cause: Reasoning of diamond slivers རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས།
- Analysis of the result: Reasoning refuting production of the existent and non-existent
འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས། - Analysis of both cause and result: Reasoning refuting the four possibilities of production
རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞིའི་སྐྱེ་འགོག་གི་གཏན་ཚིགས། - The king of reasoning: Reasoning of dependent-arising རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས།
See also (Perfection of Wisdom): Reasoning refuting true existences
དེ་རྣམས་ཀྱི་ནང་ནས་འཕགས་པ་ཡབ་སྲས་ཀྱིས་གཙོ་བོར་རྡོ་རྗེ་གཟེགས་མའི་གཏན་ཚིགས་ཀྱི་སྒོ་ནས་བདེན་མེད་གཏན་ལ་འབེབས་པར་མཛད་པ་ཡིན།
Among those, the Arya [Nagarjuna] and his Spiritual Children mainly settled the lack of true existence by way of the reasoning of diamond slivers. Nagarjuna quote.
Up a level: Madhyamaka