Refuting a self that is a different entity from the aggregates imputed by Non-Buddhists
མུ་སྟེགས་གྲངས་ཅན་པ་རྣམས་ཀྱིས་ནི། ཕུང་པོ་ལས་དོན་གཞན་པའི་གང་ཟག་རྫས་ཡོད་བདག་གི་ངོ་བོ་དེ་ལྟ་བུའི་བདག་དེ་ཁྱད་ཆོས་ལྔ་ལྡན་དུ་ཁས་ལེན་པ་ཡིན་ཏེ།
གྲངས་ཅན་གྱིས་བདག་དེ།
The Non-Buddhist ../Preliminaries/Tenets/Samkhya assert that the self that is a substantially existent person separate from the aggregates possesses five distinguishing features because the Samkhyas assert that the self:
- In samsara, is the experiencer of pleasant and unpleasant results;
འཁོར་བའི་གནས་སྐབས་སུ་བདེ་སྡུག་གི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་དང་། - In liberation, then despite all transformations dissolving into the Prakriti, the self is a permanent thing that remains alone;
ཐར་པའི་གནས་སྐབས་སུ་རྣམ་འགྱུར་མ་ལུས་པ་གཙོ་བོ་ལ་ཐིམ་ཡང་བདག་དེ་རང་སྐྱ་བར་གནས་པའི་རྟག་པའི་དངོས་པོ་དང་། - Since it is not Prakriti, it is not the creator of transformations;
རང་བཞིན་མ་ཡིན་པས་རྣམ་འགྱུར་གྱི་བྱེད་པ་པོ་མ་ཡིན་པ་དང་། - It lacks the qualities of rajas, tamas, and sattva;
རྡུལ་མུན་སྙིང་རྟོབས་ཀྱི་ཡོན་ཏན་མེད་པ་དང་། - Due to pervasively existing in all objects, it is designated as lacking the activities of coming and going.
ཡུལ་ཐམས་ཅད་ལ་ཁྱབ་པར་ཡོད་པས་ཡུལ་རྣམས་སུ་འགྲོ་འོང་གི་བྱ་བ་མེད་པར་གཏགས་ནས་འདོད་པའི་ཕྱིར།
བྱེ་བྲག་པས་བདག་དེ་ཟ་བ་པོ་ཡིན་པ་རྟག་དངོས་ཡིན་པ་བྱེད་པ་པོ་ཡིན་པ་ཡོན་ཏན་དང་ལྡན་པ། བྱ་བ་མེད་པའི་ཁྱད་ཆོས་དང་ལྡན་པར་འདོད།
The Vaiśeṣikas assert that the self possesses the distinguishing features of: being the experiencer, being a permanent thing, being the creator, possessing the qualities, and lacking the activities.
བྱེ་བྲག་པ་ཁ་ཅིག་སྐུམ་པ་དང་རྐྱོང་བའི་བྱ་བ་དང་ལྡན་པར་འདོད།
Some Vaisheshikas assert that it possesses the activities of contracting and extending.
རིག་བྱེད་གསང་བ་པ་དག་ནི་བདག་སྣོད་བཅུད་ཐམས་ཅད་ལ་ཁྱབ་པའི་གཅིག་ཡིན་ཀྱང་རྟེན་ལུས་ཐ་དད་པས་སྣ་ཚོགས་པར་འཆར་བར་འདོད་དེ།
དཔེར་ན་ནམ་མཁའ་གཅིག་ཡིན་ཀྱང་སྣོད་མི་འདྲ་བའི་ནང་དུ་ཐ་དད་པར་འཚར་བ་བཞིན་ནོ་ཞེས་ཟེར་རོ།
Vedāntins assert that although the self is singular, pervading all contained and containers, it appears manifold due to different bodily supports. For example, although space is one, it appears different inside different containers.
