Refutation of causeless production (Gomde)
རྒྱང་འཕེན་པ་ན་རེ། རྒྱུ་ལས་སྐྱེ་ན་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་ཡང་། ཁོ་བོ་ཅག་ནི་རྒྱུ་མེད་ལས་སྐྱེ་བར་འདོད་པས་སྐྱོན་དེ་དག་མེད་དེ།
དཔེར་ན་ཕྱི་རོལ་ཏུ་པདྨའི་འདབ་མ་འཇམ་པ་དང་རྩུབ་པ་དང་འཚེར་མ་སོགས་རྒྱུ་མེད་ལས་འབྱུང་བ་ཡིན་ཞིང་།
ནང་དུ་ཡང་རྨ་བྱའི་མདོངས་ལ་སོགས་པའི་ཁྲ་བོ་དེ་རྣམས་སུས་ཀྱང་མ་བྱས་པར་འབྱུང་བ་བཞིན་ནོ་ཞེ་ན།
The Charvakas say: Although the faults explains would apply if produced from a cause, since we assert causeless production, there are no such faults. For example, externally, the lotus's petals being soft and coarse, its thorns, and so forth, arise causelessly; similarly for the internal, the patterns in the peacock's feathers arose without being created by anyone.
དེ་འགོག་པ་ལ། གལ་ཏེ་རྒྱུ་མེད་ཁོ་ནར་ཞེས་སོགས་ཤོ་ལོ་ཀ་ལྔ་གསུངས།
To refute that: "If just causelessly..." and so forth, five verses are stated [v6.99-103]
དངོས་པོ་མཐའ་དག་ཆོས་ཅན། ཡུལ་དུས་རྟག་ཏུ་རང་གི་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་བར་ཐལ། རྒྱུ་མེད་ལས་སྐྱེ་བ་དེའི་ཚེ་སྟེ་དེའི་ཕྱིར།
The subject - all things - it follows that they would be produced at all times and from everything, whether it is their cause or not, because of being produced causelessly.
འབྲས་བུ་རྟོན་ཐོག་འབྱུང་བའི་ཆེད་དུ་འཇིག་རྟེན་པ་འདི་ཡིས་ས་བོན་ལ་སོགས་པ་ནི་དཀའ་བརྒྱ་ཕྲག་དག་གི་སྒོ་ནས་བསྡུད་པ་སྟེ་
བསོག་པར་བྱེད་པ་ཡང་མི་འགྱུར་བར་ཐལ། འབྲས་བུ་རྒྱུ་མེད་དུ་འབྱུང་བའི་ཕྱིར།
It follows that the world would not apply itself in hundreds of hardships to collect seeds and so forth in order to produce a good harvest because that result arises causelessly.
དེས་ན་འཇིག་རྟེན་མཐའ་དག་ཆོས་ཅན། རང་གི་རྒྱུ་ཁོ་ན་ལས་སྐྱེ་བ་ཡིན་པ་ཤེས་པར་གྱིས་ཤིག་སྟེ་ཤེས་པར་བྱ་རིགས་ཏེ།
གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པ་སྟེ་རྒྱུ་མེད་པར་འགྱུར་ན་འགྲོ་བ་འདི་དག་ནམ་མཁའི་ཨུད་པ་ལ་ཡི་དྲི་དང་ཁ་དོག་ཇི་ལྟ་བ་དེ་བཞིན་དུ་
འཇིག་རྟེན་དུ་གཟུང་དུ་མེད་པ་ཉིད་དུ་འགྱུར་པ་ཡིན་ན། ཆེས་ཤིན་ཏུ་བཀྲ་བའི་འཇིག་རྟེན་ཚད་མས་འཛིན་པའང་ཡིན་པ་དེ་ཡི་ཕྱིར།
Therefore, the subject - the entire world - it should be known as exclusively arising from its causes because if migrators were empty of causes, i.e. causeless, then just like the smell and colour of sky-flowers, these migrators would not be apprehended in the world because the world in all its varieties is apprehended by valid cognition.
དཔེར་ན་རང་གི་བློ་སྔོན་པོའེ་རྣམ་པ་ཅན་ནི་སྔོན་པོ་ལས་སྐྱེ་བ་བཞིན་ནོ།
For example, just as one's mind possessing the aspect of blue arises from blue.
དེ་ལ་ཡང་ཚུ་རོལ་མཛེས་པ་བ་ན་རེ། འཇིག་རྟེན་འདི་སྐྱེ་བའི་རྒྱུ་ཡོད་དེ། མེར་མེར་བོ་ལ་སོགས་པའི་སྐབས་ཀྱི་འབྱུང་བཞི་སྨིན་པ་ལས་སྐྱེ་བའི་ཕྱིར།
དཔེར་ན་ཆང་གི་ནུས་པ་ལས་མྱོང་པའི་སེམས་བསྐྱེ་བ་བཞིན་ནོ། དེ་ཡང་འཇིག་རྟེན་འདི་ཁོ་ནའི་དབང་དུ་བྱས་པ་ཡིན་གྱི་འཇིག་རྟེན་ཕ་རོལ་ནི་མེད་དོ་ཞེས་སྨྲའོ།
Moreover, the Hedonists say: This world has producing causes because the development of the embryo is produced from the maturation of the four elements. For example, just like an intoxicated mind is produced from the potency of alcohol. Moreover, this is only in terms of this world; there are no future lives.
