Refuting production from self

བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ།
དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས།
From Buddhapalita:
Things are not produced from self because their production would be senseless and because it would be absurd. There is no purpose in the repeated production of things that exist as their own entity. If they are produced despite existing, then they would never not be produced.

གྲངས་ཅན་ན་རེ། དངོས་པོ་རང་གི་རྒྱུའི་དུས་ན་མེད་པ་སྐྱེ་བ་མི་འཐད་པས་འབྲས་བུ་ཐམས་ཅད་རང་རང་གི་རྒྱུའི་བདག་ཉིད་དུ་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་ལ། འབྲས་བུ་དེ་མངོན་པར་གསལ་བའི་ཚུལ་གྱིས་གྲུབ་པ་ལ་སྐྱེས་པ་ཞེས་ཐ་སྙད་དུ་བྱ་ཞིང་། གསལ་ཟིན་པ་དེ་ཉིད་སླར་ཡང་སྐྱེ་དགོས་པ་མ་ཡིན་ནོ། །ཞེས་ཟེར།
The Samkhya say: The production of things that do not exist at the time of their causes is illogical. Therefore, all results exist in a non-manifest way in the entity of their respective causes. The establishment of a result by way of manifesting is referred to as "production" and that which has manifested does not need to be produced again.

འགོག་ཚུལ་ནི། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར།
མ་ཁྱབ་ན། ཁྱོད་ཐུག་མེད་དུ་སླར་ཡང་སྐྱེ་བར་ཐལ། རང་གི་བདག་ཉིད་དུ་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར།
Refutation: The subject - a sprout - it follows that its repeated production is senseless because it is already established as its own entity.
If no pervasion: It follows that it will be endlessly produced again because despite already being established as its own entity, it needs to be produced again.

དོན་བསྡུ་ན། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། ཡོད་པའི་ཕྱིར།
མ་ཁྱབ་ན། དེ་ཆོས་ཅན། ཐུག་མེད་དུ་སྐྱེ་བར་ཐལ། ཡོད་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར།
In short: The subject - sprout - it follows that its repeated production is senseless because it exists.
If no pervasion: That subject, it follows that it is endlessly produced because despite existing, it needs to be produced again.


These two consequences are correct consequences not conveying a proof (see Correct consequence) because theses are non-established reasons for Prasangika:

  1. The subject - sprout - it exists [at the time of the cause] because its repeated production is not senseless.
    མྱུ་གུ་ཆོས་ཅན། ཡོད་དེ། སླར་ཡང་སྐྱེ་བ་དོན་ཡོད་པའི་ཕྱིར།
  2. The subject - sprout - it does not need to be produced again [having been established] because it is not endlessly produced again. མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་མི་དགོས་སྟེ། ཐུག་མེད་དུ་སླར་ཡང་མི་སྐྱེ་བའི་ཕྱིར།

Whereas those for other-production are correct consequences conveying a proof.


Refutation of self-production (Gomde Uma)


Outlines:


Up a level: Reasoning of diamond slivers