Refuting the example of the dream

སེམས་ཙམ་པ་ན་རེ། དེའི་དཔེ་ཡང་དག་ཡོད་དེ། རྨི་ལམ་ན་གླང་ཆེན་མེད་ཀྱང་གླང་ཆེན་གསལ་བར་སྣང་བའི་ཤེས་པ་རང་བཞིན་གྱིས་གྲུབ་པ་ཇི་ལྟ་བ་དེ་བཞིན་ནོ་ཞེ་ན།
The Cittamatrins say: This is a correct example. Although the elephant in the dream does not exist, the consciousness to which the elephant clearly appears is inherently established; it is exactly like that.

ཕྱི་རོལ་མེད་ལ་སེམས་རང་བཞིན་གྱིས་ཡོད་པའི་དཔེ་ཡང་དག་མ་ཡིན་པར་ཐལ། གང་གི་ཚེ་དབུ་མ་པ་ང་ཡི་ལུགས་ལ་སད་པར་མ་ཟད་མི་ལམ་ན་ཡང་
ཡུལ་གླང་ཆེན་མེད་པ་ལྟར་དེའི་རྣམ་པ་ཅན་གྱི་སེམས་ཀྱང་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེའི་ཚེ་སྟེ་དེའི་ཕྱིར།
It follows that it is not a correct example for the non-existence of external objects and the inherent existence of the mind because in the Madhyamaka system at any time, not only when awake but also in dreams, just as the object (the elephant) does not exist, also the mind possessing its aspect does not inherently exist.

གལ་ཏེ་ཁོ་ན་རེ། རྨི་ལམ་ན་གླང་པོ་ཆེ་སྣང་བའི་ཡིད་རང་བཞིན་གྱིས་ཡོད་དེ། སད་པའི་ཚེ་གླང་པོ་ཆེ་སྣང་བའི་རྨི་ལམ་གྱི་ཡིད་དྲན་པའི་ཕྱིར་རོ་ཞེ་ན།
If they say: The mind to which the elephant appears in a dream inherently exists because the dream-consciousness to which the elephant appeared is remembered when awake.

འོ་ན། རྨི་ལམ་གྱི་ཤེས་པ་ལ་སྣང་བའི་ཕྱི་རོལ་གྱི་ཡུལ་གླང་པོ་ཆེ་ཡང་། རྨི་ལམ་གྱི་ཡིད་དེ་བཞིན་དུ་རང་བཞིན་གྱིས་ཡོད་པར་འགྱུར་བར་ཐལ། ཇི་ལྟར་ཁྱོད་ཀྱི་ལྟར་ན་ཡང་
སད་པའི་ཚེ་ངས་རྨི་ལམ་གྱི་དུས་སུ་གླང་ཆེན་མཐོང་སྙམ་པའི་ཡིད་དྲན་པ་ཡོད་པ་དེ་འདྲ་བ་ཕྱི་རོལ་གྱི་ཡུལ་གླང་ཆེན་ལའང་དེ་མཐོང་སྙམ་དུ་དྲན་པ་ཡོད་པ་ཡིན་པའི་ཕྱིར།
In that case, it follows that just like the dream-consciousness, the elephant that is the external object appearing to that dream-consciousness would also inherently exist because according to you, just as one remembers "I perceived an elephant when dreaming" when awake, then there also exists the memory "I perceived an elephant (the external object)".

མདོར་ན་ངས་མཐོང་ཞེས་ཡུལ་ཅན་དྲན་པས་ཡུལ་ཅན་རང་བཞིན་གྱིས་ཡོད་དགོས་ན། འདི་མཐོང་ཞེས་ཡུལ་དྲན་པས་ཡུལ་ཡང་རང་བཞིན་གྱིས་ཡང་དགོས་ཞེས་པའོ།
In short, if the memory of the object possessor ("I perceived...") means that the object-possessor necessarily inherently exists, then then memory of the object ("Perceived this") would mean that also the object necessarily inherently exists.


