Sevenfold analysis of the chariot (Jangkya)
ཤིང་རྟ་ཆོས་ཅན། རང་གི་ཡན་ལག་སྲོག་ཤིང་དང་འཁོར་ལོ་དང་གཟེར་བུ་སོགས་དང་རང་བཞིན་གཅིག་མ་ཡིན་ཏེ།
གཅིག་ཡིན་ན་ཡན་ལག་རྣམས་དུ་མ་ཡིན་པ་བཞིན་དུ་ཤིང་རྟ་ཡང་དུ་མར་འགྱུར་བ་དང་།
ཡང་ན་ཤིང་རྟ་གཅིག་ཡིན་པ་བཞིན་དུ་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་བ་དང་། བྱེད་པ་པོ་དང་བྱ་བའི་ལས་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་ཡོད་པའི་ཕྱིར།
One: The subject - the chariot - it is not one entity with its parts (the axle, wheels, nails, and so forth) because if they were one, then there would be the faults that:
- Just like the parts are many, there would also be many chariots, or
- Just like the chariot is one, the parts would also be one;
- The agent and acted-upon object would be one,
- And so forth.
དེ་ཆོས་ཅན། རང་གི་ཡན་ལག་རྣམས་དང་རང་བཞིན་གྱིས་ཐ་དད་མ་ཡིན་ཏེ། གཞན་དུ་ན་ངོ་བོ་ཐ་དད་དུ་འགྱུར་ཞིང་། ངོ་བོ་ཐ་དད་དུས་མཉམ་ཡིན་ན་འབྲེལ་མེད་དོན་གཞན་ཡིན་དགོས་པས་རྟ་དང་བ་ལང་བཞིན་དུ་ཤིང་རྟ་རང་གི་ཡན་ལག་རྣམས་དང་སོ་སོར་དམིགས་དགོས་པ་ལས་དེ་མ་དམིགས་པའི་ཕྱིར་རོ།
Different: That subject, it is not inherently different from its parts because otherwise they would be different entities and if they are simultaneous different entities, then they are necessarily unrelated different object; therefore, the chariot and its parts would need to be observed separately, like a horse and an ox, whereas they are not observed as such.
དེ་ཆོས་ཅན། རང་གི་ཡན་ལག་རྣམས་ལ་རང་བཞིན་གྱིས་བརྟེན་པ་དང་རང་གི་ཡན་ལག་རྣམས་ཁྱོད་ལ་རང་བཞིན་གྱིས་བརྟེན་པའི་ཕྱོགས་གཉིས་ཀྱང་མི་འཐད་དེ།
དེ་གཉིས་ཡིན་ན་རང་བཞིན་གྱིས་ཐ་དད་དུ་ཡོད་དགོས་པ་ལས་དེ་མི་འཐད་པ་བཤད་ཟིན་པའི་ཕྱིར་རོ།
Support and Supported: That subject, the two positions that it is inherently supported upon its parts and that its parts are inherently supporting it are incorrect because if those two were the case, then they would necessarily exist as inherently different, whereas that being illogical has already been explained.
དེ་ཆོས་ཅན། ལྷས་སྦྱིན་བ་ལང་དང་ལྡན་པའམ་ལྷས་སྦྱིན་རྣ་བ་དང་ལྡན་པ་ལྟ་བུའི་སྒོ་ནས་ཤིང་རྟ་རང་གི་ཡན་ལག་དང་རང་བཞིན་གྱིས་ལྡན་པའི་ཚུལ་ཡང་མི་འཐད་དེ།
ལྡན་ཚུལ་སྔ་མ་ལྟར་ན་ངོ་བོ་ཐ་དད་དང་། ལྡན་ཚུལ་ཕྱི་མ་ལྟར་ན་ངོ་བོ་གཅིག་ཏུ་རང་བཞིན་གྱིས་གྲུབ་དགོས་ལ་དེ་གཉིས་ཀའང་བཀག་ཟིན་པའི་ཕྱིར་རོ།
Possessor: That subject, it is incorrect that the chariot inherently possesses its parts similarly to 1) how Devadatta possesses an ox or 2) how Devadatta possesses an ear because according to the first mode of possession, they would necessarily be inherently-established different entities and according to the second mode of possession, they would necessarily be inherently-established same entity; both of those have already been refuted.
དེ་ཆོས་ཅན། ཁྱོད་ཀྱི་ཡན་ལག་རྣམས་ཚོགས་ཙམ་ཡང་ཁྱོད་དུ་འཇོག་པ་མི་འཐད་དེ། དེ་ལྟར་ན་འཁོར་ལོ་དང་གཟེར་བུ་ལ་སོགས་པ་ཕྲལ་ནས་སིལ་བུར་གནས་པ་རྣམས་
མ་ཚང་བ་མེད་པར་ཕྱོགས་གཅིག་ཏུ་སྤུངས་ནས་ཚོགས་པ་ཙམ་ལ་ཡང་ཤིང་རྟ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་རོ།
Mere Collection: That subject, it is incorrect to posit the mere collection of its parts as it because in that case, a chariot would consequently exist where the scattered and unassembled parts (the wheels, nails, and so forth) are merely collected through heaping them all together in one place.
