Refutation of self-production (Gomde Uma)
Refuting production from a cause it is one nature with རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ།
མྱུ་གུ་དེ་ནི་ཆོས་ཅན། ས་བོན་དེ་ལས་འབྱུང་ན་དེ་ལས་འབྱུང་དགོས་པའི་ཡོན་ཏན་ལྷག་པོ་འགའ་ཡང་ཡོད་པ་མ་ཡིན་པར་ཐལ།
ས་བོན་གྱི་དུས་ན་ཁྱོད་ཀྱི་ངོ་བོ་རྫོགས་པར་གྲབ་ཟིན་པའི་ཕྱིར།
The subject - the sprout - it follows that when it arises from the seed there are no remaining attributes whatsoever that must arise from it because its nature is already completely established at the time of the seed.
རྒྱུའི་དུས་ན་གྲུབ་ཟིན་པ་ཞིག་རྒྱུ་ལས་སྐྱེ་ན་དོན་མེད་དུ་འགྱུར་བར་མ་ཟད།
ཤེས་བྱ་ཆེས་ཅན། ས་བོན་གྱི་དུས་ན་སྐྱེས་ཟིན་པར་གྱུར་པའི་མྱུ་གུ་སླར་ཡང་ས་བོན་ལས་འདབ་ནས་སྐྱེ་བ་རིགས་པའང་མ་ཡིན་པ་ཉིད་ཡིན་པར་ཐལ།
སྐྱེས་ཟིན་སླར་ཡང་སྐྱེ་བ་ལ་རིགས་པས་གནོད་པའི་ཕྱིར།
If that which is already established at the time of the cause were to arise from the cause, then not only would that be purposeless:
The subject - objects of knowledge - it follows that it is illogical for a sprout that is already produced at the time of the seed to be produced again from the seed because the repeated production of that already produced is undermined by reasoning.
What reasonings? (2)
ཤེས་བྱ་ཆོས་ཅན། མྱུ་གུའི་སྡོང་བུ་དང་། སྦུབས་འཆའ་བ་ལ་སོགས་པ་རྣམས་ཀྱི་སྐྱེ་བ་འཇིག་རྟེན་འདིར་གཏན་ནས་རྙེད་པར་མི་འགྱུར་བར་ཐལ།
ས་བོན་སྐྱེས་ཟིན་པ་སླར་ཡང་འདབ་ནས་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་སྟེ་རིགས་པའི་ཕྱིར།
ཁྱབ་སྟེ། ས་བོན་མ་འགག་པར་མྱུ་གུ་སྐྱེ་བ་མི་སྲིད་པའི་ཕྱིར།
(1) The subject - objects of knowledge - it follows that the production of a sprout's stalk, husk, etc., would never be found in this world because an already-established seed being produced again would be thoroughly conceived, i.e. logical.
Pervasion: Because the production of the sprout is impossible without the ceasing of the seed.
ཤེས་བ་ཆོས་ཅན། ས་བོན་སྲིད་པའིེ་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར་བར་ཐལ། རྟགས་སྔ་མ་དེའི་ཕྱིར།
ཁྱབ་སྟེ། ས་བོན་ལན་གཅིག་སྐྱེས་ཟིན་སླར་ཡང་འདབ་ནས་སྐྱེ་ན་འཁོར་བ་མ་སྟོང་བར་དུ་འདབ་ནས་སྐྱེ་དགོས་པའི་ཕྱིར།
(2) The subject - objects of knowledge - it follows that the seed would strongly produced until the end of existence because of the above sign.
Pervasion: Because if a seed that has already been produced once is produced again, then it will necessarily be repeatedly produced until samsara is empty.
དེ་ལ་ཁོ་ན་རེ། སྔར་བཤད་པའི་སྐྱོན་གཉིས་མེད་དེ། ཆུ་ལུད་དྲོད་གཤེར་རྣམས་ཀྱིས་ས་བོན་སྦང་རོ་ལྟ་བུར་བྱས་ནས་མྱུ་གུ་བསྐྱེད་པར་བྱེད་ལ།
མྱུ་གུས་ས་བོན་འཇིག་པར་བྱེད་པའི་ཕྱིར་ཞེ་ན།
Samkhya say: The two above faults do not apply because water, fertiliser, heat, moisture, and so forth, having made the seed like the leftovers of malting, function to produce the sprout and the sprout functions to disintegrate the seed.
ཤེས་བྱ་ཆོས་ཅན། ཇི་ལྟར་མྱུ་གུ་དེ་ཉིད་ཀྱིས་ས་བོན་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར་ཏེ་མི་འགྱུར་བར་ཐལ། ས་མྱུག་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར།
དཔེར་ན་མྱུ་གུས་མྱུ་གུ་འཇིག་པར་མི་བྱེད་པར་བཞིན་ནོ།
The subject - objects of knowledge - it follows that how could that very sprout function to disintegrate that seed? it could not because the seed and sprout are one nature.
