Refutations by way of the yogis direct realisation of suchness
ཤེས་བྱ་ཆོས་ཅན། མང་བཀུར་བ་ཁྱོད་ཀྱི་ལུགས་ལ་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་དེའེ་ཚེ་དེས་ངེས་པར་ཕུང་པོའེ་དངོས་པོ་རྣམས་
མེད་པར་རྟོགས་པར་འགྱུར་བར་ཐལ། ཕུང་པོ་རང་བཞིན་གྱིས་གྲུབ་པའི་བདག་ཡིན་པའི་ཕྱིར།
The subject - objects of knowledge - it follows that in the Sammitīyā system, when yogis directly perceive selflessness, they definitely realise the non-existence of things, i.e. the aggregates, because the aggregates are the inherently established self.
ཁྱབ་སྟེ། རྣལ་འབྱོར་པས་བདག་མེད་མཐོང་བའི་དོན་ནི་རང་བཞིན་གྱིས་གྲུབ་པའི་བདག་མེད་པར་རྟོགས་པ་ལ་བྱེད་རིགས་པའི་ཕྱིར་རོ།
རྟགས་འདི་རང་ལུགས་ལ་གྲུབ་བོ།
There is pervasion because the meaning of yogis perceiving selflessness is suitable to be taken as realising the non-existence of an inherently established self. This sign is established in your system.
དོན་ཐོབ་ནི་བདག་མེད་མཐོང་བའི་ཚེ་ཕུང་པོ་མེད་པར་རྟོགས་པར་འགྱུར་ཞེས་པའོ།
The implied meaning: When selflessness is perceived, the non-existence of the aggregates will be realised.
ཁོ་ན་རེ། བདག་མེད་པ་མཐོང་བའི་ཚེ་ཕུང་པོ་མེད་པར་རྟོགས་པའི་སྐྱོན་མེད་དེ། ཕུང་པོ་བདག་ཏུ་བཞག་པ་ནི་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་གྱི་
དགག་བྱའི་བདག་མིན་ལ། རྣལ་འབྱོར་པས་བདག་མེད་རྟོགས་པའི་ཚེ་རྟག་པའི་བདག་ཙམ་སྤོང་བ་སྟེ་མེད་པར་མཐོང་རྒྱུའི་དགག་བྱའི་བདག་ནི་
རྟག་གཅིག་རང་དབང་ཅན་དུ་གྱུར་པའི་ནང་གི་བྱེད་པའི་སྐྱེས་བུ་ལ་བྱེད་དོ་ཞེ་ན།
Objection: There is no fault that when perceiving selflessness, the aggregates are realised as non-existent because positing the aggregates as the self is in relation to the self that is the support of cause and effect; not the self that is the object of negation. Also, when yogis realise selflessness, they abandon, i.e. perceive as non-existent, just the permanent self; whereas, the self that is the object of negation is taken as the being that is the inner agent and is permanent, unitary, and independent.
འོ་ན། མང་བཀུར་པ་ཁྱོད་ཀྱི་ལུགས་ལ་སེམས་སོ། ཕུང་པོ་ལྔ་བཏགས་དོན་བཙལ་ནས་རྙེད་པའི་བདག་ཏུ་མི་འབྱུང་བར་ཐལ།
བདག་མེད་མཐོང་ཞེས་པ་དེའི་ཚེ་རྟག་པའི་བདག་ཙམ་བདག་ཏུ་འཇོག་གི་ཕུང་པོ་བདག་ཏུ་མི་འཇོག་པ་དེའི་ཕྱིར།
Answer: In that case, think about your own system, Sammitīyā! It follows that the five aggregates do not exist as a self that is findable upon searching for the designated-object because saying "perceiving selflessness" is posited in relation to just a permanent self as the self and not posited in relation to the aggregates as the self.
ཁྱབ་སྟེ། ཕུང་པོ་བཏགས་དོན་བཙལ་ནས་རྙེད་པའི་བདག་ཡིན་ན་དགག་བྱའི་བདག་ཡིན་དགོས་པའི་ཕྱིར།
There is pervasion because if the aggregates are a self that is findable upon searching for the designated-object, then it is necessarily the self that is the object of negation.
དོན་བསྡུ་ན། ཁྱོད་ཀྱི་ལུགས་ལ་བདག་གི་སྒྲ་ལས་འབྲས་ཀྱི་སྐབས་དང་། དགག་བྱའི་སྐབས་གཉིས་སུ་དབྱེ་ནས་གང་དགར་འཇུག་པར་མི་རིགས་ཞེས་པའོ།
In short, in your system, having divided the term "self" into that in the context of the result and that in the context of the object of negation, it is illogical to apply it as you wish.
གཞན་ཡང་མང་བཀུར་བ་ཁྱོད་ཀྱི་ལུགས་ལ་རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བ་དེ་ཡིས་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་
མངོན་སུམ་དུ་རྟོགས་པར་མི་འགྱུར་བར་ཐལ། དེའི་ཚེ་རྟག་གཅིག་རང་དབང་ཅན་གྱི་བདག་ཙམ་མེད་པར་རྟོགས་པའི་ཕྱིར།
Moreover, it follows that in the Sammitīyā system, the yogis' direct perception of selflessness would not directly realise the suchness of forms and so forth because at that time it realises the non-existence of just a permanent, unitary, independent self.