རང་སྡེ་དངོས་པོར་སྨྲ་བ་དག་ཡན་ལག་ཅན་ནི་མེད་ཀྱི་ཡན་ལག་འདུས་པ་ཙམ་ཞིག་འདོད་པ་དེའི་ལྟར་ན་ཡང་མི་འཐད་དེ།
ཡན་ལག་ཅན་མེད་པའི་ཕྱིར་ཡན་ལག་ཀྱང་མེད་པར་འགྱུར་བའི་ཕྱིར་རོ།
The Buddhist Proponents of Things' assertion that a part-possessor does not exist but rather only a mere collection of parts is also incorrect because due to the non-existence of the part-possessor, the parts would also become non-existent.
དེ་ཆོས་ཅན། ཁྱོད་ཀྱི་ཡན་ལག་རྣམས་ཀྱི་དབྱིབས་ཁྱད་པར་བ་ཡང་ཁྱོད་དུ་འཇོག་མི་རིགས་ཏེ། ཡན་ལག་སོ་སོ་བའི་དབྱིབས་ཤིང་རྟ་ཡིན་པ་ཡང་མི་འཐད།
ཡན་ལག་རྣམས་ཚོགས་པའི་དབྱིབས་ཤིང་རྟ་ཡིན་པ་ཡང་མི་འཐད་པའི་ཕྱིར་རོ།
Shape: That subject, it is incorrect to posit a special shape [i.e. configuration] of its parts as it because 1) the shapes of the individual parts are not suitable to be the chariot and 2) the shape of the collection of the parts is also not suitable to be the chariot.
དང་པོ་གྲུབ་སྟེ། སྔར་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་ཁྱད་པར་མེད་པའི་དབྱིབས་ཤིང་རྟ་ཡིན་ན་ཡང་མི་འཐད།
སྔར་དང་མི་འདྲ་བའི་དབྱིབས་གཞན་ཞིག་ཡིན་ན་ཡང་མི་འཐད་པའི་ཕྱིར།
The first is established because it is unsuitable regardless of whether the chariot is 1) a shape that is indistinct from the shape when it is not assembled or 2) a different shape that is distinct from before.
དང་པོ་གྲུབ་སྟེ། གཞན་དུ་ན་སྔར་མ་བསྒྲིགས་པ་དང་ཕྱིས་བསྒྲིགས་པའི་དུས་ཀྱི་འཕང་ལོ་ལ་སོགས་པའི་དབྱིབས་ལ་མི་འདྲ་བའི་ཁྱད་པར་མེད་པས་སྔར་མ་བསྒྲིགས་པའི་དུས་ན་ཤིང་རྟ་མེད་པ་ལྟར་ཕྱིས་བསྒྲིགས་པ་ན་ཡང་ཤིང་རྟ་མེད་པར་འགྱུར་པའི་ཕྱིར་རོ།
The first is established because otherwise, there would be no difference between the shape of the wheels and so forth when first unassembled and when later assembled; therefore, just as the chariot is non-existent when they are unassembled, the chariot would be non-existent also when later assembled.
གཉིས་པ་ཡང་གྲུབ་སྟེ། སྔར་མ་བསྒྲིགས་པའི་དུས་ཀྱི་འཕང་ལོ་དང་སྲོག་ཤིང་སོགས་ལ་མེད་པའི་ཕྱིས་བསྒྲིགས་པའི་གནས་སྐབས་ཀྱི་འཕང་ལོ་སོགས་ཀྱི་དབྱིབས་ཀྱི་མི་འདྲ་བའི་ཁྱད་པར་གཞན་ཡོད་ན་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་རོ།
The second is established because if there exists a distinct shape of the wheels and so forth when assembled that does not exist when the wheels, axle, and so forth are unassembled, then it would necessarily be observed, whereas it is not observed.
གོང་གི་རྟགས་ཟུར་གཉིས་པ་ཡན་ལག་ཚོགས་པའི་དབྱིབས་ཤིང་རྟར་མི་འཇོག་པ་ཡང་དེ་ལྟར་ཡིན་ཏེ།
དངོས་སྨྲ་བའི་ལུགས་ལ་ཚོགས་པ་རྫས་སུ་མ་གྲུབ་པས་དེའི་དབྱིབས་རྫས་སུ་གྲུབ་པར་མི་འཐད་ཅིང་། ཤིང་རྟ་ནི་རྫས་སུ་གྲུབ་པར་ཁས་བླངས་པའི་ཕྱིར།
Regarding the above second part of the reason: The shape of the collection of the parts is not posited as the chariot because in the system of the Proponents of Things 1) since the collection is not substantially-established, then it is illogical for its shape to be substantially-established and 2) they assert the chariot to be substantially-established.
