Self-experience and Other-experience in Prasangika (JS)
ཁ་ཅིག་ན་རེ། རང་མྱོང་ཡོད་པར་ཐལ། རང་གིས་རང་མངོན་སུམ་དུ་རྟོགས་པའི་ཤེས་པ་ཡོད་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། རྣམ་མཁྱེན་ཡོད་པའི་ཕྱིར།
Someone says: It follows that self-experience exists because consciousnesses that directly realise themselves exist.
Answer: No pervasion. The reason is established because omniscience exists.
རྩ་བར་འདོད་ན། རང་མཚན་གྱིས་གྲུབ་པ་ཡོད་པར་ཐལ། རང་མྱོང་ཡོད་པའི་ཕྱིར།
If the root is accepted: It follows that establishment by own-character exists because self-experience exists.
མ་ཁྱབ་ན་ཁྱབ་པར་ཐལ། ཤེས་པ་དེས་དེ་མྱོང་ཞེས་པའི་མིང་ཙམ་གྱིས་ཕར་འཇོག་ན་རང་མྱོང་གི་དོན་མི་ཚང་ལ་།
དེ་ཙམ་གྱིས་མ་བཞག་པར་ཤེས་པ་དེ་རང་གིས་མྱོང་ངམ་ཤེས་པ་དེ་ལས་གཞན་གྱིས་མྱོང་དཔྱད་ནས་རང་གིས་མྱོང་པར་རྙེད་པ་རང་མྱོང་གི་དོན་དང་། དེ་ལྟར་དཔྱད་ནས་གཞན་གྱིས་མྱོང་བར་རྙེད་པ་གཞན་མྱོང་གི་དོན་ཡིན་པས་སྐབས་འདིར་མྱོང་བ་ཡོད་ཀྱང་རང་མྱོང་གཞན་མྱོང་གང་ཡང་མེད་ཅེས་ཁས་ལེན་དགོས་པའི་ཕྱིར།
It follows there is pervasion because if it is posited as such merely though the term "that consciousness experiences that" then the meaning of self-experience is not fulfilled. Whereas, without positing it through just that, but rather if:
- The meaning of self-experience is: investigating whether a consciousness experiences itself or is experienced by another consciousness and finding that it is experienced by itself; and
- The meaning of other-experience is: investigating as such and finding that it is experienced by another;
Then it is necessary to assert that although experience exists, neither self-experience nor other-experience exist.
དེར་ཐལ། དཔེར་ན་མིང་གིས་བཏགས་ཙམ་གྱི་སྐྱེ་བ་ཡོད་ཀྱང་བདག་སྐྱེ་གཞན་སྐྱེ་གང་ཡང་མེད་པ་བཞིན་དུ་
མྱོང་ཙམ་ཡོད་ཀྱང་རང་མྱོང་གཞན་མྱོང་གང་ཡང་མེད་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་པའི་ཕྱིར།
That follows because, for example, although production that is merely designated by name exists, neither self-production nor other-production exist; similarly, although mere experience exists, neither self-experience nor other-experience exist. This is the intention of Nagarjuna and his spiritual children.
ལེགས་བཤད་སྙིང་པོ་ལས་མྱོང་བ་ལ་རང་མྱོང་གཞན་མྱོང་གཉིས་སུ་ཁ་ཚོན་ཆོད་མ་ཆོད་མི་གསལ་ཡང་མ་ཆོད་པ་དགོངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།
This is because Essence of Good Explanations says: "Although it is not clear whether or not experience is limited to self-experience and other-experience, the intention is that it is not limited."
ཁྱབ་སྟེ། འདིས་ནི་འཇུག་འགྲེལ་གྱི་སྐབས་དེ་ལྟར་གསལ་བར་མ་བསྟན་ཀྱང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་གཞན་ལས་འབྱུང་བས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཡིན་ཞེས་བཤད་པའི་ཕྱིར།
There is pervasion because this explains that it is not indicated clearly in this context of the Autocommentary, but that it occurs in other texts by Nagarjuna and his spiritual children and therefore is the intention of the Arya and his spiritual children.
འདིར་གསུངས་པ་ལྟར་རང་མྱོང་གཞན་མྱོང་གང་ཡང་མེད་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཡིན་པར་ཐལ།
རང་མྱོང་མེད་པ་དེ་ལྟར་ཡིན་པ་གང་ཞིག གཞན་མྱོང་མེད་པ་ཡང་དེ་ལྟར་ཡིན་པའི་ཕྱིར།
It follows that, as indicated here, that the non-existence of self-experience and other-experience is the intention of Nagarjuna and his spiritual children because 1) the non-existence of self-experience is as such and 2) the non-existence of other-experience is also as such.
