Self-knowers and memory
རང་རིག་མེད་པར་དྲན་པ་སྐྱེ་ཚུལ་གྱི་ལུགས་ཆེན་པོ་གཉིས་ཡོད་དེ།
There are two great systems for positing the production of memory without self-knowers:
- Candrakirti's system དཔལ་ལྡན་ཆོས་གྲགས་ཀྱི་ལུགས།
- Shantideva's system དཔལ་ལྡན་ཞི་བ་ལྷའི་ལུགས།
ཕྱོགས་སྔ་མའི་ཐལ་བ་དང་བཟློག་པ་གཉིས་ཀ་ལའང་ཁྱབ་པ་མེད་པའི་ལན་འདེབས།
Both to the opponent's consequence and its inverse, they respond with "no pervasion".
- Consequence: It follows that the production of a memory remembering an eye-consciousness apprehending blue is unfeasible because a self-knower that experiences that does not exist.
སྔོ་འཛིན་མིག་ཤེས་དྲན་པའི་དྲན་ཤེས་སྐྱེ་བ་མི་འཐད་པར་ཐལ། དེ་མྱོང་བྱེད་ཀྱི་རང་རིག་མེད་པའི་ཕྱིར། - Inverse: The subject - an eye-consciousness apprehending blue - a self-knower experiencing it exists because a memory remembering it is later produced.
སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་མྱོང་བྱེད་ཀྱི་རང་རིག་ཡོད་དེ། ཕྱིས་ཁྱོད་དྲན་པའི་དྲན་ཤེས་སྐྱེ་བའི་ཕྱིར།
འདིའི་ལན་ལ་སྤྱོད་འཇུག་ལས། གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས།
In response, Shantideva says:
It will be remembered through being connected with the other-experiencer; just like the rat's poison.
ཁྱོད་ཀྱི་ཐལ་འགྱུར་དེ་ལ་ཁྱབ་པ་མེད་དེ། སྔོར་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་དྲན་ཤེས་དེས་ཡུལ་སྔོན་པོ་དྲན་པ་ན།
སྔོར་སྣང་དབང་ཤེས་ཀྱང་དྲན་པར་འགྱུར་བའི་ཕྱིར།
There is no pervasion in that consequence because when the memory remembering blue that is produced after the sense-consciousness to which blue appears remembers blue (the object), the sense-consciousness to which blue appears will also be remembered.
དཔེར་ན། དགུན་གྱི་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་ལུས་ལ་བྱི་དུག་ཞུགས་ཀྱང་། དེའི་དུས་སུ་རྨུགས་པ་དེ་མྱོང་གི་དུག་མ་མྱོང་ལ།
ཕྱིས་འབྲུག་གི་སྒྲ་ཐོས་པ་ན་སྔར་རྨུགས་པའི་དུས་སུ་དུག་ཞུགས་འདུག་སྙམ་པའི་དྲན་པ་སྐྱེ་བ་བཞིན་ནོ།
For example, in winter, when a rat bites the body, the rat's poison enters the body; although at that time, the bite is experienced, the poison is not experienced. Later, when thunder is heard, a memory thinking "The poisoned entered [the body] when I was bitten previously." arises.
See: Refutation of self-knowers in other texts (Shantideva)
ཁྱབ་པ་མེད་དེ། སྔོར་སྣང་དབང་ཤེས་ཀྱི་རྗེས་སུ་སྐྱེས་པའི་སྔོན་པོ་དྲན་པའི་དྲན་ཤེས་དང་། སྔོར་སྣང་དབང་ཤེས་གཉིས་རང་བཞིན་གྱིས་གཞན་མ་ཡིན་ཞིང་།
ཡུལ་སྔོན་པོ་གཅིག་ལ་ཐུན་མོང་དུ་འཇུག་པའི་ཕྱིར།
Chandrakirti's response: There is no pervasion because the memory remembering blue that is produced subsequent to a sense-consciousness to which blue appears and the sense-consciousness to which blue appears are not inherently other and commonly engage the same object, i.e. blue.
སྔོར་སྣང་དབང་ཤེས་རྟོགས་བྱེད་ཀྱི་བློ་ཡོད་དེ། སྔོར་སྣང་དབང་ཤེས་དེ་སྔོར་སྣང་དབང་ཤེས་རྟོགས་བྱེད་ཀྱི་བློ་ཡིན་པའི་ཕྱིར།
An awareness realising the sense-consciousness to which blue appears exists because the sense-consciousness to which blue appears is an awareness realising the sense-consciousness to which blue appears.
དེ་རྟོགས་བྱེད་ཀྱི་བློ་དང་། དེ་མྱོང་བྱེད་ཀྱི་བློ་དོན་མི་གཅིག་སྟེ། སྔོར་སྣང་དབང་ཤེས་དེ་རང་ཉིད་རྟོགས་བྱེད་ཀྱི་བློ་ཡིན་ཡང་། རང་མྱོང་བྱེད་མ་ཡིན་པའི་ཕྱིར།
An awareness realising that and an awareness experiencing that are not mutually inclusive because although the sense-consciousness to which blue appears realises itself, it does not experience itself.
Main page: Refuting self-knowers as the proof of other-powered natures
Up a level: Madhyamaka