Refutation of self-knowers in other texts (Shantideva)

དཔེར་ན་དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་བྱི་དུག་ཞུགས་ཡོད་ཀྱང་རྨུགས་པ་མྱོང་གི་དུག་མ་མྱོང་ངོ་།
དེ་ལས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་རྨུགས་པའི་ཚེ་དུག་ཞུགས་པར་འདུག་སྙམ་དུ་དྲན་ཀྱང་སྔར་གྱི་ཚེ་དུག་མ་མྱོང་བ་བཞིན་ནོ།
(Gyaltsab Je:) For example, in winter, when the body is bitten by a rat, the rat-poison enters it; although the bite is experienced, the poison is not experienced. At a later time, when thunder is heard, then it is remembered "At the time of the bite, poison entered." despite the poison not having been experienced previously.

In that: དེ་ལ་


སྔོ་འཛིན་གྱི་དུས་སུ་སྔོ་འཛིན་ལ་མྱོང་བྱེད་ཀྱི་རང་རིག་མེད་ཀྱང༌། ཕྱིས་ངས་སྔོན་པོ་མཐོང་སྙམ་པའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་མི་འགལ་ཏེ།
(Tendarwa:) Although a self-knower experiencing the apprehender of blue does not exist at the time of the apprehension of blue, this is not contradictory with the later production of memory of the object-possessor thinking "I saw blue" because...

དཔེར་ན། དགུན་དུས་སུ་བྱི་བས་རྨུགས་པ་ན་དུག་ཞུགས་ནས། དཔྱིད་དུས་སུ་འབྲུག་སྒྲ་ཐོས་ནས་དུག་ལངས་པ་ན།
བྱི་བས་རྨུགས་པ་མ་སྤངས་པར་བྱི་བས་རྨུགས་པའི་དུས་སུ་དུག་ཞུགས་སོ་སྙམ་པའི་དྲན་ཤེས་སྐྱེ་བ་ལྟ་བུ་ཡིན་པའི་ཕྱིར།
For example, when bitten by a rat in winter, poison enters [the body]; then in spring, hearing the thunder, the poison flares up. At that time, a memory consciousness thinking "When I was bitten by the rat, poison entered [my body.]" arises without separating it from the rat bite.

དེར་ཐལ། དེ་སྐད་དུ་ཡང༌། སྤྱོད་འཇུག་ལས།
གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། །གཞན་མྱོང་བ་དང་འབྲེལ་པ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས་པའི་ཕྱིར།
That follows because Shantideva also says as such:
If self-knowers do not exist, how will the consciousness be remembered? It will be remembered in connection with the other-experience; just like the rat's poison.

དེ་དང་ཆོས་མཐུན་པ་ཡིན་ཏེ།
Those are concordant because:


Up a level: Refuting self-knowers as the proof of other-powered natures