The two refuting syllogisms:
མུ་སྟེགས་པ་དེ་དག་གིས་ཇི་ལྟར་བརྟགས་པར་དེ་ལྟར་དུ་གྱུར་པའི་བདག་ནི་ཆོས་ཅན། དེ་དག་གིས་བརྟགས་པ་ལྟར་དུ་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་བྲལ་བའིེ་ཕྱིར།
དཔེར་ན། མོ་གཤམ་གྱི་བུ་ལྟར་རོ།
The subject - the self as it is imputed by those Non-Buddhists - it does not exist as imputed by those because of being devoid of production; for example, like the son of a barren woman.
དེ་དག་གིས་བརྟགས་པའི་བདག་ནི་ཆོས་ཅན། ངར་འཛིན་ལྷན་སྐྱེས་ཀྱི་རྟེན་ཏེ་དམིགས་ཡུལ་དུའང་མི་རིགས་ཏེ། མ་སྐྱེས་པའི་ཕྱིར།
The subject - the self imputed by those - it is not suitable as the support, i.e. observed-object, of the innate apprehension of I because it is unproduced.
These two refute that self ultimately and conventionally by way of adding the ultimate qualification. However, previously, in the context of refuting self-production, it was said there is no purpose in adding the ultimate qualification; so why is it added here but earlier said to be unnecessary?
མུ་སྟེགས་པས་བཏགས་པའི་བདག་གི་ངོ་བོར་མ་ཟད་བདག་དེའི་ཁྱད་པར་ཀུན་ཀྱང་ཡོད་པ་མ་ཡིན་ཏེ།
རྒྱུ་མཚན་གང་གིས་ཕྱིར་ན་གྲངས་ཅན་གྱི་བསྟན་བཅོས་དང་བྱེ་བྲག་པ་སོགས་ཀྱི་བསྟན་བཅོས་ལས་བདག་དེའི་ཁྱད་ཆོས་ཟ་བ་པོ་དང་།
རྟག་དངོས་ཡིན་པ་སོགས་མུ་སྟེགས་པ་རྣམས་ཀྱིས་གང་བསྟན་པའི་གཞུང་དེ་ཀུན་ལ་མུ་སྟེགས་པ་རང་ལ་གྲགས་པའི་མ་སྐྱེས་པའི་གཏན་ཚིགས་ཀྱིས་གནོད་པ་དེའི་ཕྱིར།
Not only the nature of the self imputed by the Non-Buddhists, but also all its features do not exist because the distinguishing features taught in the Samkhya and Vaiśeṣika treatises, such as being the experiencer, being a permanent thing, and so forth are undermined by the reason of not being produced that renown in the Non-Buddhists own scriptures.
གཞན་ཡང་ཕུང་པོ་ལས་ངོ་བོ་གཞན་པའི་བདག་འགའ་ཡང་མེད་དེ། མུ་སྟེགས་པས་བཏགས་པའི་བདག་དེའི་ངོ་བོ་དང་ཁད་པར་གཉིས་ཀ་མེད་པ་དེའི་ཕྱིར་ཏེ།
ཕུང་པོ་བཟུང་བ་མ་གཏོགས་པར་བདག་དེ་ཡན་གར་དུ་འཛིན་པ་མ་གྲུབ་པའི་ཕྱིར།
Moreover, a self that is a different entity from the aggregates does not exist whatsoever because both the nature and features of the self imputed by the Non-Buddhists do not exist; because apart from apprehending the aggregates, that self is not established as being apprehended by itself.
རྟགས་དང་པོའེ་ཁྱབ་འབྲེལ་ནི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་ནི་མུ་སྟེགས་པ་ཡིན་ལ།
དེས་འདོད་པའི་བདག་གི་ངོ་བོ་དང་ཁྱད་པར་ཁེགས་ན་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་ཀྱང་མེད་པ་འབད་མེད་དུ་ཐུབ་བོ་ཞེས་པའོ།
The pervasion-relationship for the first sign: Proponents of tenets asserting a self that is a different entity from the aggregates are Non-Buddhists and if the nature and features of the self asserted by them is refuted, then a self that is a different entity from the aggregates can also effortlessly refuted.