འདོད་ན། བདག་མེད་མཐོང་བའི་རྣལ་འབྱོར་པ་ཆོས་ཅན། ཁྱོད་ལ་ཉོན་མོངས་སྤོང་བའི་ལམ་མེད་པར་ཐལ།
ཁྱོད་ཀྱིས་གཟུགས་སོགས་རྟག་པའི་བདག་གིས་སྟོང་བ་ཙམ་རྟོགས་ཀྱི་གཟུགས་སོགས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར།
If accepted: The subject - the yogi perceiving selflessness - it follows that they lack a path to abandon the afflictions because they realise forms and so forth only being empty of a permanent self and do not realise the suchness of forms and so forth.
དཔེར་ན།
མེ་ཏོག་གི་ཟེའུ་འབྲུའི་རོ་མངར་མོ་རང་ཉིད་ཀྱིས་མ་མྱངས་པར་ཟེའུ་འབྲུ་ལ་ཁུ་བྱུག་གི་སྦྲང་རྩི་ཡོད་ཅེས་བརྗོད་པ་ཙམ་ཀྱིས་དེའི་རོ་མངར་མོ་མི་དམིགས་པ་བཞིན་ནོ།
For example, without oneself having experienced the sweet taste in a flower's stamen, one does not perceive its sweet taste by merely saying "there is cuckoo's nectar in the stamen."
དཔེར་ན་མེ་ཏོག་གི་ཟེའུ་འབྲུ་ལ་ཁུ་བྱུག་ཡོད་ཅེས་པ་ཙམ་གྱིས་ཟེའུ་འབྲུའི་མངར་པོ་ཉིད་རང་གིས་མ་མྱོངས་པར།
དེའི་མངར་པོ་དམིགས་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པས་ཕུང་པོའི་ཆོས་རྣམས་རྟག་པའི་བདག་དང་བྲལ་བར་མཐོང་བ་ཙམ་ཡོད་དུ་ཆུག་ཀྱང་།
གཟུགས་སོགས་དེའི་རང་བཞིན་སྔར་མ་ཤེས་པ་ཕྱིས་རྟོགས་པ་ཅི་ཡང་མི་དམིགས་སོ།
(LTK Illumination:) For example, by merely saying "there is a cuckoo on the flower's stamen", without personally tasting the sweetness in the stamen, one does not observe its sweetness. Similarly, although yogis merely perceive the phenomena of the aggregates as devoid of a permanent self, they are not observed to newly realise a previously unknown nature of forms and so forth.
ཡང་ཟེའུ་འབྲུ་ལ་ཁུ་བྱུག་མེད་པ་ཙམ་གྱིས་ཟེའུ་འབྲུའི་རོ་མངར་པོ་མྱངས་བཞིན་དུ་རོ་དེ་མ་དམིགས་པ་མ་ཡིན་ཞིང་།
དེར་གཏོགས་པའི་མངོན་ཞེན་སྤོང་མི་ནུས་པ་བཞིན་དུ། གཟུགས་སོགས་ཀྱི་རང་གི་ངོ་བོ་བདེན་པར་དམིགས་པས་རྟག་པའི་བདག་མེད་པར་མཐོང་བ་ལ།
གཟུགས་སོགས་ལ་དམིགས་པའི་ཆགས་སོགས་སྤོང་བའི་རྒྱུ་ཅི་ཞིག་འབྱུང་བར་འགྱུར་ཏེ་མི་འགྱུར་རོ།
Also, the mere non-existence of a cuckoo on the stamen does not [entail] the non-observation of its taste while experiencing the sweet taste of the stamen and not being able to abandon the desire for that. Similarly, due to observing the own-nature of forms and so forth as truly existent, how could the perception of those as lacking a permanent self arise as a cause for abandoning attachment and so forth observing forms and so forth? It would not.
ཁ་ཅིག ཕུང་པོ་ལྔ་ཆོས་ཅན། རྣལ་འབྱོར་པས་བདག་མེད་མངོན་སུམ་དུ་མཐོང་བའི་ཚེ་དེས་ཁྱོད་མེད་པར་མངོན་སུམ་དུ་མཐོང་བར་ཐལ། ཁྱོད་བདག་ཡིན་པའི་ཕྱིར་ཟེར་ན།
Someone says: The subject - the five aggregates - it follows that when the yogi directly perceives selflessness, they directly perceive those as non-existent because those are the self.
གང་ཟག་ཆོས་ཅན། དེར་ཐལ། དེའི་ཕྱིར།
Jetsunpa: The subject - the person - it follows that [when the yogi directly perceives selflessness, they directly perceive that as non-existent] because [that is the self].
རང་ལུགས་ལ། གང་ཟག་གི་ཕུང་པོ་ལྔ་ཆོས་ཅན། གསལ་བ་དེར་ཐལ། རང་བཞིན་གྱིས་གྲུབ་པའི་གང་ཟག་ཡིན་པའི་ཕྱིར།
In our own system: The subject - the five aggregates of the person - it follows that they are that predicate because of being an inherently established person.
Up a level: Refuting the Buddhist assertions of the aggregates as the self