Refuting other-production through analysis of the four possibilities of the result

འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ། བསྐྱེད་བྱ་རང་ལས་ངོ་བོ་ཉེད་ཀྱིས་གཞན་དུ་གྲུབ་པ་སྐྱེད་པར་བྱེད་པ་དེ་འབྲས་བུ་དེའི་རྒྱུ་ཡིན་པར་ཁྱོད་འདོད་ན།
If you assert that the cause producing a result to be the producer of the produced result that is inherently established other, then necessarily:

  1. An inherently existent result is produced from the cause, འབྲས་བུ་རང་བཞིན་གྱིས་ཡོད་པ་ཞིག་རྒྱུ་ལས་སྐྱེས་པའམ།
  2. A completely non-existent [result], འོན་ཏེ་དེ་གཏན་ནས་མེད་པ་དང་།
  3. A both existent and non-existent [result], or ཡོད་མེད་གཉིས་ཀ་དང་།
  4. A [result] devoid of being either existent or non-existent is produced by the cause.
    ཡོད་མེད་གཉིས་པོ་གང་རུང་དང་བྲལ་བ་ཞིག་རྒྱུས་སྐྱེད་པ་ཡིན་གྲང་།

དང་པོ་ལྟར་ན། འབྲས་བུ་ཆོས་ཅན། ཁྱོད་སྐྱེད་བྱེད་ཀྱི་རྒྱུ་མི་དགོས་པར་ཐལ། ཁྱོད་རང་བཞིན་གྱིས་ཡོད་པའི་ཕྱིར།
ཁབ་སྟེ། རང་བཞིན་གྱིས་ཡོད་ན་རྒྱུ་ལ་ལྟོས་པ་འགལ་བའི་ཕྱིར།
First: The subject - the result - it follows that it does not require a producing cause because it inherently exists.
Pervasion: Because if it inherently exists, then it is mutually exclusive with relying on a cause.

གཉིས་པ་ལྟར་ན། དེ་ཆོས་ཅན། ཁྱོད་ལའང་སྐྱེད་བྱེད་ཀྱི་རྒྱུ་དེས་ཅེ་ཞིག་བྱ་སྟེ་དོན་མེད་པར་ཐལ། ཁྱོད་གཏན་ནས་མེད་པའི་ཕྱིར། བོང་བུའི་རྭ་བཞིན་ནོ།
Second: That subject, it follows that a producing cause is senseless for it (what would it do?) because it is completely non-existent; like the horns of a donkey.

གསུམ་པ་ལྟར་ན། དེ་ཆོས་ཅན། ཡོད་མེད་གཉིས་ཀ་ཚོགས་པ་ཉིད་ལའང་རྒྱུ་དེས་ཅི་ཞིག་བྱ་སྟེ་དགོས་པ་མེད་པར་ཐལ། ཡོད་མེད་གཉིས་ཀ་ཆོགས་པ་མི་སྲིད་པའི་ཕྱིར།
Third: That subject, it follows that a cause is purposeless (what would it do?) for a collection of both existent and non-existent because a collection of both existent and non-existent is impossible.

བཞི་པ་ལྟར་ན། དེ་ཆོས་ཅན། ཡོད་མེད་གཉིས་ཀ་དང་བྲལ་བ་སྟེ་དེ་གཉིས་གང་རུང་མ་ཡིན་པ་ལའང་རྒྱུ་དེས་ཅི་ཞིག་བྱ་སྟེ་དོན་མེད་པར་ཐལ།
ཡོད་མེད་གང་རུང་མ་ཡིན་པའི་འབྲས་བུ་མི་སྲིད་པའི་ཕྱིར།
Fourth: That subject, it follows that a cause is senseless (what would it do?) for that devoid of both existence and non-existence (i.e. that which is neither existent nor non-existent) because a result that is neither existent nor non-existent is impossible.


Up a level: Refutation of other-production (Gomde Uma)