Refutation via withstanding ultimate analysis
གཟུགས་སོགས་རང་བཞིན་གྱིས་མ་གྲུབ་སྟེ། དེ་གྲུབ་ན་རིགས་པའི་དཔྱད་བཟོད་དུ་གྲུབ་དགོས།
Forms and so forth are not inherently established because if they were, then they would necessarily be established as withstanding analysis through reasoning.
ཤེས་བྱ་ཆོས་ཅན། གཟུགས་སོགས་འཇིག་རྟེན་གྱི་ཐ་སྙད་བདེན་པ་རྣམས་ལ་བདག་ལས་སྐྱེའམ་གཞན་ལས་སྐྱེ་ཞེས་རིགས་པས་བརྟགས་ནས་སམ་རྣམ་པར་དཔྱད་པའི་
སྒོ་ནས་ཁས་བླང་བར་མི་བྱ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་གཟུགས་སོགས་ཀྱི་དངོས་པོ་འདི་དག་བདག་ལས་སྐྱེའམ་གཞན་ལས་སྐྱེ་ཞེས་རྣམ་པར་དཔྱད་ན།
དེ་ཁོ་ན་ཉིད་ཀྱི་བདག་ཉིད་ཅན་རང་བཞིན་གྱིས་མ་སྐྱེས་པའི་དངོས་པོ་ལས་ཚུ་རོལ་ཏེ་གཞན་དུ་བདེན་པར་གྲུབ་པའི་གནས་རྙེད་པ་མ་ཡིན་པ་དེའི་ཕྱིར།
The subject - objects of knowledge - forms and so forth, i.e. true worldly conventions, should not be asserted as produced from self or produced from other by way of investigation or analysis through reasoning. Why? Because if these things, i.e. forms and so forth, are analysed in terms of being produced from self or produced from other, then apart from the nature of suchness, i.e. that things are not inherently produced, a source of true establishment is not found.
Up a level: Four great reasonings refuting establishment by own-character (Gomde)