གལ་ཏེ་ཁོ་ན་རེ། གཉིད་ལོག་པ་ན་མིག་གི་བློ་སྟེ་མིག་ཤེས་མི་སྲིད་པས་རྨི་ལམ་ན་གླང་པོ་ཆེ་ལ་སོགས་པའི་གཟུགས་མིག་གི་གཟུང་བྱ་ཡོད་པ་མ་ཡིན་ཞིང་།
དེའི་ཕྱིར་ཡིད་ཀྱི་ཤེས་པ་ཁོ་ན་ཡོད་དོ། ཡིད་ཤེས་དེ་ལ་ཕྱི་རོལ་དེ་ཡི་རྣམ་པ་སྣང་བ་ཙམ་ལ་ཕྱི་རོལ་ཉིད་དུ་ཞེན་པ་ཡིན་པས།
རྨི་ལམ་ན་ཕྱི་རོལ་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པ་ཇི་ལྟ་བ་དེ་བཞིེན་དུ་སད་པའི་སྐབས་འདིར་ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་གྲུབ་པ་འདོད་དོ་ཞེ་ན།
If they say: Since eye-consciousnesses are impossible when asleep, forms that are apprehendeds of eye-consciousnesses (such as the elephant and so forth) do not exist in the dream and therefore, only the mental consciousness exists. The mere appearance of the aspect of that external object to the mental consciousness is conceived as being an external object; therefore, just as in the dream external objects do not exist and the consciousness inherently exists, also when awake external objects do not exist and the consciousness inherently exists.

ཤེས་བྱ་ཆོས་ཅན། སེམས་ཙམ་པ་ཁྱོད་ཀྱི་ལུགས་ལྟར་ན་ཕྱི་རོལ་གྱི་ཡུལ་ཏེ་དོན་རྨི་ལམ་དུ་མ་སྐྱེས་པ་དེ་བཞིན་དུ་ཡིད་ཀྱི་རྣམ་ཤེས་ཀྱང་རང་བཞིེན་གྱིས་སྐྱེས་པ་
མ་ཡིན་པར་ཐལ། རྨི་ལམ་ན་མིག་དང་མིག་གི་ཡུལ་གཟུགས་གཉིས་མེད་པ་དེ་བཞེན་དུ་དེ་གཉིས་ལས་སྐྱེས་པའི་སེམས་མིག་གི་རྣམ་ཤེས་ཀྱང་ཡོད་པ་མ་ཡིན་པའི་ཕྱིར།
The subject - objects of knowledge - it follows that, according to the Cittamatrins, just as external objects are not produced in the dream, the mental consciousness is no inherently produced because just as in the dream the two (eyes and forms that are objects of the eyes) do not exist, then also the consciousnesses produced from those two (eye-consciousnesses) do no exist.

དེར་ཐལ། རྨི་ལམ་གྱི་མིག་གཟུགས་ཡིད་གསུམ་པོ་ཐམས་ཅད་ཀྱང་ནི་མིག་སོགས་སུ་སྣང་ཞིང་མིག་སོགས་ཀྱིས་སྟོང་པའི་བརྫུན་པ་ཡིན་པའི་ཕྱིར།
That follows because all three (eyes, forms, and mental consciousness) of the dream appear as eyes and so forth but are falsities that are empty of eyes and so forth.

ཤེས་བྱ་ཆོས་ཅན། མིག་སོགས་གསུམ་པོ་དེ་བཞིན་དུ་རྨི་ལམ་གྱི་རྣ་བ་ལ་སོགས་པ་ལྷག་མའི་ཡུལ་དབང་རྣམ་ཤེས་གསུམ་པོ་ལའང་བདེན་བརྫུན་གྱི་
ཁྱད་པར་མེད་པར་ཐལ། གསུམ་ཀ་རང་བཞིན་གྱིས་སྐྱེ་བ་མེད་པར་མཚུངས་པའི་ཕྱིར།
The subject - objects of knowledge - it follows that just like the three of eyes and so forth, also the remaining objects, sense-faculties, and consciousnesses (ear and so forth) of the dream are no different in terms of truth and falsity because all three are the same in not being inherently produced.

Appearances to dreams are: Forms that are phenomena sources


རྨི་ལམ་གྱི་དཔེས་ཤེས་པ་བདེན་པར་མི་འགྲུབ་པར་མ་ཟད། དཔེ་དེས་དངོས་པོ་ཐམས་ཅད་བརྫན་པར་གྲུབ་པ་ཡིན་ནོ།
Not only does the example of the dream not establish consciousness as being truly existent, this example establishes that all things are falsities.

ཤེས་བྱ་ཆོས་ཅན། རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་བརྫན་པ་ཡིན་པ་ཇི་ལྟ་བ་དེ་བཞེན་དུ་སད་པའི་སྐབས་འདིར་ཡང་དབང་དོན་ཤེས་པའི་དངོས་པོ་རྣམས་
བརྫུན་པ་ཡིན་ཏེ། བདེན་པར་སྣང་ཡང་དེར་མ་གྲབ་པའི་ཕྱིར།
The subject - objects of knowledge - just as the three (object, sense-faculty, and consciousness) of the dream are falsities, also the things of waking are falsities because despite appearing as truly existent, they are not established as such.

