Refuting a substantially existent person that is inexpressible as same or different
རང་སྡེ་མང་བཀུར་བ་ཁ་ཅིག བདག་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་ངོ་བོ་གཞན་ཡིན་པ་ལ་ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར།
ཞེས་པའི་གནད་བྱེད་དང་དེ་གཉིས་ངོ་བོ་གཅིག་ཡིན་པ་ལ་བདག་སྐྱེ་འཇིག་ཅན་དུ་འགྱུར་བ་སོགས་ཀྱི་གནོད་བྱེད་ཡོད་པའི་ཕྱིར།
The Buddhist Sammatīya say:
Since there are the refutations:
- Regarding the self and aggregates being different inherently established entities: "Apart from the aggregates, apprehending that is not established." [6.124ab] and
- Regarding those two being one entity: That the self would possess production and disintegration, and so forth
བདག་ཕུང་ངོ་བོ་དེ་ཉིད་ཏེ་གཅིག་དང་། ངོ་བོ་གཞན་ཉིད་དུ་བརྗོད་དུ་མེད་ཅིང་། དེ་མ་ཟད་རྟག་པ་དང་མི་རྟག་པ་ལ་སོགས་པར་ཡང་བརྗོད་དུ་མེད་ཀྱང་
གང་ཟག་དེ་རྫས་སུ་ཡོད་པར་ནི་འདོད་དེ། གང་ཟག་དེ་རྒྱུའི་གནས་སྐབས་ན་ལས་བྱེད་པ་པོ་དང་། འབྲས་བུའི་གནས་སྐབས་ན་རྣམ་སྨིན་མྱོང་བ་པོ་དང་།
འཁོར་བའི་གནས་སྐབས་ན་བཅིངས་པ་པོ་དང་། མྱང་འདས་ཀྱི་གནས་སྐབས་ན་གྲོལ་བ་པོ་ཡིན་པའི་ཕྱིར།
We assert that the self is inexpressible as just that, i.e. one with the aggregates, or as just a different entity. Moreover, although it is also inexpressible as permanent or impermanent and so forth, the person is substantially existent because the person is:
- The doer of actions at the time of the cause,
- The experiencer of fruitions at the time of the result,
- The one bound at the time of samsara, and
- The one liberated at the time of nirvana.
བདག་དེའི་གཟུགས་སོགས་སྐྱེ་མཆེད་དྲུག་བློའི་ཡུལ་དུ་བྱས་པའི་སྒོ་ནས་དེ་ཤེས་པར་བྱེད་པས། རྣམ་པར་ཤེས་པ་དྲུག་གི་ཤེས་བྱར་ཡང་བདག་དེ་འདོད་ཅིང་།
དེ་ནི་ངར་འཛིན་གྱི་གཞི་སྟེ་དམིགས་པར་ཡང་འདོད་པ་ཡིན་ནོ།
Since the self is known by way of taking its form and so forth (the six sources) as objects of awareness, the objects of knowledge of the six types of consciousness are also asserted as self and that is also asserted as the basis, i.e. observed-object, of the apprehension of "I".
གལ་ཏེ་བདག་འགའ་ཞིག་རྫས་ཡོད་ཀྱི་དངོས་པོར་གྲུབ་པར་གྱུར་ན། འོ་ན་བདག་གི་དངོས་པོ་ཆོས་ཅན།
ཕུང་པོ་དང་དེ་ཉིད་དང་གཞན་གང་རུང་དུ་བརྗོད་དུ་མེད་པར་མི་འགྱུར་བར་ཐལ། ཁྱོད་སེམས་ལྟར་དུ་ངོ་བོས་རྫས་སུ་གྲུབ་པའི་ཕྱིར།
Response: If some self were established as a substantially-existent thing, then the subject - the thing that is the self - it follows that it would not be inexpressible as either just that or other than the aggregates because it is substantially-established by nature, like the mind.
