Refutation via non-refutation of ultimate production

ཁོ་ན་རེ། ཐ་སྙད་དུ་གཞན་སྐྱེ་ཡོད་དེ། དེ་མེད་ན་ཀུན་བྱང་མེད་པར་འགྱུར་པའི་སྐྱོན་ཡོད་པའི་ཕྱིར་ཞེ་ན།
Someone says: Other-production exists conventionally because if it did not exist, then there would be the fault that the thoroughly afflicted and completely pure would not exist.

དེ་མི་འཐད་པར་ཐལ། གཞན་སྐྱེ་ཡོད་ན་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་པའི་སྐྱོན་ཡོད་པའི་ཕྱིར།
Response: It follows that that is incorrect because if other-production exists, then there would be the fault that ultimate production would not be refuted.

གཟུགས་སོགས་ཆོས་ཅན། ཁྱོད་རང་བཞིན་གྱིས་སྐྱེ་བ་ཚད་མ་གང་གིས་གྲུབ་པ་ཡིན་པར་འགྱུར་ཏེ་མི་འགྱུར་བར་ཐལ།
དེ་ཁོ་ན་ཉིད་དོན་དམ་ལ་དཔྱོད་པའི་སྐབས་སུ་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བའི་རིགས་པ་གང་ཞིག་གིས་བདག་དང་གཞན་ལས་སྐྱེ་བ་རིགས་པ་མ་ཡིན་པར་བསྒྲུབས་ཟིན་པའི་རིགས་པ་དེས། ཐ་སྙད་དུ་ཡང་བདག་དང་གཞན་ལས་སྐྱེ་བ་རིགས་པ་མ་ཡིན་པར་འགྲུབ་པའི་ཕྱིར།
The subject - forms and so forth - it follows that their inherent production would not be established by any valid cognition because the reasoning through the consequences that production would be senseless and endless in the context of ultimate analysis wrt suchness, which has already established production from self and other as being illogical, also establishes that production from self and other is illogical conventionally.

དེའི་ཕྱིར་རང་བཞིན་གྱིས་ཡོད་ན་དོན་དམ་པར་ཡོད་དགོས་པའི་ཕྱིར་རོ།།
Therefore, if it inherently exists, then it necessarily ultimately exists.


ཤེས་བྱ་ཆོས་ཅན། རྒྱ་འབྲས་ཀྱི་དངོས་པོ་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་ན་ཡང་རྒྱུ་ལས་འབྲས་བུ་འབྱུང་བ་འཐད་དེ།
རང་བཞིན་གྱིས་སྟོང་པའི་རྒྱུ་དག་ལས་རང་བཞིན་གྱིས་སྟོང་པའི་རང་གི་འབྲས་བུ་རབ་ཏུ་སྐྱེ་བར་འགྱུར་པའི་ཕྱིར།
The subject - objects of knowledge - despite all things (causes and effects) being empty of inherent establishment, the arising of effects from causes is feasible because from causes that are empty of inherent existence, effects that are empty of inherent existence are produced.

དཔེར་ན། དངོས་པོ་སྟོང་པ་བརྫན་པ་གཟུགས་བརྙན་ལ་སོགས་པའི་འབྲས་བུ་རྣམས། མེ་ལོང་དང་བྱད་བཞིན་ལ་སོགས་པ་རང་གི་རྒྱུ་རྐྱེན་ཚོགས་པ་ལྟ་ལྟོས་ནས་སྐྱེ་བར་
མ་གྲགས་པ་མ་ཡིན་པར་གྲགས་ཤིང་། ཇི་ལྟར་མེ་ལོང་དེར་གྲགས་པའིེ་གཟུགས་བརྙན་སོགས་བདེན་པས་སྟོང་པའི་བརྫུན་པ་དེ་ལས་མིག་གི་རྣམ་པར་ཤེས་པ་
གཟུགས་བརྙན་དེའི་རྣམ་པ་ཅན་དུ་སྐྱེ་བར་འགྱུར་བ་ལྟར་དཔེ་དེ་བཞིན་ནོ།
For example, results that are falsities (empty things), such as reflections and so forth, are renown as being produced in dependence upon their collection of causes and conditions, such as a mirror and a face. It is similar to how reflections and so forth (renown to appear in mirrors) are falsities that are empty of true existence will produce an eye-consciousness possessing the aspect of that reflection.


Up a level: Four great reasonings refuting establishment by own-character (Gomde)