གཉིས་པའི་ཁྱབ་འབྲེལ་ནི་བདག་ཕུང་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན། འབྲེལ་མེད་དོན་གཞན་ཡིན་དགོས་ལ།
དེ་ལྟར་ན་ཕུང་པོ་བཟུང་བ་ལ་མ་ལྟོས་པར་བདག་དེ་ཡན་གར་དུ་འཛིན་རྒྱུ་ཅི་ཞིག་ཡོད་དགོས་ཏེ། དཔེར་ན་བུམ་པ་མ་བཟུང་བར་སྣམ་བུ་འཛིན་དུ་ཡོད་པ་བཞིན་ནོ།
The pervasion-relationship of the second is: If the self is inherently established other than the aggregates, then they would necessarily be unrelated different objects; in that case, the self would necessarily be apprehended by itself without depending upon apprehending the aggregates, for example, just like cloth can be apprehended without apprehending a pot.
ཕུང་པོ་ལས་ངོ་བོ་གཞན་པའི་རྟག་གཅིག་རང་དབང་ཅན་གྱིས་བདག་འདི་ནི་ཆོས་ཅན། འཇིག་རྟེན་འཁོར་བ་པོའེ་ངར་འཛིན་གྱི་བློ་ཡི་རྟེན་ཏེ་དམིགས་ཡུལ་དུ་ཡང་
མི་འདོད་དེ། དེ་འདྲ་བའི་བདག་དེ་རིག་པ་མ་ཡིན་པ་སྟེ་དམེགས་ཡུལ་དུ་མ་བྱས་པར་ཡང་བདག་ལྟའི་བློ་སྐྱེ་བ་ཡོད་པའི་ཕྱིར།
The subject - a permanent, unitary, independent self that is a different entity from the aggregates - it is also not asserted as the support, i.e. observed-object, of the apprehension of an I of worldly samsaric beings because an awareness viewing a self can arise even without knowing, i.e. taking as an observed-object, such a self.
རྟགས་དེར་ཐལ། སེམས་ཅན་གང་དག་དུད་འགྲོར་བསྐལ་པ་མང་པོར་ཆེས་བརྐྱལ་བར་གྱུར་པ་དེས་ཀྱང་
མུ་སྟེགས་པས་བཏགས་པའི་མ་སྐྱེས་པ་དང་རྟག་པའི་བདག་འདི་མ་མཐོང་ལ། ངར་འཛིན་འཇིེག་ལྟ་ནི་དེ་དག་ལ་ཡང་འཇུག་པ་སྟེ་སྐྱེ་བར་མཐོང་བའི་ཕྱིར།
That follows because even sentient beings wandering for many eons in the animal realm, have not perceived this unproduced and permanent self imputed by the Non-Buddhists; whereas the view of the transitory collection apprehending I is perceived to operate, i.e. arise, also for them.
ཀྱང་གི་སྒྲས་དམྱལ་བ་པ་སོགས་བསྡུད་དོ།
The word "even" is in order to include the hell-beings and so forth.
དེའི་རྟགས་ཁྱབ་ཚད་མས་གྲུབ་ཅིང་བསལ་བ་མུ་སྟེགས་པའི་དངོས་འགལ་ལོ།
The sign and pervasion in that are established by valid cognition; the predicate is the Non-Buddhists direct contradiction.
ཤེས་བྱ་ཆོས་ཅན། ཕུང་པོ་ལས་ངོ་བོ་གཞན་པའི་བདག་འགའ་ཡང་མེད་དེ། དེ་ལྟར་སྒྲུབ་ཟིན་པ་དེ་ནའི་ཕྱིར།
The subject - objects of knowledge - a self that is a different entity from the aggregates does not exist whatsoever because that has already been proven as such.
Up a level: Refuting the inherent establishment of I and Mine (Gomde)