དེའི་ཕྱིར་སེམས་དེ་རང་བཞིེན་གྱིས་ཡོད་པ་མ་ཡིན་ལ། དེ་བཞིན་དུ་དབང་པོའེ་སྤྱོད་ཡུལ་གཟུགས་སོགས་རྣམས་དང་མིག་སོགས་དབང་པོ་རྣམས་ཀྱང་
རང་བཞིན་གྱིས་སྐྱེ་བ་མེད་དོ།
Therefore, the mind is not inherently existent and, similarly, the forms and so forth that are the objects of the senses and the sense-faculties (eye and so forth) are not inherently produced.

གཞན་ཡང་སེམས་ཙམ་པ་ཁྱོད་ཀྱིས་ཡུལ་དབང་རྣམ་ཤེས་གསུམ་པ་བདེན་བརྫུན་གྱི་ཁྱད་པར་ཕྱེ་བ་འདི་ཡུལ་གྱི་གནས་ཚུལ་མ་གྲུབ་པར་མ་ཟད།
ཡུལ་ཅན་བློ་ལ་ལྟོས་ནས་ཀྱང་མ་གྲུབ་པ་ཡིན་ནོ།
Moreover, not only does the Cittamatrins' differentiation of the three (object, sense-faculty, and consciousness) into truths and falsities not established in terms of the mode of abiding of object, it is also not established in relation to object-possessors (awarenesses).

ཇི་ལྟར་མ་གྲུབ་ཅེ་ན། ཤེས་བྱ་ཆོས་ཅན། སད་རྨིའི་སྐབས་ཀྱི་དབང་པོ་དོན་ཤེས་གསུམ་སད་རྨི་རང་རང་གི་སྐབས་སུ་ངོ་བོ་ཉིད་ཀྱིས་སྣང་བར་མཚུངས་པ་ཡིན་ཏེ།
འཇིག་རྟེན་འདི་ན་ཇི་ལྟར་གཏི་མུག་གི་གཉིད་མ་སད་ཅིང་ཐ་མལ་པའི་གཉིད་སད་པའི་ཤེས་ངོར་ཡུལ་དབང་རྣམ་ཤེས་གསུམ་ཀ་ཡོད་པ་དེ་བཞིན་དུ།
ཇི་སྲིད་དུ་ཐ་མལ་པའི་གཉིད་མ་སད་པ་དེ་སྲིད་དུ་རྨི་ལམ་གྱི་ཤེས་པ་དེ་ལ་སྟེ་དེའི་ངོར་ཡང་རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་པོ་ཡོད་པའི་ཕྱིར།
How is it not established? The subject - objects of knowledge - the three (object, sense-faculty, and consciousness) of the dream and waking are the same in terms of appearing inherently existent during their respective occasions because just as in this world all three (object, sense-faculty, and consciousness) exist from the perspective of not having woken from the sleep of ignorance and having woken from ordinary sleep, similarly, so long one has not woken from ordinary sleep, then the three (object, sense-faculty, and consciousness) exist from the perspective of the dream consciousness.

སད་རྨིའི་དེ་གསུམ་ཐ་མལ་པའི་གཉིད་དང་མ་རིག་པའི་གཉིད་སད་པའི་ངོར་མི་སྣང་བར་ཡང་མཆུངས་པ་ཡིན་ཏེ།
ཐ་མལ་པའི་གཉིད་སད་པར་གྱུར་ན་སྟེ་དེའི་དུས་སུ་རྨི་ལམ་གྱི་ཡུལ་དབང་རྣམ་ཤེས་གསུམ་ཚར་ཡོད་པ་མ་ཡིན་པ་ལྟར།
དེ་བཞིན་དུ་གཏི་མུག་གི་གཉིད་སད་པ་སྟེ་མ་རིག་པ་དྲུང་ཕྱུང་བ་ལས་དེ་ཁོ་ན་ཉིད་མངོན་སུམ་དུ་གཟིགས་པའི་ངོར་སད་པའི་དབང་དོན་ཤེས་པ་དེ་གསུམ་ཆར་མེད་པའི་ཕྱིར།
Those three of both waking and dreaming are also the same in terms of not appearing from the perspective of having woken from ordinary sleep and the sleep of ignorance because just as at the time of having woken from ordinary sleep the three (object, sense-faculty, and consciousness) of the dream do not exist, similarly, the three (object, sense-faculty, and consciousness) of waking do not exist from the perspective of having woken from the sleep of ignorance, i.e. of having uprooted ignorance and directly realised emptiness.


Up a level: Refuting that consciousness is inherently established without external objects (Gomde)