Refuting self-knowers as the proof of other-powered natures
གཞན་དབང་གི་སྒྲུབ་བྱེད་དྲིས་ནས་དེ་མི་འཐད་པར་བསྟན་པ།
Inquiring about the proof of other-powered natures and indicating its incorrectness
གཞུང་གོང་མ་རྣམས་སུ་ཕྱི་དོན་མེད་པའི་ཤེས་པ་རང་བཞིན་གྱིས་ཡོད་པ་བཀག་ནས་
ད་ནི་ཕྱི་དོན་མེད་པའི་ཁྱད་པར་དུ་མ་བྱས་པར་གཞན་དབང་གིེ་དངོས་པོ་ཙམ་ཞིག་རང་ངོས་ནས་གྲུབ་པ་འགོག་པ།
The previous sections having refuted the inherent existence of consciousness without external objects, now, there is the refutation of just other-powered things as established from their own side, without the qualification of the non-existence of external objects.
གལ་ཏེ་ཕྱི་རོལ་གྱི་གཟུང་བ་མེད་པས་དེ་ལས་རྫས་གཞན་པའི་འཛིན་པ་ཉིད་དང་བྲལ་ཞིང་།
གཟུང་འཛིན་རྫས་ཐ་དད་པ་གཉིས་ཀྱིས་སྟོང་བའི་གཞན་དབང་གིེ་དངོས་པོ་རང་བཞིན་གྱིས་གྲུབ་པ་ཅིག་ཡོད་པར་འདོད་ན།
If someone asserts: Since external apprehendeds do not exist, what exists are inherently established other-powered things that are empty of 1) apprehenders that are a different substance from those and 2) apprehendeds and apprehenders that are different substances.
ཤེས་བྱ་ཆོས་ཅན། གཞན་དབང་གི་ཤེས་པ་དེ་རང་བཞིན་གྱིས་མེད་པར་ཐལ།
གཞན་དབང་འདི་ཡི་རང་བཞིན་གྱིས་ཡོད་པ་ཚད་མ་གང་གིས་ཤེས་པར་འགྱུར་ཏེ་མི་འགྱུར་པའི་ཕྱིར།
Answer: The subject - objects of knowledge - it follows that other-powered consciousnesses do not inherently exist because through what valid cognition would inherently existent other-powered natures be established? they would not be.
ཁྱབ་སྟེ། ཚད་མས་མ་བཟུང་པར་ཡང་ཡོད་ཅེས་བྱ་བར་མི་རུང་བའི་ཕྱིར།
There is pervasion because it is not suitable to say something exists without being apprehended by valid cognition.
རྟགས་གྲབ་སྟེ། དེ་རང་གཞན་གང་རུང་གིས་མི་འཇལ་བའི་ཕྱིར། ཤེས་པ་དོན་གཞན་གྱིས་འཇལ་ན་སེམས་ཙམ་པ་རང་གིེ་གྲུབ་མཐའ་དང་འགལ་བའི་ཕྱིར་ཏེ།
གལ་ཏེ་འབྲས་བུའི་གནས་འགྱུར་མ་ཐོབ་པའི་གནས་སྐབས་སུ་རྣམ་པར་རིག་པ་དོན་གཞན་ཞིག་རྣམ་པར་རིག་པའི་སྣང་ཡུལ་ཡིན་ན།
རྣམ་པར་རིག་པ་ཙམ་ཉིད་དུ་སྨྲ་བ་ཉམས་པར་འགྱུར་རོ་ཞེས་སེམས་ཙམ་པ་རང་གི་གཞུང་ལས་འབྱུང་བའི་ཕྱིར།
The reason is established because that is not cognised by either itself or a separate [consciousness]; because if that was cognised by a separate consciousness, then this would contradict the Cittamatrins own tenets; because Cittamatra texts say "If on the occasion of the result's transformation not having been completed, a separate knower is the appearing-object of a knower, then this would degenerate from propounding 'mere knowers'".
དེ་ལ་ཁོ་ན་རེ། རང་གཞན་གང་རུང་གིས་མ་འཇལ་བ་རྟགས་མ་གྲུབ་སྟེ། ཤེས་པ་དོན་གཞན་གྱིས་མ་འཇལ་ཀྱང་། རང་རིག་མངོན་སུམ་གྱིས་འཇལ་བའི་ཕྱིར་ཞེ་ན།
To that, someone says: The reason that that is not cognised by either itself or a separate [consciousness] is not established because although it is not cognised by a separate consciousness, it is cognised by the self-knowing direct perception.
ཤེས་བྱ་ཆོས་ཅན། རང་རིག་མངོན་སུམ་དེ་ཉིད་ཀྱིས་གཞན་དབང་གི་ཤེས་པ་དེ་མྱོང་བར་གྲུབ་པ་མ་ཡིན་པར་ཐལ། རང་རིག་མངོན་སུམ་མ་གྲུབ་པའི་ཕྱིར་ཏེ།
རང་ཉིད་རང་ལ་བྱ་བ་བྱེད་པ་འགལ་བའི་ཕྱིར།
Answer: The subject - objects of knowledge - it follows that the self-knowing direct perception itself is not established as experiencing that other-powered consciousness because self-knowing direct perception is not established; because something acting upon itself is contradictory.
དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའེ་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་པ་བཞེན་ནོ།
For example, the blade of a sword does not cut itself and the tip of the finger does not touch itself.
དེ་འཐད་པའི་གཞན་གྱི་ལན་དགག་པ།
Refuting the others' response that that is logical
- Cittamatra reasoning for self-knowers
- Refutation of self-knowers as the basis for memory
- How memory operates without self-knowers
རིགས་པ་གཞན་གྱིས་ཀྱང་རང་རིག་མི་འཐད་པར་བསྟན་པ།
Indicating that self-knowers are unfeasible also using other reasonings
Refutation of self-knowers in other texts (Shantideva) གཞུང་གཞན་ནས་བཤད་ཚུལ།
Summary of four refutations by Candrakirti (JS)
གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་གྱི་བུ་དང་མཚུངས་པར་བསྟན་པ།
Indicating that inherently established other-powered natures are the same as the son of a barren woman
ཤེས་བྱ་ཆོས་ཅན། རྒྱུ་མཚན་གང་གི་ན་མོ་གཤམ་ཀྱི་བུ་འདི་ཡོད་པར་མི་རིགས་པར་འདོད་པ་གཞན་སེམས་ཙམ་པ་ཁྱོད་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་
བསྐྱལ་ནས་ཡོད་པར་མི་འདོད་པ་ཡིན་ནམ། འོན་ཏེ་གནོད་མ་བསྐྱལ་ན་དེ་ཡང་ཡོད་པར་འདོད་རིགས་པར་ཐལ།
གལ་ཏེ་རང་བཞིན་གྱིས་སྐྱེ་བ་མེད་ཅིང་ཚད་མས་མ་ཤེས་པའི་བདག་ཉིད་ཅན་གྱི་གཞན་དབང་ལ་སྒྲུབ་བྱེད་མེད་ཀྱང་རང་གི་ངོ་བོས་གྲུབ་པའི་
དངོས་པོར་ཡོད་པ་ཁས་ལེན་པའི་ཕྱིར།
The subject - objects of knowledge - for what reason do you Cittamatrins, unlike others who assert that the existence of the son of a barren woman is illogical, do not assert the its existence having seen it is not undermined for you? It follows that if it is not undermined, then it too is logical to assert as existent because despite inherent production not existing and the absence of proof for other-powered natures that are by nature not known by valid cognition, you assert that things that are established by their own nature exist.
Up a level: Refutation of the Cittamatra System