For example, just like the sprout does not function to disintegrate the sprout.
Refuting that cause and effect are one entity རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་པ་དགག་པ།
ས་མྱུག་གཉེས་ལ་དབྱིབས་དང་ཁ་དོག་སོགས་མི་འདྲ་བའི་ཁྱད་པར་མི་འཐད་པའི་སྐྱོན་ཡོད་ཅེས་སྟོན་པ་ལ།
To indicate the fault that there could not be a difference of shape, colour, and so forth, between the seed and sprout:
གྲངས་ཅན་ཆོས་ཅན། ཁྱོད་ཀྱི་ལུགས་ལ་སྐྱེ་བར་བྱེད་པའི་རྒྱུ་ས་བོན་གྱི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་དང་སྨིན་པ་ལས་ཐ་དད་པའི།
སྐྱེ་བྱ་མྱུ་གུའི་དབྱིབས་དང་ཁ་དོག་དང་རོ་དང་ནུས་པ་དང་སྨིན་པའི་ཐ་དད་མེད་པར་འགྱུར་བར་ཐལ། ས་མྱུག་གཉིས་རང་བཞིན་གཅིག་ཡིན་པའི་ཕྱིར།
The subject - the Samkhya - it follows that, in their system, there would be no difference between the producing seed's shape, colour, taste, potency, and fruition, and the produced sprout's shape, colour, taste, potency, and fruition, because the seed and sprout are one nature.
ཁོ་ན་རེ། གལ་ཏེ་ས་མྱུག་རང་བཞིན་གཅིག་ཡིན་ཀྱང་། ས་མྱུག་གཉེས་ལ་དབྱིབས་སོགས་ཐ་དད་མེད་པར་ཐལ་བའི་སྐྱོན་མེད་དེ།
ས་བོན་དེ་སྔར་གྱི་བདག་གི་དངོས་པོའེ་གནས་སྐབས་བསལ་ནས། ས་བོན་གྱི་གནས་སྐབས་ལས་གཞན་མྱུ་གུའི་གནས་སྐབས་ཀྱི་ངོ་བོར་འགྱུར་བའི་ཕྱིར།
Samkhya: Although the seed and sprout are one nature, there is no fault of consequently being no difference between the shape and so forth of the seed and sprout because the seed's former state of the thing-in-itself having been eliminated, it transforms into the entity of the state of the sprout (which is different from the state of the seed).
ཤེས་བྱ་ཆོས་ཅན། ས་བོན་དེའི་རང་བཞིན་དང་མྱུ་གུའི་རང་བཞིན་དེ་ཉིད་གཅིག་ཡིན་ཞེས་པ་ཇི་ལྟར་རིགས་པར་འགྱུར་ཏེ་མི་འགྱུར་བར་ཐལ།
ས་བོན་དེ་ས་བོན་གྱི་གནས་སྐབས་བཏང་ནས་མྱུ་གུའི་ངོ་བོར་འཕོ་དགོས་པ་དེའི་ཚེ་སྟེ་དེའི་ཕྱིར།
ཁབ་སྟེ། ས་མྱུག་གཉེས་ལ་སོ་སོའི་གནས་སྐབས་ལ་མ་ལྟོས་པའི་ངོ་བོ་གཞན་མེད་པའི་ཕྱིར།
The subject - objects of knowledge - it follows that the nature of the seed and the nature of the sprout being one could not be logical because the seed, having discarded the state of a seed, must transfer into the entity of the sprout.
Pervasion: Because the individual states of the seed and sprout are not unrelated different entities.
གལ་ཏེ་གྲངས་ཅན་ཁྱོད་ཀྱི་ལུགས་ལྟར་ན་ཉེས་པ་འདི་ཡང་ཡོད་དེ། མྱུ་གུའི་དུས་ན་ས་བོན་ཚད་མས་བཟུང་དུ་མེད་པ་དེ་བཞིན་དུ།
མྱུ་གུ་ཞེས་བྱ་བ་དེ་ཡང་ཚད་མས་བཟུང་དུ་མེད་པར་ཐལ། ས་བོན་གྱི་རང་བཞིན་དང་མྱུ་གུའི་རང་བཞིན་འཇིག་རྟེན་འདིར་གཞན་མ་ཡིན་པར་གཅིག་ཡིན་པའི་ཕྱིར།
According to your system (Samkhya), there is also this fault: It follows that just like the seed is not apprehended by valid cognition at the time of the sprout, also the sprout would not be apprehended by valid cognition because the nature of seed and the nature of sprout are not different in this world, i.e. are one.
