Refutation via the Arya meditative equipoise

དབུ་མ་པ་ཁ་ཅིག དོན་དམ་པར་གཞན་སྐྱེ་འགོག་པ་རིགས་མོད། གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད།
ཞེས་འཇེག་རྟེན་གྱི་ཐ་སྙད་དུ་གཞན་སྐྱེ་འགོག་པ་མི་རིགས་ཏེ། དངོས་པོ་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བའི་ཕྱིར་ཞེ་ན།
Some Madhyamikas say: Although it is suitable to refute other-production ultimately, it is unsuitable to refute other-production in terms of worldly conventions by saying "There is also no production from other in the world" because conventionally, things are inherently produced.

གལ་ཏེ་གཟུགས་སོགས་ཀྱི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྒྱུ་རྐྱེན་ལ་བརྟེན་ནས་སྐྱེ་བར་གྱུར་ན།
སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཆོས་ཅན།
ཁྱོད་ཀྱིས་དངོས་པོའི་རང་བཞིན་དེ་ལ་བསྐུར་བ་བཏབ་པ་སྟེ་ཡོད་བཞིན་དུ་མེད་པར་རྟོགས་པའི་སྒོ་ནས་སྟོང་ཉིད་རྟོགས་པར་ཐལ།
དངོས་པོ་རང་བཞིན་གྱིས་ཡོད། ཁྱོད་ཀྱིས་དངོས་པོ་རང་བཞིན་མེད་པར་རྟོགས་པའི་ཕྱིར།
Response: If things (forms and so forth) were produced in dependence upon causes and conditions that are established by way of their own characteristics, then the subject - an Arya's exalted wisdom of meditative equipoise realising emptiness - it follows that it realises emptiness by way of deprecating the nature of things, i.e. by realising that which exists as non-existent, because 1) things inherently exist and 2) it realises things as lacking inherent existence.

དང་པོ་དངོས། ཕྱི་མ་དེར་ཐལ། དངོས་པོ་རང་བཞིན་གྱིས་ཡོད་ན་ཁྱོད་ཀྱིས་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར། ཕྱི་མ་ཁས།
The first is obvious. The second follows because 1) if things inherently existed, then it would necessarily observe that whereas 2) it does not observe that. You asserted the latter.

དང་པོ་དེར་ཐལ། རང་བཞིེན་གྱིས་གྲུབ་ན་གནས་ལུགས་སུ་གྲུབ་དགོས།
དེར་གྱུབ་ན་སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་དམིགས་དགོས་པའི་ཕྱིར།
The first follows because if it is inherently established, then it is necessarily established as the mode of abiding, and if it is established as that, then that would necessarily be observed by the Arya's exalted wisdom of meditative equipoise realising emptiness.

རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་དངོས་པོ་རང་བཞིེན་གྱིས་ཡོད་པ་འཇིག་པའི་རྒྱུ་ཡིན་པར་ཐལ།
ཁྱོད་ཀྱི་སྔར་དངོས་པོ་རང་བཞིན་གྱིས་ཡོད། ཁྱོད་སྐྱེས་པའིེ་ཚེ་དངོས་པོ་རང་བཞིན་གྱིས་མེད་པར་སོང་བ་གང་ཞིག །དེ་ལྟར་བྱེད་པ་པོ་ཁྱོད་ལས་གཞན་པ་མེད་པའིེ་ཕྱིར།
If the root [consequence] is accepted: That subject, it follows that it is the cause for the destruction of the inherently existent things because 1) prior to it, things inherently existed, but when it is produced, then things come to lack inherent existence, and 2) there is no agent of that other than it.

དེས་ན་དངོས་པོ་རང་བཞིན་གྱིས་ཡོད་པ་དེ་ནི་རིགས་པ་མ་ཡིན་ཏེ།
དེ་ཡོད་ན་སྟོང་ཉིད་རྟོགས་པའི་འཕགས་པའི་མཉམ་གཞག་ཡེ་ཤེས་དངོས་པོ་འཇིག་པའི་རྒྱུར་ཐལ་བའི་སྐྱོན་ཡོད་པ་དེའེ་ཕྱིར།
Therefore, inherently existent things are not suitable because if they existed, then there would be the fault that consequently the Arya's exalted wisdom of meditative equipoise realising emptiness would be the cause for the destruction of things.


Up a level: Four great reasonings refuting establishment by own-character (Gomde)