Refuting again the way consciousness exists without external objects (Summary)
The Cittamatra say: སེམས་ཅམ་པ་ན་རེ།
ཕྱི་དོན་མེད་ཀྱང་དབང་ཤེས་ཀྱི་བདག་རྐྱེན་ཡོད་དེ།
Although external objects do not exist, the sense-faculties of the sense consciousnesses exist.
མིག་བློ་སྟེ་མིག་གི་རྣམ་ཤེས་སྐྱེ་བའི་རང་གི་ནུས་པ་བག་ཆགས་གང་ཞིག་ཀུན་གཞི་ལ་བཞག་པ་སྨིན་པ་ལས་དེ་མ་ཐག་ཏུ་མིག་ཤེས་ཀུན་ནས་སྐྱེ་བར་འགྱུར་ཞིང་།
From the ripening of its imprint (a potency for producing an eye-consciousness) that has been deposited upon the Alaya, an eye-consciousness will immediately be produced.
མིག་རང་གི་རྣམ་ཤེས་དངོས་སུ་སྐྱེ་བའི་རྟེན་གྱིས་ནུས་པ་སྨིན་པའི་སྐབས་ཀྱི་ཀུན་གཞི་ལ་མིག་དབང་སྣང་བ་
The eye-faculty is: The appearance of an eye-faculty to the Alaya at the time of the ripening of the potency which acts as the support for directly producing the eye-consciousness
དེ་ལ་གཏི་མུག་གི་འཇིག་རྟེན་པ་རྣམས་ཕྱི་རོལ་དོན་དུ་གྱུར་པའི་དབང་པོ་གཟུགས་ཅན་པ་མིག་ཡིན་ནོ། ཅེས་བྱ་བར་རྟོགས་པར་བྱེད་ཀྱི།
This is understood by ignorant worldly beings as being an external physical faculty.
རྣམ་ཤེས་ལས་རྫས་ཐ་དད་པའི་མིག་དབང་ནི་མེད་དོ། དེ་བཞིན་དུ་རྣ་བ་སོགས་ལ་ཡང་ཤེས་པར་བྱའོ།
However, an eye-faculty that is a difference substance from consciousness does not exist. The ear-faculty and so forth should be understood similarly.
ཕྱི་དོན་མེད་ཀྱང་དབང་ཤེས་ཀྱི་དམེགས་རྐྱེན་ཡོད་དེ། འཇིག་རྟེན་འདི་ན་དབང་པོ་ལྔ་ལས་བྱུང་བའི་རྣམ་པར་རིག་པ་ལྔ་སྔོན་པོ་སོགས་ཕྱི་རོལ་གྱི་གཟུང་བ་མེད་པར་
རྣམ་ཤེས་རང་གི་ས་བོན་ཀུན་གཞི་ལ་བཞག་པ་སྨིན་པ་ལས་སྔོན་པོ་སོགས་སུ་སྣང་བ་ཉིད་འབྱུང་བ་མ་རྟོགས་པར།
སྐྱེ་བོས་སེམས་སྔོ་སོགས་སུ་སྣང་བ་ལ་ཕྱི་རོལ་གྱི་གཟུང་བར་ཁས་ལེན་པ་སྟེ་མངོན་པར་ཞེན་པ་ཙམ་ཡིན་པའི་ཕྱིར།
Although external objects do not exist, the observed object conditions of eye-consciousnesses exist because in this world it is not understood that the five types of consciousness arise from the five sense-faculties without blue and so forth as their external apprehendeds and that the appearances of blue and so forth to consciousness arise from the ripening of their seeds deposited upon the Alaya; therefore, the appearances of blue and so forth to the mind are asserted as external apprehendeds, but this is the mere conceptualisation of ordinary beings.
གཟུགས་སོགས་སེམས་ཀྱི་བདག་ཉིད་ཙམ་ཡིན་པའི་དོན་ཡང་འདི་ཡིན་ན། འོོ་ན། ཕྱི་དོན་མེད་ཀྱང་དོན་སྣང་གི་ཤེས་པ་སྐྱེ་བའི་དཔེ་ཇི་ལྟ་བུ་ཡིན་ཞེ་ན།
If this is the meaning of forms and so forth being merely the nature of mind, then in that case what example is there for the production of consciousnesses to which objects appear despite the non-existence of external objects?
