Refuting causeless production
སློབ་དཔོན་སངས་རྒྱས་བསྐྱངས་ནི་དངོས་པོ་རྣམས་རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ།
Buddhapalita: Things are also not produced without cause because there would be the consequence that everything is always produced from everything.
སློབ་དཔོན་ལེགས་ལྡན་འབྱེད་ན་རེ། སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེ་མི་རིགས་ཏེ།
དེས་དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་དང་དཔེ་ཡང་དག་མ་བརྗོད་པའི་ཕྱིར། གལ་ཏེ་བརྗོད་དོ་ཞེ་ན།
Bhavaviveka says: Buddhapalita's commentarial section is unsuitable because it does not express a correct reason and example in the proof that things are not produced causelessly.
འོ་ན་འགྲེལ་ངག་དེའི་དངོས་ཟིན་ལྟར་རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་དེ། དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་མི་རིགས་པས། དངོས་ཟིན་ལས་བཟློག་པའི་དོན། འགའ་ཞིག་ལས་འགའ་ཞིག་སྐྱེ་བ་དེ། དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་དགོས་ལ།
དེ་ལྟར་དངོས་ཟིན་གྱི་རྟགས་བཟློག་ན་དངོས་ཟིན་གྱི་དམ་བཅའ་ཡང་བཟློག་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར།
In that case, since "everything always being produced from everything" (in accordance with the literal reading of that commentarial section) is not suitable as a correct sign in the proof that things are not produced causelessly, then it is necessary to assert that "some are produced from some" (the opposite meaning of the literal reading) is the correct sign in the proof that things are not produced causelessly and, as such, if the opposite of the sign of the literal reading is used, then it is also necessary to use the opposite of the assertion of the literal reading because the reasoning is the same.
དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བ་རྣམ་པར་བཅད་ཙམ་མ་ཡིན་པའི་སྐྱེ་བ་དེ། དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་གི་
བསྒྲུབ་བྱ་ཡང་དག་ཡིན་པ་དེ། དངོས་ཟིན་གྱི་དམ་བཅའ་བཟློག་པའི་དོན་ཡིན་པར་ཐལ། དེའི་དངོས་ཟིན་གྱི་དམ་བཅའ་བཟློག་ནི་དགོས།
དངོས་པོ་རྣམས་རྒྱུ་མེད་ལས་སྐྱེ་བ་དེ། དེའི་དངོས་ཟིན་གྱི་དམ་བཅའ་བཟློག་པའི་དོན་དུ་མི་རིགས་པའི་ཕྱིར།
It follows that the opposite meaning of the assertion of the literal reading is: "production" and not a mere negation of things being produced causelessly being the correct probandum of the correct sign in the proof that things are not produced causelessly, because 1) it is necessary to use the opposite of the assertion of the literal reading and 2) "things being produced causelessly" is not suitable as the opposite meaning of the assertion of the literal reading.
འདོད་མི་ནུས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་དེའི་བསྒྲུབ་བྱ་མེད་དགག་ཏུ་བཤད་པ་དང་འགལ་བའི་ཕྱིར་རོ།
This cannot be accepted because it contradicts Arya Nagarjuna's explanation that the probandum in that is a non-implicative negation.
འགྲེལ་ངག་དེས་དངོས་པོ་རྣམས་རྒྱུ་མེད་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་དང་དཔེ་ཡང་དག་མ་བརྗོད་པའི་ཆ་ནས་སངས་རྒྱས་བསྐྱངས་ལ་སྐྱོན་ཡོད་པ་མ་ཡིན་ཏེ། རྒྱུ་མེད་ལས་སྐྱེ་བ་འགོག་པ་ལ་གཏན་ཚིགས་དང་དཔེ་ཡང་དག་ངེས་པར་བརྗོད་མི་དགོས་ཤིང་།
འགལ་བརྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་ཀྱང་རྒྱུ་མེད་ལས་སྐྱེ་བའི་ལོག་རྟོག་བཟློག་ནུས་པར་གོང་དུ་བསྟན་ཟིན་པའི་ཕྱིར་རོ།
There is no fault in Buddhapalita by way of that commentarial section not expressing a correct reason and example in the proof that things are not produced causelessly because 1) it is not always necessary to express a correct reason and example to refute causeless production and 2) it has already bee indicated above that it is possible to eliminate wrong conceptions of causeless production in dependence upon a consequence expressing a contradiction.
Up a level: Reasoning of diamond slivers