རྟགས་དང་པོ་གྲུབ་སྟེ། རང་མྱོང་དང་རང་རིག་དོན་གཅིག་བྱས་ནས་འདིར་བཀག་པའི་ཕྱིར།
The first reason is established because self-experience and self-knowers are taking as mutually inclusive and refuted here.
དེར་ཐལ། རྩ་བར། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་པ་རྩ་འགྲེལ་དང་།
རྩོད་ཟློག་ལས། གལ་ཏེ་རང་ལས་ཚད་མ་གྲུབ། །གཞལ་བྱ་རྣམས་ལ་མ་ལྟོས་པར། །ཁྱོད་ཀྱི་ཚད་མ་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར།
That follows because the Root text says "That is not established as experiencing that."
And Refutation of Objections says "If valid cognition was established from itself, then without depending upon cognised-objects, your valid cognition would be established."
རྟགས་གཉིས་པ་གྲུབ་སྟེ༑ གཞན་མྱོང་ཡོད་ན་རང་མཚན་གྱིས་གྲུབ་པའི་གཞན་མྱོང་ཡོད་དགོས་པས་ངས་སྔར་མཐོང་ངོ་སྙམ་པ་མི་དྲན་པའི་སྐྱོན་ཡོད་པའི་ཕྱིར།
The second reason is established because if other-experience exists, then it would necessarily exist as experience of established by way of own character other and therefore there would be the fault of not remembering "I saw that earlier".
དེར་ཐལ། དཔེར་ན་བྱམས་པའི་སྐྱེ་བ་སྔོན་མར་རྒྱུད་གཞན་གྱི་ཉེར་སྦས་ཀྱིས་རང་ཉིད་སྐྱེས་པར་མི་དྲན་པ་བཞིན་ཡིན་པའི་ཕྱིར་དང་། ཐུག་མེད་ཀྱི་ཡང་སྐྱོན་ཡོད་པའི་ཕྱིར།
That follows because for example, Maitreya's previous birth is not remembered by Upagupta who is of a different continuum and because there would also be the fault of an infinite regress.
གཞན་ཡང་རང་མྱོང་གཞན་མྱོང་གང་ཡང་མེད་པ་འཕགས་པའི་དགོངས་པར་ཐལ།
ཚད་མ་རང་མྱོང་མ་ཡིན་ལ། ཚད་མ་གཞན་མྱོང་དང་རྒྱུ་མེད་མིན་ཡང་ཚད་གྲུབ་མིང་གིས་བཏགས་ཙམ་ཡོད་ཅེས་སོ་སོར་ཕྱེ་ནས་བཞག་དགོས་པའི་ཕྱིར།
Moreover, the non-existence of both self-experience and other-experience is the Arya's intention because it is necessary to posit this through differentiating:
- Valid cognition is not self-experience;
- Valid cognition is not other-experience;
- It is not causeless; rather
- Establishment of valid cognition exists as merely designated by name.
རྩོད་ཟློག་ལས། ཚད་མ་རྣམས་ནི་རང་ཉིད་ཀྱིས། །འགྲུབ་མིན་ཕན་ཚུན་གྱིས་མིན་པའམ།།ཚད་མ་གཞན་གྱིས་མ་ཡིན་ལ། །གཞལ་བྱས་མ་ཡིན་རྒྱུ་མེད་མིན།
།ཆོས་ཀྱི་གནས་སྐབས་རབ་མཁས་པ། །དགེ་བ་ཡིས་ནི་ཆོས་རྣམས་ཀྱི། །དགེ་བའི་རང་བཞིན་ཆོས་རྣམས་གང་། །དེ་ལྟར་རབ་ཕྱེ་བརྗོད་བྱ་ཡིན།
།ཞེས་གསལ་བར་གསུངས་པའི་ཕྱིར།
This is because Refutation of Objections says: Valid cognitions are not established by themselves, not by each other or by another valid cognition, not by the cognised-object, and not causelessly. Those skilled in the context of dharma, say that the nature virtuous dharmas is due to their virtue and differentiate them as such.
Up a level: Refutation of self-knowers as the basis for memory