ཡང་ན་ཇི་ལྟར་མྱུ་གུའི་དུས་ན་མྱུ་གུ་འདི་དབང་ཤེས་ཀྱིས་བཟུང་དུ་ཡོད་པ་དེ་བཞེན་དུ་ས་བོན་དེ་ཡང་དབང་ཤེས་ཀྱིས་བཟུང་དུ་ཡོད་པར་འགྱུར་བར་ཐལ།
ས་མྱུག་དེ་དག་རང་བཞིན་གཅིག་ཡིན་པའི་ཕྱིར།
Alternatively, it follows that just like the sprout is apprehended by an eye-consciousness at the time of the sprout, also the sprout would be apprehended by an eye-consciousness because the seed and sprout are one nature.
དེས་ན་ས་མྱུག་གཉེས་རང་བཞིན་གཅིག་ཡིན་པ་འདི་ནི་ཁས་བླང་བར་མི་བྱ་སྟེ། ས་མྱུག་རང་བཞིན་གཅིག་ཡིན་པ་ལ་རིགས་པ་ཡང་དག་གིས་གནོད་པ་དེའི་ཕྱིར།
Therefore, it should not be asserted that the seed and sprout are of one nature because the seed and sprout being of one nature is undermined by correct reasoning.
Refutation in relation to worldly convention (minds unaffected by tenets) གྲུབ་མཐས་བློ་མ་བསྒྱུར་བའི་ཐ་སྙད་དུ་མེད་པ།
ཤེས་བྱ་ཆོས་ཅན། ས་བོན་གྱི་རང་བཞེན་དང་མྱུ་གུའི་རང་བཞིན་དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན་ཏེ།
རྒྱུ་མཚན་གང་གི་ཕྱིར་ན་རྒྱུ་ས་བོན་ཞིག་པ་ན་ཡང་ས་བོན་དེའེ་འབྲས་བུ་མྱུ་གུ་འཇིག་རྟེན་གྱི་ཚད་མས་མཐོང་བའིེ་ཕྱེར།
The subject - objects of knowledge - the world does not assert that the nature of the seed and the nature of the sprout are one because the sprout (the result of that seed) is perceived by worldly valid cognition even when the seed (the cause) has disintegrated.
Refutation through reasoning in the Root Wisdom རྩ་བ་ཤེས་རབ་ཀྱི་རིགས་པས་དགག་པ།
མྱུ་གུ་ཆོས་ཅན། ཁྱོད་བདག་ལས་སྐྱེ་བ་ཁས་བླང་བར་བྱ་བ་རིགས་པ་མ་ཡིན་ཏེ། ཁྱོད་བདག་ལས་སྐྱེ་བར་འདོད་ན་སྐྱེ་བར་བྱ་བ་འབྲས་བུ་དང་།
སྐྱེ་བར་བྱེད་པ་རྒྱུ་དང་། གང་ཞིག་བྱ་བའི་ལས་དང་། གང་གིས་བྱེད་པའི་བྱེད་པ་པོ་ཡང་གཅིག་ཉིད་དུ་འགྱུར་ན་དེ་དག་ནི་གཅིག་ཉིད་མ་ཡིན་པ་དེས་ནའི་ཕྱིར།
The subject - the sprout - it is not logical to assert that it is produced from itself because if it is asserted that it is produced from itself, then produced results and producing causes, as well as objects and agents, would become just one; whereas they are not just one.
བསྲེག་པར་བྱ་བ་ཤིང་ལ་སོགས་པ་ལས་སུ་གྱུར་པའི་སྲེག་པར་བྱེད་པ་པོ་ནི་མེའོ།
དེ་ལ་བུད་ཤིང་གང་ཡིན་པ་དེ་ཉིད་དང་མེ་གཉིས་ངོ་བོ་ཉིད་ཀྱིས་གཅིག་ཡིན་ན་བྱེད་པ་པོ་དང་ལས་རྣམས་གཅིག་ཏུ་འགྱུར་ན།
རྫ་མཁན་དང་བུམ་པའམ་གཅད་བྱ་དང་གཅོད་པ་པོ་གཅིག་ལ་ཉིད་དུ་ནི་མ་མཐོང་ཞིང་ཁས་ཀྱང་མ་བླངས་པས་མི་རིགས་སོ།
ཐལ་པ་འདིས་ནི་བཟློག་ཕྱོགས་ལ་ལས་དང་བྱེད་པ་པོ་ཡིན་པའི་གཏན་ཚིགས་ཀྱིས་མེ་དང་ཤིང་གཉིས་ངོ་བོ་ཉིད་ཀྱིས་གཅིག་ཏུ་མེད་པ་འཕེན་པའོ།
Ocean of Reasoning: That which is burnt is wood and so forth and the agent of the activity of burning is fire. If the very thing which is the kindling and the fire were one by way of entity-ness, then agents and objects would be one. In that case, the potter and the pot, that to be cut and the cutter, [etc.], would be just one but that is not perceived nor is it suitable to be asserted. This consequence conveys its opposite: that using the reason of being object and agent, fire and wood are not one by way of entity-ness.
Up a level: Refuting production from self