ཁྱབ་སྟེ། དངོས་པོ་རྫས་སུ་ཡོད་ན་ཕུང་པོ་དང་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་རྟོགས་པ་སྟེ་འདོད་པར་རིགས་པའང་མ་ཡིན་པ་ཉིེད་ཡིན་དགོས་པའི་ཕྱིར་ཏེ།
རྒྱ་མཚན་གང་གི་ཕྱིར་ན་ཁྱོད་ཀྱི་ལུགས་ལ་སེམས་རྫས་སུ་གྲུབ་པས་གཟུགས་ལས་སེམས་དེ་ཉིད་དང་གཞན་ཉིད་དུ་བརྗོད་དུ་མེད་པར་མི་རྟོགས་པ་སྟེ་
མི་འདོད་པ་བཞིན་ནོ།
There is pervasion because if a thing substantially exists, then it would necessarily not be reasonable to assert it to be inexpressible as just that or other than the aggregates; because this is similar to your system not asserting that the mind is inexpressible as just that or other than form due to the mind being substantially-established.
བདག་གང་ཡིན་པ་དེ་ནི་ཆོས་ཅན། བཏགས་ཡོད་ཙམ་དུ་གྲུབ་པ་ཡིན་ཏེ།
ཡོད་པ་གང་ཞིག ཕུང་པོ་ལས་རྫས་གཅིག་དང་ཐ་དད་གང་རུང་དུ་བརྗོད་དུ་མེད་པར་འགྱུར་བའི་ཕྱིར།
The subject - that which is the self - it is established as a mere imputed-existent because 1) it exists and 2) it would be inexpressible as either one substance or different from the aggregates.
ཁྱབ་སྟེ། རྒྱུ་མཚན་གང་གི་ཕྱིར་ན་མང་བཀུར་བ་ཁྱོད་ཀྱི་ལུགས་ལ་བུམ་པ་རྫས་ཡོད་ཀྱི་དངོས་པོར་མ་གྲུབ་པའི་བཏགས་ཡོད་ཙམ་ཡིན་པའི་རྒྱུ་མཚན་གྱིས་
བུམ་པའི་ངོ་བོ་དེ་རང་གི་ཡན་ལག་གཟུགས་སོགས་ལས་དེ་ཉིད་རྫས་གཅིག་དང་རྫས་ཐ་དད་གང་རུང་དུ་བརྗོད་དུ་མེད་པར་འགྱུར་བའི་བཏགས་ཡོད་ཡིན་པ་བཞིན་ནོ།
There is pervasion because similarly in your system, Sammatīya, a pot is not established as a substantially-existent thing but is merely an imputed-existent and therefore, it is an imputed-existent whose nature would be inexpressible as either just that (one substance) or a different substance from its parts (form and so forth).
བདག་ཆོས་ཅན། རང་གི་ངོ་བོ་ཉིད་ཀྱིས་ཡིན་པར་གྲུབ་པ་རྟོགས་པ་སྟེ་བཟུང་བར་མི་བྱ་སྟེ། བཏགས་ཡོད་ཡིན་པའི་ཕྱིར།
The subject - the self - it should not be taken to be established by its own nature because it is an imputed-existent.
རིགས་པ་དེ་རྣམས་མདོར་བསྡུ་ན། བདག་ཆོས་ཅན། རྫས་སུ་མེད་དེ། རྫས་ཡོད་དངོས་པོའེ་ཁྱད་ཆོས་རྫས་གཅིག་དང་ཐ་དད་གང་རུང་དང་བྲལ་བའི་ཕྱིར།
To summarise those reasonings:
The subject - the self - it does not substantially exist because it is devoid of the attribute of substantially-existent things, i.e. being either one or different substance.
ཁབ་སྟེ། རྫས་ཡོད་ཀྱི་དངོས་པོ་ལ་རྫས་གཅིག་དང་ཐ་དད་ཀྱི་རྣམ་པ་དེ་གཉིས་ངེས་པར་མཐོང་བའི་ཕྱིར།
There is pervasion because substantially-existent functioning things are perceived to be definite in two aspects: one and different substance.
དཔེར་ན། ཁྱོད་ཀྱི་ལུགས་ལ་རྣམ་ཤེས་དེ་རང་གི་བདག་ཉིད་ལས་རྫས་གཞན་དུ་མི་འདོད་པ་སྟེ་གཅིག་ཏུ་འདོད་ཅིང་།
དེ་གཟུགས་སོགས་ལས་རྫས་གཞན་གྱི་དངོས་པོར་འདོད་པ་བཞིན་ནོ།
For example, it is similar to your system that does not assert that the consciousness is a different substance from its nature, i.e. it asserts it as one, and asserts it as a thing that is a different substance from form and so forth.
Up a level: Refuting the inherent establishment of I and Mine (Gomde)