Refuting production from other

སངས་རྒྱས་བསྐྱངས་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་མེད་དེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཞེས་རྣམ་པར་འཆད་དོ།
Buddhapalita explains: Things are not produced from other because everything would be produced from everything.


སློབ་དཔོན་ལེགས་ལྡན་འབྱེད་ན་རེ། སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེ་མི་འཐད་དེ།
དེས་ཀུན་རྫོབ་ཀྱི་དབང་དུ་བྱས་ནས་གཞན་སྐྱེ་འགོག་པར་བྱེད་དམ། དོན་དམ་གྱི་དབང་དུ་བྱས་ནས་གཞན་སྐྱེ་འགོག་པར་བྱེད།
Bhavaviveka says: Buddhapalita's commentarial section is incorrect. Is it refuting other-production in terms of the conventional or in terms of the ultimate?

Response:
འོ་ན། འགྲེལ་ངག་དེའི་དངོས་ཟིན་ལྟར་ན་ཐམས་ཅད་ལས་ཐམས་ཅད་སྐྱེ་བ་དེ་དོན་དམ་གྱི་དབང་དུ་བྱས་ནས་དངོས་པོ་རྣམས་གཞན་ལས་མི་སྐྱེ་བར་སྒྲུབ་པའི་
རྟགས་ཡང་དག་ཏུ་མི་རིགས་པས། དངོས་ཟིན་ལས་བཟློག་པའི་དོན་འགའ་ཞིག་ལས་འགའ་ཞིག་སྐྱེ་བ་དེ་དོན་དམ་གྱི་དབང་དུ་བྱས་ནས་དངོས་པོ་རྣམས་
གཞན་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་དགོས་ལ།
In accordance with the literal reading of the commentarial section, "Everything being produced from everything" is not suitable as a correct sign in the proof that things are not produced from other in terms of the ultimate and therefore, it is necessary to assert the opposite meaning of the literal reading, i.e. "some are produced from some" as a correct sign in the proof that things are not produced from other in terms of the ultimate;

དེ་ལྟར་ན་དངོས་པོ་རྣམས་བདག་གམ་གཉིས་ཀའམ་རྒྱུ་མེད་པ་གང་རུང་ལས་སྐྱེ་བར་ཐལ།
དངོས་པོ་རྣམས་དོན་དམ་པར་སྐྱེ་བ་གང་ཞིག །དེ་རྣམས་དོན་དམ་པར་གཞན་ལས་མི་སྐྱེ་བའི་ཕྱིར།
In that case, it follows that things are produced from either self, both, or causelessly because 1) things are ultimately produced and 2) they are ultimately not produced from other.

དང་པོ་མ་གྲུབ་ན། འགའ་ཞིག་ལས་འགའ་ཞིག་སྐྱེ་བ་དེ་དོན་དམ་གྱི་དབང་དུ་བྱས་ནས་དངོས་པོ་རྣམས་གཞན་ལས་མི་སྐྱེ་བར་སྒྲུབ་པའི་རྟགས་ཡང་དག་ཏུ་
ཁས་བླངས་པ་དང་འགལ་ལོ།
If the first is not established, then this contradicts the assertion that "some are produced from some" is a correct sign in the proof that things are not produced from other in terms of the ultimate.

འདོད་མི་ནུས་ཏེ། ཕྱོགས་གོང་མ་ཀླུ་སྒྲུབ་ཀྱི་གྲུབ་མཐའ་དང་འགལ་བའི་ཕྱིར།
This cannot be accepted because the previous position contradicts Nagarjuna's tenets.

ཡང་ན་དངོས་ཟིན་གྱི་རྟགས་བཟློག་ཚུལ་གོང་དང་འདྲ་ལ། དངོས་ཟིན་གྱི་རྟགས་བཟློག་ན་དངོས་ཟིན་གྱི་བསྒྲུབ་བྱ་ཡང་བཟློག་དགོས་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར།
Alternatively, (using the same way of using the opposite sign in the literal reading as above) if the opposite of the sign in the literal reading is used, then the opposite of the probandum of the literal reading also must be used because the reasoning is the same.