བཞག་ཏུ་ཡོད་དེ། རྨི་ལམ་ན་ནི་གཟུགས་དོན་གཞན་དུ་གྱུར་བ་མེད་པར་རང་གི་བག་ཆགས་ཀྱི་ནུས་པ་སྨིན་པ་ལས་གཟུགས་སྒྲ་སོགས་དེ་ཡི་རྣམ་པ་ཅན་གྱི་
སེམས་འབྱུང་བ་ཇི་ལྟ་བ་དེ་བཞིན་དུ། སད་པ་ལའང་སྐབས་འདིར་ཕྱི་རོལ་གྱི་དོན་མེད་པར་དེ་སྣང་བའི་ཡིད་ནི་རང་བཞིན་གྱིས་ཡོད་པའི་ཕྱིར་ཅེ་ན།
There is something to be posited: In dreams, although forms and so forth do not exist as separate objects, through the ripening of the potencies that are their imprints, forms, sounds and so forth give rise to the minds possessing their aspects. Similarly, when awake, external objects do not exist but the minds to which those appear do inherently exist.
Jangkya - the three conditions in Cittamatra
ཤེས་བྱ་ཆོས་ཅན། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ་སྔོ་སོགས་སྣང་བའི་ཡིད་ཀྱི་སེམས་རང་བཞིན་གྱིས་འབྱུང་བར་འགྱུར་ན།
འོ་ན། རྨི་ལམ་དེ་ལྟར་བཞིན་དུ་མིག་དབང་མེད་པར་ཏེ་མེད་ཀྱང་རྣམ་ཤེས་རང་གི་ས་བོན་གྱི་བག་ཆགས་ནིེ་སྨིན་པ་ལས། ལོང་བ་ལའང་སད་པའིེ་སྐབས་འདིར་སྔོ་སོགས་གསལ་བར་སྣང་བའི་ཡིད་སེམས་ཅིས་མི་སྐྱེ་སྟེ་སྐྱེ་རིགས་པར་ཐལ། སད་རྨི་གཉིས་ཀར་ལོང་བ་ལ་མིག་དབང་མེད་ཅིང་བག་ཆགས་ཡོད་པར་མཚུངས་པའི་ཕྱིར།
The subject - objects of knowledge - it follows that if, without the eye-faculty, a mental-consciousness to which blue and so forth appears in a dream inherently arises, then in that case, just as in a dream, why would a mental consciousness to which blue and so forth clearly appear not arise from the ripening of the imprints that are their seeds even also for blind people when awake, even without their eye-faculty? It is logical that it would arise because both when awake and dreaming, a blind person equally lacks an eye-faculty but has imprints.
Vasubandhu - Two types of eye-faculty
དེ་ལ་ཁོ་ན་རེ། མ་ཁྱབ་སྟེ། དེ་ལྟར་མཚུངས་ཀྱང་བག་ཆགས་ཀྱི་ནུས་པ་སྨིན་པའི་རྐྱེན་ཡོད་མེད་མི་མཚུངས་པའི་ཕྱིར་ཏེ།
དེ་འདྲའིེ་རྐྱེན་རྨི་ལམ་ན་ཡོད་ཅིང་ལོང་བ་ལ་སད་པའི་ཚེ་མེད་པའི་ཕྱིར་ཞེ་ན།
If they say: No pervasion because although those are the same, whether or not they have the condition of the ripening of the potency that is the imprint is not the same; because such a condition exists in the dream but does not exist when awake for the blind person.
གལ་ཏེ་སེམས་ཙམ་པ་ཁྱོད་ལྟར་ན་རྨི་ལམ་ན་སྔོ་སོགས་གསལ་བར་སྣང་བའི་དྲུག་པ་ཡིད་ཀྱི་རྣམ་ཤེས་རང་བཞིན་ཀྱིས་སྐྱེ་བའི་ནུས་པ་སྨིན་པ་ཡོད་ལ།
སད་པར་ན་དེ་མེད་པར་འགྱུར་བས་མི་མཚུངས་པར་འདོད་ན།
If you Cittamatrins assert that in a dream, the ripening of potencies for the inherent production of a mental consciousness to which blue and so forth clearly appear exists, but that they become non-existent when awake and therefore it is not the same then...
འོ་ན་སྔོ་སོགས་གསལ་སྣང་གི་དྲུག་པ་ཡིད་ཀྱི་རྣམ་ཤེས་རང་བཞིན་ཀྱིས་སྐྱེ་བའི་ནུས་པ་སྨིན་པ་སད་པའི་སྐབས་འདིར་ལོང་བ་ལ་མེད་པ་ཇི་ལྟ་བ་དེ་ལྟར་
རྨི་ལམ་གྱི་ཚེ་ཡང་མེད་ཅེས་ཅིས་མི་རིགས་ཏེ་རིགས་པར་ཐལ། རྨི་ལམ་ན་དེ་འདྲའི་ནུས་པ་སྨིན་བྱེད་ཡོད་པའི་སྒྲུབ་བྱེད་ཚིག་ཙམ་དུ་ཟད་པའི་ཕྱིར།
In that case, it follows that just as the ripening of potencies for the inherent production of a mental consciousness to which blue and so forth clearly appear do not exist for the blind person when awake, then why would it not be logical to say they do not exist also when dreaming? It is logical because the proof for the existence of what ripens such potencies in the dream is nothing but mere words.
