Refuting the Buddhist assertions of the aggregates as the self

རང་སྡེ་མང་བཀུར་བ་དག་ན་རེ། ཕུང་པོ་ཁོ་ན་བདག་ཏུ་ལྟ་བ་སྟེ། འཇིག་པའི་འཇིག་ལྟའི་དམིགས་ཡུལ་བདག་ཡིན་ཏེ།
དེའི་དམིགས་ཡུལ་གྱི་བདག་ཡོད་པ་གང་ཞིག ཕུང་པོ་ལས་ངོ་བོ་གཞན་པའི་བདག་གྲུབ་པ་མེད་པའི་ཕྱིར་ཞེས་ཟེར་རོ།
The Sammitīyā say: It is just the aggregates that are viewed as a self because the observed-object of the view of the transitory collection is the self; because 1) its observed-object exists and 2) a self that is established as a different entity from the aggregates does not exist.

དེའི་ནང་ཚན་ཁ་ཅིག་ན་རེ། བདག་ལྟའི་རྟེན་དུ་སྟེ་དམིགས་པར་ནས་ཕུང་པོ་ལྔ་ཆར་ཡང་འདོད་དེ། མདོ་ལས། དགེ་སློང་དག་དགེ་སྦྱོང་ངམ་བྲམ་ཟེ་གང་སུ་དག་ཅིག་
བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། ཞེས་གསུངས་པའིེ་ཕྱིར་དང་།
ངར་འཛིན་ལྷན་སྐྱེས་ལ་འཇིག་པའི་ཆོགས་པ་ཅན་ལ་ལྟ་བ་ཞེས་ཀྱང་གསུངས་པའི་ཕྱིར། ཞེས་སྨྲའོ།
Some of their subschools assert that the support or observed-object of the view of a self is all five aggregates 1) because sutra says, "Gelongs, any ṡramaṇa or brahmin with a thorough view thinking "self" is thoroughly viewing only these five appropriated aggregates." and 2) because the innate apprehension of self is indicated as "view of the transitory collection".

མང་བཀུར་བ་ཁ་ཅིག་སེམས་ཅིག་པུ་བདག་ཏུ་འདོད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར།
།བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། ཞེས་བདག་གིས་བདག་འདུལ་པར་གསུངས་པ་ནི་སེམས་ཡིན་པའི་ཕྱིར།
Some Sammitīyā assert that the mind alone is the self because sutra says "Just the self is the self's protector; no one else will be its protector. By properly taming the self, the masters will attain high states." and the self that is indicated as tamed by the self is the mind.

འོ་ན། དེ་སེམས་ཡིན་པ་གང་གིས་སྒྲུབ་ཅེ་ན། ཕུང་པོ་ལས་དོན་གཞན་པའིེ་བདག་མེད་པའི་ཕྱིར་དང་། མདོ་གཞན་ལས་ཀྱང་། །སེམས་འདུལ་བ་ནི་ལེགས་པ་སྟེ།
།སེམས་འདུལ་བས་ནི་བདེ་བ་འདྲེན། །ཞེས་སེམས་འདུལ་བྱར་གསུངས་པ་དེ་ཡིས་སོ་ཞེ་ན།
In that case, what proves that it is the mind? It is 1) because a self that is separate from the aggregates does not exist and 2) because also in other sutras the mind is indicated as that to be tamed, saying "Taming the mind is good; a tamed mind will induce happiness."


Illustrations of the self:

ལུགས་དེ་དག་གིས་ཉན་རང་གིས་གང་ཟག་རྫས་ཡོད་དུ་མེད་པར་རྟོགས་པར་འདོད་ཀྱང་། རྣམ་ཤེས་གཉིས་པོ་རྫས་ཡོད་དུ་མེད་པར་རྟོགས་པར་མི་འདོད་པས།
(LTK Illumination:) These systems [i.e. Svatantrika and below] assert that Hearers and Solitary Realisers realise the person as not being substantially existent but do not assert that they realise the two consciousnesses [i.e. mental or alaya] as not being substantially existent.

གང་ཟག་རང་རྐྱ་ཐུབ་པའི་རྫས་སུ་མེད་པར་སྨྲ་བ་ནི་གང་ཟག་གི་རང་གི་ལྡོག་པ་ནས་འདོད་པ་ཡིན་གྱི། གང་ཟག་གི་མཚན་གཞི་རྣམ་ཤེས་ལ་དེ་ལྟར་འདོད་པ་མིན་ནོ།
Therefore, proponents of the person as not being self-sufficient substantially existent assert as such in terms of the self-isolate of the person but do not assert as such in terms of the illustration of the person, i.e. consciousness.


Seven consequences refuting that the aggregates are the self:

  1. The self would be many
  2. The self would be substantially existent
  3. The view of the transitory collection would not be erroneous
  4. The self would be annihilated upon nirvana without remainder
  5. Prior to that, previous lives would not be remembered
  6. Accumulated actions would go to waste
  7. Accumulated actions would ripen for someone else

Proof that the self and aggregates are not one

Refutations by way of the yogis direct realisation of suchness


Next: Explaining the purpose for indicating the aggregates as a self

Up a level: Refuting the inherent establishment of I and Mine (Gomde)