དངོས་ཟིན་གྱི་བསྒྲུབ་བྱ་བཟློག་པའི་དོན་གང་ཡིན་ཞེ་ན།
What is the opposite meaning of the probandum of the literal reading?

འགྲེལ་ངག་དེས་དངོས་པོ་རྣམས་དོན་དམ་པར་བདག་གམ་གཉིས་སམ་རྒྱུ་མེད་པ་གང་རུང་ལས་སྐྱེ་བར་ཤུགས་སུ་འཕངས་པའི་སྒོ་ནས་དངོས་པོ་རྣམས་
དོན་དམ་པར་གཞན་སྐྱེ་རྣམ་པར་བཅད་ཙམ་མ་ཡིན་པའི་སྐྱེ་བ། དངོས་པོ་རྣམས་དོན་དམ་པར་གཞན་ལས་མི་སྐྱེ་བར་སྒྲུབ་པའི་བསྒྲུབ་བྱ་ཡང་དག་ཡིན་པ་དེ་
དངོས་ཟིན་གྱི་བསྒྲུབ་བྱ་བཟློག་པའི་དོན་ཡིན་པར་ཐལ། དངོས་ཟིན་གྱི་བསྒྲུབ་བྱ་བཟློག་དགོས་པ་གང་ཞིག
དངོས་པོ་རྣམས་དོན་དམ་པར་གཞན་ལས་སྐྱེ་བ་དེ་དངོས་པོ་གཞན་ལས་མི་སྐྱེ་བར་སྒྲུབ་པའི་དངོས་ཟིན་གྱི་བསྒྲུབ་བྱ་བཟློག་པའི་དོན་དུ་མི་རིགས་པའི་ཕྱིར།
It follows that the opposite meaning of the probandum of the literal reading is that: production that is not a mere negation of things not being ultimately other-produced by way of that commentarial section implicitly conveying that things are ultimately produced from either self, both, or causelessly is the correct probandum in the proof that things are ultimately not produced from other because 1) it is necessary to use the opposite probandum of the literal reading and 2) "things being ultimately produced from other" is not suitable as the opposite meaning of the probandum of the literal reading in the proof that things are not produced from other.

འདོད་མི་ནུས་ཏེ། ཕྱོགས་གོང་མ་ཀླུ་སྒྲུབ་ཀྱིས་དེའི་བསྒྲུབ་བྱ་མེད་དགག་ཏུ་བཤད་པའི་གྲུབ་མཐའ་དང་འགལ་ལོ།
This cannot be accepted because it contradicts Nagarjuna's tenets explaining that the probandum in that is a non-implicative negation.


སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་ངག་དེས་དངོས་པོ་རྣམས་དོན་དམ་པར་གཞན་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་དང་དཔེ་ཡང་དག་མ་བརྗོད་པའི་
ཆ་ནས་སངས་རྒྱས་བསྐྱངས་ལ་སྐྱོན་ཡོད་པ་མ་ཡིན་ཏེ།
There is no fault in Buddhapalita by way of Buddhapalita's commentarial section not expressing a correct reason and example in the proof that things are ultimately not produced from self because:

  1. Although it does not explicitly express a correct reason and example in the proof that things are not produced from other in terms of the ultimate, it is possible to refute ultimate production from other in dependence upon a consequence expressing a contradiction; and
    དེས་དོན་དམ་གྱི་དབང་དུ་བྱས་པའི་དངོས་པོ་རྣམས་གཞན་ལས་མི་སྐྱེ་བར་སྒྲུབ་པའི་གཏན་ཚིགས་དང་དཔེ་ཡང་དག་དངོས་སུ་མ་བརྗོད་ཀྱང་།
    འགལ་རྗོད་ཀྱི་ཐལ་འགྱུར་ལ་བརྟེན་ནས་དོན་དམ་པར་གཞན་ལས་སྐྱེ་བ་ཟློག་ནུས་པ་གང་ཞིག
  2. This commentarial section indicates a consequence able to refute ultimate other-production.
    འགྲེལ་ངག་དེས་དོན་དམ་པར་གཞན་སྐྱེ་འགོག་ནུས་པའི་ཐལ་འགྱུར་ཞིག་བསྟན་པའི་ཕྱིར།

