Refuting production from the four extremes using the sign of dependent-arising (Gomde)

དངོས་པོ་རྣམས་ཆོས་ཅན། རང་གི་རྒྱུ་རྐྱེན་དང་ཆ་ཤས་ལ་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་མཚན་གང་གི་ཕྱིར་ན་རྒྱུ་མེད་པ་དང་། དབང་ཕྱུག་གི་རྒྱུ་དང་
ལ་སོགས་པས་གཙོ་བོ་དང་བདག་གཞན་རེ་རེ་བ་དང་གཉིས་ཀ་ཚོགས་པ་གང་ལས་ཀྱང་སྐྱེ་བར་འགྱུར་བ་མ་ཡིན་ཞིང་། ཁྱོད་སྐྱེ་བའང་ཡིན་པ་དེའི་ཕྱིར།
The subject - things - they are produced in dependence upon their causes and conditions and their parts because 1) they are not produced causelessly, not caused by Ishvara, the "and so forth" meaning also not from a Principal-Generality, not from self and other individually, nor from the collection of both and 2) because they are produced.

དགོས་པ་ནི། ཤེས་བྱ་ཆོས་ཅན། རྟེན་ནས་འབྱུང་བ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ཡིས་ནི་མཐའ་བཞིེའི་སྐྱེ་བར་མ་ཟད།
རང་བཞིན་གྱིས་གྲུབ་པའི་སྔར་འབྱུང་བར་ལྟ་བའི་རྟག་ལྟ་དང་ཕྱིས་མེད་པར་ལྟ་བའི་ཆད་ལྟ་སོགས་ཀུན་བཏགས་ཀྱི་ལྟ་བ་ངན་པའི་དྲ་བ་མཐའ་དག་གཅོད་པར་བྱེད་དེ།
རྒྱུ་མཚན་གང་གི་ཕྱིར་ན་དངོས་པོ་རྣམས་རྒྱུ་རྐྱེན་ལ་བརྟེན་ནས་རབ་ཏུ་འབྱུང་བར་རྟོགས་པས།
བདག་གཞན་ལས་སྐྱེ་བར་འཛིན་པ་སོགས་ལོག་པར་རྟོག་པ་བཞི་པོ་འདི་དག་གིས་བཟུང་བ་ལྟར་བརྟགས་པ་སྟེ་བཞག་པར་མི་ནུས་པ་དེའི་ཕྱིར།
The purpose: The subject - objects of knowledge - using the reasoning of "because they arise dependently" not only refutes production from the four extremes but also the entire web of wrong views imputing views of permanence, viewing previously arisen inherently established things, and views of annihilation, viewing their later non-existence, and so forth because through realising that things arise in dependence upon causes and conditions, they cannot be imputed, i.e. posited, in accordance with their apprehension by these four wrong conceptions apprehending them as produced from self and other and so forth.

རྟེན་འབྱུང་གི་རིགས་པས་མཐར་འཛིན་གྱི་ལོག་རྟོག་འགོག་ནུས་པའི་རྒྱུ་མཚན་ཡོད་དེ།
རྟེན་འབྱུང་གི་རིགས་པས་དངོས་རྣམས་ལ་རང་བཞིན་གྱིས་གྲུབ་པ་ཇི་ལྟར་མེད་པ་དེ་ལྟར་ཡོངས་སུ་དཔྱད་ཟིན་པས། དངོས་པོ་ལ་བདེན་འཛིན་སྤོང་ནུས་པའི་ཕྱིར།
The reason that the wrong conception apprehending these extremes can be ceased by the reasoning of dependent-arising: Due to having already analysed how things lack inherent establishment, the reasoning of dependent-arising is able to abandon the apprehension of true existence of things.

ཁྱབ་སྟེ། མཐར་འཛིན་གྱི་རྟོག་པ་རྣམས་ལ་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོད་ན་འབྱུང་བར་འགྱུར་བ་རིགས་ཤིང་།
དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་མེད་པར་མཐར་འཛིན་གྱི་རྟོག་པ་འདི་རྣམས་མི་འབྱུང་བའི་ཕྱིར།
There is pervasion because if the apprehension of things as inherently established exists then these conceptions holding to extremes are suitable to arise, whereas without apprehending things as inherently established these conceptualisations holding to extremes do not arise.

དཔེར་ན་རྒྱུ་བུད་ཤིང་མེད་པར་འབྲས་བུ་མེ་ཡོད་པ་མ་ཡིན་པའི་དཔེ་དེ་བཞིན་ནོ།
For example, without kindling (the cause) there is no fire (the result).


Up a level: Madhyamaka