ཁོ་ན་རེ། སྒྲུབ་བྱེད་མེད་པ་མ་གྲུབ་ཏེ། རྨི་ལམ་ན་སྔོ་སོགས་གསལ་བར་སྣང་བའི་ཡིད་ཤེས་སྐྱེ་བའི་རྒྱུ་བག་ཆགས་སྨིན་བྱེད་གཉིད་ཡོད་པའི་ཕྱིར་ཞེ་ན།
If they say: The lack of proof is not established because what ripens such imprints that are causes for the production of mental consciousnesses to which blue and so forth clearly appear in a dream is sleep.
ཤེས་བྱ་ཆོས་ཅན། ཇི་ལྟར་ཏེ་དཔེར་ན། མིག་མེད་པ་དེ་སད་དུས་སུ་ལོང་བ་ལ་སྔོ་སོགས་གསལ་སྣང་གི་བག་ཆགས་སྨིན་པ་འདི་ཡི་རྒྱུ་མ་ཡིན་པ་ལྟར།
རྨི་ལམ་དུ་ཡང་གཉིད་ནི་སྔོ་སོགས་གསལ་སྣང་གི་བག་ཆགས་སྨིན་པའི་རྒྱུ་མ་ཡིན་པར་ཐལ། རྨི་ལམ་དུ་དེ་འདྲའི་ཡིད་ཤེས་སྐྱེ་བ་རྐྱེན་ལ་མི་ལྟོས་པའི་ཕྱིར་ཏེ།
དེ་རང་བཞིན་གྱིས་གྲུབ་པའི་ཕྱིར།
The subject - objects of knowledge - it follows that, for example, just as the lack of eyes is not the cause for the ripening of imprints for the clear appearances of blue and so forth to the blind person when awake, also in a dream, sleep is not the cause for the ripening of imprints for the clear appearances of blue and so forth because the production of such a mental consciousness in a dream does not depend upon conditions; because it is inherently established.
Summary དོན་བསྡུ་ན།
སད་པའི་སྐབས་དེ་བཞིན་དུ་མི་ལམ་དུ་ཡང་ཡུལ་གྱི་དངོས་པོ་གཟུགས་བརྫུན་པ་དང་མིག་བརྫུན་པ་དེ་གཉིས་ནི་རྫུན་པ་ཡུལ་ཅན་ཏེ་རྨི་ལམ་གྱི་མིག་ཤེས་དེས་
རང་ཡུལ་རྟོགས་པའི་རྒྱུར་ཁས་བླང་བར་བྱ་སྟེ། བདེན་པ་ཁེགས་ཤིང་སྣང་ཙམ་དགག་མི་ནུས་པའི་ཕྱིར་དང་།
བག་ཆགས་བརྫན་པ་ལས་དོན་སྣང་གི་ཤེས་པ་བརྫན་པ་སྐྱེ་བར་ཁས་བླངས་དགོས་པ་དེའི་ཕྱིར།
Just as when awake, also in a dream, false forms (the objects) and false eye-faculty must be asserted as the cause for the false object-possessor (i.e. the dream eye-consciousness) to realise its object because:
- Their truth is refuted but their mere appearance cannot be refuted; and
- It is necessary to assert that from false imprints, false consciousnesses to which objects appear are produced.
དེ་ལ་ཁ་ཅིག་ན་རེ། རྨི་ལམ་གྱི་མིག་ཤེས་ཡོད་པར་ཐལ། ཁྱོད་ཀྱིས་དགོངས་པ་འགྲེལ་ཚུལ་དེ་འཐད་པའིེ་ཕྱིར།
འདོད་ན། རྨི་ལམ་ན་མིག་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར་ན་མ་ཁྱབ།
If they say: It follows that a dream eye-consciousness exists because your interpretation of the intention is correct. If accepted: It follows that eye-consciousnesses exist in a dream because the above was accepted.
Response: No pervasion.
འོ་ན་རྨི་ལམ་ན་གླང་ཆེན་ཡོད་པར་ཐལ། རྨི་ལམ་གྱིེ་གླང་ཆེན་ཡོད་པའི་ཕྱིར།
རྟགས་གྲུབ་ཏེ། དེ་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཡིན་པའི་ཕྱིར་ཏེ། དེ་ལྟར་དུ་ཊིཀ་ཆེན་ལས་གསུངས་པའི་ཕྱིར།
In that case, it follows that an elephant exists in a dream because a dream-elephant exists. The sign is established because it is a form that is a phenomenon source; because it is indicated as such in the Great Commentary.