Refutation of other-production (Gomde Uma)

གཞན་ལས་སྐྱེ་བ་དོན་དམ་པར་མ་ཟད་འཇིག་རྟེན་གྱི་ཐ་སྙད་ལས་ཀྱང་མེད་དེ། རྒྱུ་མཚན་གང་གི་ཕྱིར་ན་འཇིག་རྟེན་ན་བུ་དང་ཤིང་གི་ས་བོན་ཙམ་བཏབ་ནས།
ཕྱིས་བུ་དང་ཤིང་སྐྱེས་པའི་ཚེ་བདག་གིས་བུ་འདི་སྐྱེད་ཅེས་སྨྲ་བར་བྱེད་ཅིང་ཤིང་འདི་ཡང་བདག་གིས་བཙུགས་སོ་སྙམ་དུ་རྟོག་པ་དེས་ན་སྟེ་དེའི་ཕྱིར།
Gomde Uma: Not only does other-production not ultimately exist, it does not exist even conventionally. Why? Because in the world, having planted the seed for a child or a tree, then later when the child and tree have been produced [people] say "I produced this child!" and think "This tree was planted by me!"

ཁྱབ་འབྲེལ་ནི། རྒྱུ་འབྲས་རང་མཚན་གྱིས་གྲུབ་པའི་སོ་སོ་བར་འཛིན་པའི་བློ་ལྷན་སྐྱེས་མེད་པས་དེ་འདྲའི་བློ་དེ་གྲུབ་མཐས་བློ་མ་བསྒྱུར་བ་ལ་མེད་དོ།
There is pervasion: Due to not having innate awarenesses apprehending causes and their effects as diverse by way of their own-characteristics, such awarenesses [above] are not possessed by those whose awareness has not been affected by tenets.

ཅི་སྟེ་ཡོད་ན་ངས་བུ་འདི་མ་དེའི་ཁོང་དུ་བཅུག་ནས་བཏོན་ཏོ་སྙམ་དུ་བློ་སྐྱེས་བའམ། ཡང་ན་ཕ་མ་ཡིན་པ་ལའང་བུ་འདི་ནི་ངའི་བུའོ་སྙམ་དུ་བློ་སྐྱེ་བར་འགྱུར་རོ།
If they did, then [a father] would give rise to an awareness thinking "I put this child into that mother and took it out!" or one who is not the father would give rise to an awareness thinking "This child is my child!"

དེའི་ཕྱིར་གཞན་སྐྱེ་འཇིག་རྟེན་གྱི་ཐ་སྙད་དུ་ཡང་མེད་ཅེས་པའོ།
Therefore, other-production is said to not exist even among worldly conventions.


Four great reasonings refuting establishment by own-character (Gomde)


གཟུགས་སོགས་དེ་དག་ཆོས་ཅན། རང་བཞིན་གྱིས་གྲུབ་པའི་རྟག་པ་མ་ཡིན་ལ་སྔར་རང་བཞིན་གྱིས་གྲུབ་ལ་ཕྱིས་མེད་པའི་ཆད་པའང་མ་ཡིན་ཏེ།
བདེན་པ་གཉིས་སུ་སྟེ་གཉིས་ཆར་དུའང་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཕྱིར།
The subject - forms and so forth - they are not inherently established permanents nor previously inherently established and later non-existent, i.e. annihilated, because even an atom of inherent establishment does not exist wrt both truths.


Up a level: Reasoning of diamond slivers