Refuting the example of perceiving falling hairs

སེམས་ཅམ་པ་ན་རེ། ཕྱི་དོན་མེད་ཀྱང་ཕྱི་རོལ་དོན་སྣང་གི་ཤེས་པ་རང་བཞིན་གྱིས་ཡོད་དེ།
དཔེར་ན་སྐྲ་ཤད་མེད་ཀྱང་སྐྲ་ཤད་སྣང་བའི་བློ་རང་བཞིན་གྱིས་ཡོད་པ་བཞིན་ནོ་ཞེ་ན།
The Cittamatrins say: Although external objects do not exist, consciousnesses to which external objects appear do inherently exist because it is like, for example, although falling hairs do not exist, an awareness to which falling hairs appear does inherently exist.

ཤེས་བྱ་ཆོས་ཅན། སྐྲ་ཤད་དང་དེར་སྣང་གི་བློ་ལ་བདེན་བརྫུན་གྱི་ཁྱད་པར་མེད་པར་ཐལ། མིག་གི་དབང་པོ་རབ་རིབ་དང་བཅས་པའི་བློ་གང་གིས་རབ་རིབ་ཀྱི་མཐུ་ལས་
སྐྲ་ཤད་ཀྱི་རྣམ་པ་རྣམས་གང་མཐོང་བའི་གང་ཟག་དེའི་བློ་ལ་ལྟོས་པ་སྟེ་དེའི་བློ་ངོར་སྐྲ་ཤད་དུ་སྣང་བའི་ཡུལ་དང་དེ་སྣང་བའི་མིག་ཤེས་གཉིས་ཅར་བདེན་པ་སྟེ་ཡོང་ལ།
དོན་གསལ་མཐོང་བ་སྟེ་རབ་རིབ་མེད་པའི་མིག་ཤེས་ལ་ལྟོས་ན་ནི་དེ་གཉིས་ཀའང་བརྫུན་པ་སྟེ་མ་སྐྱེས་པ་ཡིན་པའི་ཕྱིར།
The subject - objects of knowledge - it follows that there is no difference in terms of truth and falsity between the falling hairs and the awareness to which that appears because from the perspective of the person perceiving those aspects of falling hairs through the force of an awareness where the eye sense-faculty has an eye-disease, both the object that is the appearance of falling hairs and the eye-consciousness to which they appear will be true and will arise; whereas, for the clear sighted (i.e. an eye-consciousness without an eye-disease) both of those will be fault and will not arise.

གལ་ཏེ་ཤེས་བྱ་སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་རང་བཞིན་གྱིས་ཡོད་ན། གང་ཞིག་རབ་རིབ་ཅན་གྱིས་སྐྲ་ཤད་མཐོང་བ་དེའི་ཡུལ་དེར་མིག་གི་རྗེས་སུ་འབྲེལ་བ་སྟེ་བློ་གཏད་པ་ན་རབ་རིབ་མེད་པ་དེ་ལའང་རབ་རིབ་ཅན་དང་འདྲ་བར་སྐྲ་ཤད་མེད་པར་མཐོང་བའི་བློ་སྐྱེ་བར་འགྱུར་བར་ཐལ། ཡུལ་སྒྲ་ཤད་མེད་པར་མཚུངས།
བློ་རང་བཞིེན་གྱིས་གྲུབ་པ་ཡང་མཚུངས་པའི་ཕྱིར།
If the falling hairs do not exist as an object of knowledge but the awareness to which falling hairs appear inherently exists, then when one with an eye-disease looks at or turns their attention to the place where the falling hairs are perceived they would give rise to an awareness perceiving the non-existence of falling hairs, just like those without an eye-disease, because 1) their objects, falling hairs, are equally non-existent and 2) their awarenesses are equally inherently established.

ཁྱབ་ཏེ། སྐྲ་ཤད་སྣང་བའི་བློ་བདེན་པར་གྲུབ་ན་རབ་རིབ་ཙམ་ལ་ལྟོས་པ་འགལ་པའི་ཕྱིར།
There is pervasion because if the awareness to which falling hairs appear is truly established, then it would contradict its dependence only upon the eye-disease.

སྐྲ་ཤད་མེད་པར་སྐྲ་ཤད་འཛག་སྣང་གི་བློ་དེ་རང་བཞིན་གྱིས་ཡོད་པ་མ་ཡིན་པར་ཐལ།
དེ་ཡོད་ན་རབ་རིབ་མེད་པའི་གང་ཟག་ལའང་སྐྲ་ཤད་སྣང་བའི་བློ་སྐྱེ་བར་འགྱུར་དགོས་ན་དེ་ལྟ་མ་ཡིན་པ་དེའི་ཕྱིར་རོ།
It follows that it is not the case that falling hairs do not exist whereas the awareness to which falling hairs appear inherently exists because if that exists, then an awareness to which falling hairs appears would necessarily arise also for persons without an eye-disease; but this is not the case.


Up a level: Refuting that consciousness is inherently established without external objects (Gomde)