ཤེས་བྱ་ཆོས་ཅན། སེམས་ཙམ་པས་ཕྱི་དོན་མེད་ཅིང་ཤེས་པ་རང་བཞིན་གྱིས་གྲུབ་པར་བརྩོད་པའི་རྩོད་པ་འདི་རྣམས་དབུ་མ་པས་སེལ་བར་བྱེད་ནུས་ཏེ།
གཞན་དབང་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སེམས་ཙམ་པ་འདི་ཡིས་ལན་ནིེ་གང་དང་གང་བཏབ་པའི་སྒྲུབ་བྱེད་དཔེ་དང་བཅས་པ་དེ་དང་དེ་ནི་
དམ་བཅའ་ཏེ་བསྒྲུབ་བྱ་མ་གྲུབ་པ་དང་མཚུངས་པར་མཐོང་བའི་ཕྱིར།
The subject - objects of knowledge - these debates by the Cittamatrins arguing that external objects do not exist and consciousness inherently exists can be refuted by the Madhyamikas because whatever proofs and examples the Cittamatra give as responses to the refutation of other-powered natures that are inherently established, their assertions, i.e. probandums, are equally seen to be not established.
ཇི་ལྟར་ཞེ་ན།
How so?
དབུ་མ་པས་སད་དུས་ཀྱི་ཡུལ་དབང་རྣམ་ཤེས་གསུམ་ཆོས་ཅན། རང་བཞིན་གྱིས་མ་གྲུབ་ཏེ། ཚད་མས་དམིགས་པའིེ་ཕྱིར། དཔེར་ན་རྨི་ལམ་བཞིན་ཞེས་བཀོད་པ་ན།
When the Madhyamikas state:
The subject - the objects, faculties, and consciousness when awake - they are not inherently established because they are observed by valid cognition. For example, like a dream.
The Cittamatrins state the following syllogisms to established the non-existence of external objects:
སེམས་ཙམ་པས་་་་་ ཕྱི་དོན་མེད་པར་སྒྲུབ་པའི་སྦྱོར་བ་གཉིས་བཀོད་པ་ནི།
- The subject - the waking consciousness - it is empty of external objects that are its objects because it is a consciousness. For example, like a dream.
སད་དུས་ཀྱི་ཤེས་པ་ཆོས་ཅན། རང་ཡུལ་ཕྱི་རོལ་དོན་གྱིས་སྟོང་པ་ཡིན་ཏེ། ཤེས་པ་ཡིན་པའིེ་ཕྱིར། དཔེར་ན་རྨི་ལམ་གྱི་ཤེས་པ་བཞིན་ཞེས་དང་། - The subject - blue when awake - it is a falsity that does not exist as an external object because it is an object. For example, like forms in a dream.
ཡང་སད་དུས་ཀྱི་སྔོན་པོ་ཆོས་ཅན། ཕྱི་རོལ་དོན་དུ་མེད་པའི་རྫུན་པ་ཡིན་ཏེ། ཡུལ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་གཟུགས་བཞིན་ཞེས།
དཔེ་མ་གྲུབ་ཅིང་ཁྱབ་པ་ཡང་མ་ངེས་ཏེ། རྨི་ལམ་ན་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཕྱི་དོན་གྲུབ་པ་ཡོད་པའི་ཕྱིར་རོ།
However, their examples are not established and also their pervasions are indefinite because forms that are phenomena sources and external objects exist in a dream.
ཡང་ཁོ་ན་རེ། ཀུན་བྱང་གི་ཆོས་རྣམས་ཆོས་ཅན། གཞན་དབང་གི་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བ་ཡིན་ཏེ།
དེ་མེད་ན་རང་གི་རྟེན་མེད་དགོས་པའི་ཕྱིར། རུས་སྦལ་གྱི་སྤུའི་གོས་བཞིན་ནོ།
ཞེས་སྨྲ་བ་ཡང་ཕྱོགས་ཆོས་མ་གྲུབ་པའི་སྒོ་ནས་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ཡིན་ནོ།
If someone says: The subject - thoroughly afflicted and completely pure phenomena - if other-powered consciousnesses that are inherently established do not exist, they would not arise because if those do not exist, their support necessarily does not exist. For example, like clothing made of turtle hair.
Since their property of the position is not established, their proof and probandum are similar.
དེ་ལྟར་ལུགས་དེ་བཀག་པ་ལ་རིགས་པས་མི་གནོད་པར་མ་ཟད་ལུང་གིས་ཀྱང་མི་གནོད་པ་ཡིན་ཏེ།
སངས་རྒྱས་རྣམས་ཀྱིས་ནི་རང་ལུགས་ལ་གསུང་རབ་འགར་ཡང་དངོས་པོ་བདེན་པར་ཡོད་ཅེས་མ་བསྟན་པའི་ཕྱིར་རོ།
Such a refutation of the [Cittamatra] system is not only not undermined by reasoning, but is also not undermined by scriptures because the Buddhas never indicated the true existence of things in any of their scriptures as their own system.
Up a level: Refuting that consciousness is inherently established without external objects (Gomde)