རྒྱང་ཕན་དེས་ནི་ཆོས་ཅན། ཇི་ལྟར་ཆེས་ཤེན་ཏུ་ཕྲ་བའི་འཇིག་རྟེན་ཕ་རོལ་ཡོད་པ་དང་མེད་པ་སོགས་གང་ཡང་དག་པར་རྟོགས་པར་འགྱུར་སྟེ་མི་འགྱུར་བར་ཐལ།
འཇིག་རྟེན་འདི་ཉིད་དུ་མངོན་སུམ་དུ་མཐོང་བའི་ཤིན་ཏུ་རགས་པའི་དོན་གང་ལ་ཡིད་ཀྱི་མུན་པ་འཐུག་པོ་ཡོད་པའི་ཕྱིར།
The subject - those Charvakas - it follows that they will not correctly realised the very subtle [point] regarding the existence or non-existence of future lives because of being engulfed in thick mental darkness regarding the very coarse meaning regarding what is directly perceived in this very life.
རྟགས་གྲུབ་སྟེ། ས་ལ་སོགས་པའི་འབྱུང་བ་བཞི་པོ་འདི་དག་ཁྱོད་ཀྱི་གཞུང་ལས་བཤད་པའི་བདག་ཉིད་གང་ཞིག་གིས་ནི་
ཁྱོད་ཀྱི་བློའེ་ཡུལ་དུ་གྱུར་བ་དེ་ལྟ་བུའི་བདག་ཉིད་ཅན་དུ་ནི་ཡོད་པ་མ་ཡིན་པའི་ཕྱིར།
The sign is established because the nature of these four elements (earth and so forth) that are explained in your treatises do not exist as such a nature in accordance with their becoming an object of your awareness.
དོན་ཧྲིལ་གྱིེས་འདྲིལ་ན། འབྱུང་བས་སེམས་ཅན་གྱི་ཉེར་ལེན་བྱེད་པ་ཁྱེད་ཀྱི་གཞུང་ལས་བཤད་ཀྱང་དེ་ལྟར་མ་གྲུབ་ཅེས་པའོ།
If summarised, although it is explained in your treatises that the elements function as the substantial causes of sentient beings, they are not established as such.
འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའིེ་དུས་སུ་རྒྱང་ཕན་བདག་ཉིད་ནི་ཆོས་ཅན། ཤེས་བྱའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་བལྟ་བར་རྟོགས་པར་བྱ་བ་ཡིན་ཏེ།
འཇིག་རྟེན་ཕ་རོལ་ལ་སྐུར་འདེབས་དང་འབྱུང་བཞི་བདེན་གྲུབ་ཏུ་སྒྲོ་འདོགས་པ་དེ་གཉིས་ཀའི་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡིན་པའི་ཕྱིར།
The subject - the selfhood [posited by the] Charvakas when refuting future lives - it should be realised as an erroneous view of the nature of objects of knowledge because it is only endowed with a body and is equally a view that both deprecates future lives and reifies the four elements as truly established.
དཔེར་ན་གང་གི་ཚེ་འབྱུང་བའི་བདག་ཉིད་བདེན་པར་ཡོད་པ་ཉིད་དུ་ཁས་ལེན་པ་དེའི་ཚེ་བཞིན་ནོ།
For example, it is just like asserting that the nature of the elements is truly existent.
མདོར་བསྡུས་ན་རྒྱང་ཕན་གྱི་ལུས་རྟེན་དེ་ལྟ་བ་ངན་པའི་རྟེན་ཡིན་པས་བློ་ཕྱིན་ཅི་ལོག་ཏུ་གྲུབ་ཅེས་པའི་དོན་ནོ།
In short, due to the physical support of the Charvakas being a support of bad views, the awareness is established to be erroneous.
དེ་ལ་ཁོ་ན་རེ། དཔེ་མ་གྲུབ་སྟེ། འབྱུང་བ་བདེན་པར་ཡོད་པའི་ཕྱིར་ཞེ་ན།
Someone says: The example is not established because the elements are truly existent.
རང་བཞིན་གྱིས་སྐྱེ་བ་སྤྱིར་བཀག་པའི་སྒོ་ནས་སྔར་བདེན་སྟོང་དུ་མ་བཤད་པའི་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ཏེ།
འབྱུང་བ་དེ་དག་ཇི་ལྟར་བདེན་པར་ཡོད་པ་མ་ཡིན་པ་དེ་ལྟར་སྔར་བཤད་ཟིེན་པའི་ཕྱིར་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་གོང་དུ་རང་དང་གཞན་ལས་དང་གཉིས་ཀ་ལས་སྐྱེ་བ་དང་།
རྒྱུ་མེད་ལས་སྐྱེ་བ་བཀག་པའི་སྒོ་ནས་རང་བཞིན་གྱིས་སྐྱེ་བ་ཐུན་མོང་དུ་ནི་སྟེ་སྤྱིར་བཀག་ཟིན་པ་དེ་ཡི་ཕྱིར་དཔེ་མ་གྲུབ་པ་མིན་ནོ།
By way of having refuted inherent production in general, such elements that have not been previously explained as empty of true existence do not exist because the way in which those elements are not truly existent has already been explained previously; because by way of refuting production from self, other, both, and causeless production above, inherent production has already been refuted in general; therefore, the example is not not established.
Up a level: Madhyamaka