Refuting the positions of being support and supported and so forth

ཤེས་བྱ་ཆོས་ཅན། བདག་དང་ཕུང་པོ་ངོ་བོ་ཉིད་ཀྱིས་རྟེན་དང་བརྟེན་པར་འདོད་པ་འདི་ཕྱིན་ཅི་ལོག་གི་རྟོག་པས་བཞག་པ་ཙམ་ཡིན་ཏེ།
ཕུང་པོར་ཏེ་དེ་ལ་བདག་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཏེ།
བདག་ལ་ཡང་ཕུང་པོ་དེ་རྣམས་ངོ་བོ་ཉིད་ཀྱིས་བརྟེན་པའི་ཚུལ་གྱིས་ཡོད་པ་མ་ཡིན་པའི་ཕྱིར།
The subject - objects of knowledge - the assertion that the self and aggregates are inherently support and supported is the mere presentation of wrong conceptions because 1) the self does not exist by way of being inherently supported upon the aggregates and 2) the aggregates also do not exist by way of being inherently supported upon the self.

རྟགས་གཉིས་ཀ་གྲུབ་ཏེ། རྒྱུ་མཚན་གང་གི་ཕྱིར་ན། བདག་དང་ཕུང་པོ་འདིར་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་ཉིད་དུ་ཡོད་ན་དེ་གཉིས་ངོ་བོ་ཉིད་ཀྱིས་རྟེན་དང་བརྟེན་པར་
རྟོག་པ་སྟེ་འདོད་པ་དེ་རིགས་པར་འགྱུར་ནའང་། དེ་གཉིས་ངོ་བོ་ཉིད་ཀྱིས་གཞན་ཉིད་དུ་གྲུབ་པ་དེ་མེད་པ་དེའི་ཕྱིར་དང་བདག་ནི་གཟུགས་སོགས་དང་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པར་མི་འདོད་ལ་བདག་དང་ཕུང་པོ་ལ་ལྡན་པའི་སྒྲ་སྦྱོར་བའི་དོན་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་པའི་ཕྱིར།
Both reasons are established because if the self and aggregates existed as inherently established other, then their conception, i.e. assertion, as inherently support and supported would be reasonable; however, due to those two not existing as inherently established other, the self is not asserted as an inherently established possessor of form and so forth and the meaning of applying the term "possessor" to the self and aggregates does not include inherent establishment.

དེར་ཐལ། གཞན་དང་ལྡན་པ་ནི་ལྷ་སྦྱིན་གནག་སྟེ་བ་ལང་དང་ལྡན་པ་ལྟ་བུ་དང་། གཞན་མིན་པ་དང་ལྡན་པ་ནིེ་ལྷ་སྦྱིན་གཟུགས་དང་ལྡན་པ་ལྟ་བུ་ཡིན་ན།
བདག་ནི་གཟུགས་ལས་དེ་ཉིད་དེ་གཅིག་རང་གཞིན་ཉིད་དུ་རང་བཞིན་གྱིས་མེད་པའི་ཕྱིར།
That follows because if "possessing other" is like Devadatta possessing a cow and "possessing not-other" is like Devadatta possessing a body, then the self does not inherently exist as one with form.

དེར་ཐལ། རྒྱུ་མཚན་གང་གི་ཕྱིར་ན་བདག་དང་ཕུང་པོ་གཅིག་དང་ཐ་དད་གང་རུང་དུ་རང་བཞིན་གྱིས་ཡོད་པ་མིན་པར་བཤད་ཟིན་པ་དེའི་ཕྱིར།
That follows because the self and aggregates have already been explained as not being inherently existence one or different.


See:
Presentation of the person (JS)
Twenty views of self (Tendarwa)


Up a level: Refuting the inherent establishment of I and Mine (Gomde)