Reasonings refuting the Alaya (Tendarwa)
དེ་ལྟ་བུའི་ཀུན་གཞི་མེད་པར་ཐལ། དེ་ཡོད་ན་དགེ་མི་དགེའི་ལས་ཀྱི་བག་ཆགས་བསྒོ་གཞི་ཡིན་དགོས་པ་ལས།
དེ་མེད་ཀྱང་ལས་དེ་གཉིས་ཀྱི་བག་ཆགས་བསྒོ་གཞི་ཡོད་པའི་ཕྱིར།
It follows that such an Alaya does not exist because if it existed, then it would need to be the basis for depositing the imprints of virtuous and non-virtuous actions; whereas, although it does not exist, a basis for depositing the imprints of those two does exist.
དེར་ཐལ། དེ་སྐད་དུ་ཡང་རང་འགྲེལ་ལས། དེའི་ཕྱིར་དེ་ལྟ་ན་བདེན་པ་གཉིས་ཀ་དུ་ཡང་རང་བཞིན་མེད་པ། ཞེས་གསུངས་པའི་ཕྱིར་རོ།
That follows because the Autocommentary says: "Due to that, with respect to both truths, there is no inherent existence."
གཞན་ཡང༌། དེ་ལྟ་བུའི་ཀུན་གཞི་དེ་མེད་པར་ཐལ། དེ་ཡོད་ན། དགོངས་འགྲེལ་དང༌། ཐེག་བསྡུས་དང༌། གཏན་ལ་དབབ་པ་བསྡུ་བ་དང༌།
སུམ་ཅུ་པ་རྩ་འགྲེལ་དང༌། བྱམས་ཆོས་ཕྱི་མ་གསུམ་འགྲེལ་པ་དང་བཅས་པ་ལས་ཇི་ལྟར་བཤད་པ་ལྟར་གྱི་ཀུན་གཞི་ཡོད་དགོས་པ་ལས།
དེ་ཡོད་པ་དྲང་ངེས་ཀྱི་ལུང་གིས་མི་འགྲུབ་ཅིང༌། ཁས་ཀྱང་ལེན་པ་མི་རིགས་པའི་ཕྱིར།
Moreover, it follows that such an Alaya does not exist because if it existed, then it would need to exist in accordance with the explanations in the Sutra Unravelling the Thought, [Asanga's] Compendium of Mahayana, Compendium of Ascertainments, [Vasubandhu's] Root and Commentary on Thirty Verses, the latter three of the Five Treatises of Maitreya together with their commentaries; however, its existence is not established by interpretative and definitive scriptures and it is also illogical to assert that.
ཁས་ལེན་མི་རིགས་པར་ཐལ། སུམ་ཅུ་པ་ལས། དེ་ལ་ལེན་པ་དག་དང་གནས། །སྣང་བའི་རྣམ་པར་རིག་པ་ནི། །སྐྱེའོ། །ཞེས་བཅུད་ཀྱི་སེམས་ཅན་གྱི་ལུས་དང༌།
སྣོད་ཀྱི་འཇིག་རྟེན་རྣམས། ཀུན་གཞིའི་བག་ཆགས་བཞག་པ་སྨིན་པའི་སྣང་བ་ཙམ་ཡིན་པས། ཀུན་གཞི་ལ་དམིགས་པ་མ་ཆད་པར་གསུངས།
དེ་ཡོད་ན་ཕྱི་དོན་མེད་དགོས་པ་ལས་ཕྱི་དོན་ཡོད་པའི་ཕྱིར།
It follows that it is illogical to assert it because Thirty Verses says: "That which is appropriated and the abode that appear to the consciousness are produced." This indicates that the bodies of the contained sentient beings and the container world-system are mere appearances that are the ripening of imprints deposited on the Alaya and therefore does not negate the Alaya having observed-objects. If it existed, then external objects would necessarily not exist; whereas, external objects exist.
གཞན་ཡང༌། དེ་ལྟ་བུའི་ཀུན་གཞི་མེད་པར་ཐལ། དེ་མ་བརྟགས་མ་དཔྱད་པར་འཇུག་པའི་ཐ་སྙད་པའི་ཚད་མས་མི་འགྲུབ།
བརྟགས་ཤིང་བཙལ་ནས་རྣམ་ཤེས་ཚོགས་བརྒྱད་ཀྱི་ཡ་གྱལ་དུ་གྱུར་པའི་ཀུན་གཞི་རྙེད་ན། བརྟགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་མེད་པ་དང་འགལ་བའི་ཕྱིར།
Moreover, it follows that such an Alaya does not exist because it is not established by a conventional valid cognition that does not investigate or analyse; if an Alaya that is an individual member of the eight types of consciousness were found upon investigation and analysis, then this would contradict the non-existence of phenomena that are found upon seeking the designated-object.
གཞན་ཡང༌། དེ་ལྟ་བུའི་ཀུན་གཞི་མེད་པར་ཐལ། དེ་ཡོད་ན། དེ་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་གཙོ་བོ་ཡིན་དགོས་པ་ལས་ཕུང་པོ་ལྔ་ག་དང༌།
རྣམ་པར་ཤེས་པ་ལ་སོགས་པ་རེ་རེ་བ་རྣམས་དེའི་དམིགས་པའི་གཙོ་བོ་ཡིན་པ་འཇུག་པ་རྩ་འགྲེལ་གྱིས་བཀག་པའི་ཕྱིར།
Moreover, it follows that such an Alaya does not exist because if it existed, then it would need to be the main observed-object of the innate view of the transitory collection; whereas, the Supplement and Autocommentary refute that all five aggregates or individual aggregates (consciousness etc.) are the main observed-object of that.
མདོར་བསྡུ་ན། ཀུན་གཞི་མེད་དེ། དེ་ཡོད་ན་ཐ་སྙད་བཏགས་པའི་བརྟགས་དོན་བཙལ་བའི་ཚེ་ན་རྙེད་པའི་ཆོས་ཡོད་དགོས་པ་ལས་མེད་པ་དང༌།
རང་བཞིན་གྱིས་གྲུབ་པའི་ཆོས་མེད་པ་དང༌། ཕྱི་དོན་ཡོད་པར་ཁས་བླངས་པ་དང་འགལ་བའི་ཕྱིར།
In summary, the Alaya does not exist because if it existed, then there would need to exist a phenomenon that is findable when the designated-object of conventional designation is sought; whereas, that does not exist. Also, it would contradict the non-existence of inherently established phenomena and the assertion of the existence of external objects.
Up a level: Presentation of cause and effect does not require positing an Alaya (Tendarwa)