Refuting other-production wrt sequential cause and effect
ས་བོན་དེ་མྱུ་གུ་ལས་རང་བཞིན་གྱིས་གཞན་པ་ཉིད་དུ་མེད་དེ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་པའི་ཕྱིར།
The seed is not inherently other than the sprout because the sprout does not exist simultaneously with the seed.
ཁྱབ་སྟེ། མྱུ་གུ་ས་བོན་ལ་ལྟོས་ཏེ་གཞན་སྐྱེ་ཡིན་ན། མྱུ་གུའི་དུས་ན་རང་ལས་རང་བཞིན་གྱིས་གཞན་དུ་གྲུབ་པའི་ས་བོན་ཡོད་དགོས།
དེ་ཡོད་ན་ས་མྱུག་དུས་མཉམ་པ་ཡིན་དགོས་པས།
Pervasion: If it is other-production whereby the sprout depends upon the seed, then at the time of the sprout the seed that is inherently established other than it necessarily exists; because if they are [inherently other], then they are necessarily simultaneous.
ཁོ་ན་རེ། ཇི་ལྟར་ཏེ་དཔེར་ན་སྲང་གི་མདའ་གཉིས་གཅིག་མཐོ་བ་དང་ནི་གཅིག་ཤོས་དམའ་བའི་བྱ་བ་དག་དུས་མཉམ་པ་མ་ཡིན་པར་ནི་མིན་པ་སྟེ་
དུས་མཉམ་པར་མཐོང་བ་དེ་བཞིན་དུ། སྐྱེ་བར་བྱ་བ་མྱུ་གུ་དང་། སྐྱེ་བར་བྱེད་པ་ས་བོན་དག་གི་གོ་རིམ་བཞིན་དུ་སྐྱེ་བ་དང་འགག་པའི་བྱ་བ་གཉིས་དུས་མཉམ་པས།
བྱེད་པ་པོ་ས་བོན་དང་མྱུ་གུ་གཉིས་དུས་མཉམ་དུ་འགྱུར་རོ་ཞེ་ན།
Objection: For example, in the same way that the movement of the arms of a scales is such that one moves up and one moves down simultaneously, the two processes of the production and cessation of the sprout (that to be produced) and the seed (the producer) are simultaneous and therefore the seed (the agent) and the sprout would be simultaneous.
ཤེས་བྱ་ཆོས་ཅན། སྲང་གི་དཔེས་ས་མྱུག་དུས་མཉམ་དུ་གྲུབ་པ་མ་ཡིན་པར་ཐལ། གལ་ཏེ་སྲང་མདའི་མགོ་མཇུག་དུས་གཅིག་གི་ཚེ་ཡོད་པ་ཡིན་ནའང་
དོན་གྱི་སྐབས་འདིར་ས་མྱུག་དུས་གཅིག་ཏུ་མེད་པ་ཡིན་ཏེ། གལ་ཏེ་སྐྱེ་བཞིན་པའི་མྱུ་གུ་དེ་ས་བོན་གྱི་དུས་དེར་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་མ་འོངས་པ་ཡིན་པས་
དུས་དེར་ཡོད་པ་མ་ཡིན་ཞིང་། འགག་བཞིན་པའི་ས་བོན་ནི་ས་བོན་གྱི་དུས་དེར་ཡོད་ཀྱང་འཇིག་པ་ལ་མངོན་དུ་ཕྱོགས་པའི་ད་ལྟ་བར་འདོད་པར་འགྱུར་བས།
དེའི་སྐད་ཅིག་གཉིས་པར་མི་སྡོད་པའི་ཕྱིར།
Reply: The subject - objects of knowledge - it follows that the seed and sprout cannot be established to be simultaneous using the example of the scales because although the two arms of a scale exist at the same time, in terms of the meaning, the seed and sprout do not exist simultaneously; because:
- Since the presently arising sprout, which is approaching its production at the time of the seed, is future, it does not exist at that time; and
- Since the presently ceasing seed, which exists but is approaching its disintegration at the time of the seed, is asserted as present, it does not remain in the second moment.
དཔེ་དོན་མཚུངས་པ་མ་ཡིན་པར་ཐལ།
སང་མདའི་བྱ་བ་གཉིས་བྱེད་པ་པོ་སྲང་མདའ་དུས་གཅིག་ཀྱང་། ས་མྱུག་གི་སྐྱེ་འགག་གི་བྱ་བ་གཉིས་བྱེད་པ་པོ་ས་མྱུག་དུས་མི་གཅིག་པའི་ཕྱིར།
It follows that the example and meaning are dissimilar because although the two movements [of the arms] of the scale are simultaneous with their agent (the scale), the two processes of production and cessation of the seed and sprout are not simultaneous with their agents (the seed and sprout).
ཤེས་བྱ་ཆོས་ཅན། མྱུ་གུ་སྐྱེ་བའི་བྱ་བ་འདི་ནི་ས་བོན་དགག་བཞིན་པའི་བྱ་བ་དང་དུས་མཉམ་དུ་རང་བཞིན་གྱིས་ཡོད་པ་རིགས་པ་མ་ཡིན་པར་ཐལ།
ས་བོན་འགག་བཞིན་པའི་བྱ་བའི་དུས་ན་བྱེད་པ་པོ་མྱུ་གུ་མེད་པའི་ཕྱིར།
The subject - objects of knowledge - it follows that the process of the production of the sprout is not suitable to simultaneously inherently exist with the process of the ongoing cessation of the seed because the agent (the sprout) is non-existent at the time of the process of the ongoing cessation of the seed.
མྱུ་གུ་སྐྱེ་བའི་བྱ་བ་ནི་འདི་སྐྱེ་ཞེས་པའི་བྱེད་པ་པོ་མྱུ་གུ་ལ་བརྟེན་དགོས་པས། མྱུ་གུ་སྐྱེ་བའི་བྱ་བ་དང་བྱེད་པ་པོ་མྱུ་གུ་གཉིས་རྟེན་དང་བརྟེན་པ་ཡིན་ལ།
The process of the production of the sprout is necessarily dependent upon the agent in the phrase "this is produced" (i.e. the sprout); therefore, the two - the process of the production of the sprout and the sprout (the agent) - are support and supported.
བརྟེན་པ་རང་བཞིན་གྱིས་གྲུབ་ན་དུས་ནམ་ཡང་དེར་འགྱུར་དགོས། དེ་ཡིན་ན་བྱ་བ་ཡོད་དུས་ཐམས་ཅད་དུ་བྱེད་པ་པོ་དེ་ཉིད་ཀྱང་ཡོད་དགོས་པ་ལས།
མྱུ་གུ་སྐྱེ་བཞིན་པའི་དུས་དེར་བྱེད་པ་པོ་མྱུ་གུ་མེད་པའི་རྒྱུ་མཚན་གྱིས་བྱ་བ་རང་བཞིན་གྱིས་མེད་ཅེས་པའོ།
If the supported is inherently established, then it necessarily never changes; if it does not [change], then at any and all times of the process, its agent necessarily also exists. Contrary to that, due to the agent (the sprout) not existing at the time of the ongoing production of the sprout, it is said that the process is not inherently existent.
Up a level: Refutation of other-production (Gomde Uma)