དེ་ཡང་ཡིན་ཏེ། ལུགས་དེ་དག་གིས་བཏགས་ཡོད་ཐམས་ཅད་འདོགས་པའི་གཞི་རྣམས་རྫས་ཡོད་དུ་ཁས་བླངས་པའི་ཕྱིར་རོ།
That is also the case because those systems assert that the bases for designating all imputed-existents are substantial-existents.
བཏགས་ཡོད་ཀྱི་གདགས་གཞིར་རྫས་ཡོད་མི་འདོད་པའི་རང་ལུགས་ལའང་ཡན་ལག་ཚོགས་པའི་དབྱིབས་ཤིང་རྟའི་གདགས་གཞི་ཡིན་གྱི། ཤིང་རྟ་མ་ཡིན་ནོ།
Also in our own system, which does not assert substantial-existents as the bases of designation of imputed-existents, the shape of the collection of the parts is the basis of designation of the chariot and not the chariot.
གལ་ཏེ་དེ་ལྟར་རྣམ་པ་ཀུན་ཏུ་བཙལ་བ་ན་ཤིང་རྟ་མི་རྙེད་པས་ཤིང་རྟ་མེད་པར་འགྱུར་ལ།
དེ་ནི་མི་འཐད་དེ། ཤིང་རྟ་འོན་ཅིག། ཉོས་ཤིག། ཆོས་ཤིག་ཅེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ལ་གྲགས་པའི་ཕྱིར་ཞེ་ན།
Someone says: Since the chariot is not found when sought in all those ways, the chariot would be non-existent. That is incorrect because it is renown in worldly conventions, such as saying "Chariot come!", "Buy a chariot.", "Build a chariot." and so forth.
སྐྱོན་མེད་དེ། ཁོ་བོ་ཅག་གི་ལུགས་ལ་ཤིང་རྟ་དེ་ནི་རྣམ་པ་བདུན་གྱིས་དཔྱད་པ་ན་མི་རྙེད་ཅིང།
དེ་ཡང་དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཆར་དུ་མི་རྙེད་པ་ཡིན་མོད། འོན་ཀྱང་དེས་ཤིང་རྟ་མེད་པར་མི་འགྱུར་བའི་ཕྱིར་ཏེ།
Response: There is no such fault because in our system, the chariot is not found when analysed by means of those seven ways and it is not found in terms of both ultimate and conventional truths; nevertheless, that does not make the chariot non-existent;
- Because in terms of asserting a chariot, it is not asserted through being established by reasoning analysing whether or not it inherently exists but rather it is established by merely faultless ordinary worldly/conventional knowledge without analysing to seek the designated-object; and
ཤིང་རྟ་ཁས་ལེན་པ་ནི་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་གྲུབ་ནས་ཁས་བླངས་པ་མིན་གྱི།
བཏགས་དོན་འཚོལ་བའི་རྣམ་པར་དཔྱོད་པ་མེད་པར་འཇིག་རྟེན་པ་སྟེ་ཐ་སྙད་པའི་ཤེས་པ་རང་དགའ་བ་གནོད་མེད་ཙམ་གྱིས་གྲུབ་པ་ཡིན་པའི་ཕྱིར་དང་། - Because the way of positing it is that it is established as a mere imputed-existent designated in dependence upon its parts (the wheels, and so forth).
དེའི་འཇོག་ཚུལ་ཡང་རང་གི་ཡན་ལག་འཕང་ལོ་སོགས་ལ་བརྟེན་ནས་བཏགས་པའི་བཏགས་ཡོད་ཙམ་དུ་གྲུབ་པ་ཡིན་པའི་ཕྱིར་རོ།
རང་རྒྱུད་པ་མན་ཆད་ཀྱིས་ཡན་ལག་ཚོགས་པ་ལ་སོགས་པ་གང་ཡང་རུང་བ་ཞིག་ཡན་ལག་ཅན་ལ་སོགས་པའི་མཚན་གཞིར་མ་བཞག་ན།
དེ་རྣམས་ལས་ངོ་བོ་ཐ་དད་པའི་ཡན་ལག་ཅན་ལ་སོགས་པ་ཡང་མེད་པར་མཐོང་ནས། གདགས་གཞིའི་གསེབ་ནས་ཆོས་དེ་དང་དེ་འཇོག་པར་འདོད་དེ།
ཆོས་དེའི་བཏགས་དོན་བཙལ་ནས་མ་རྙེད་ན་ཆོས་དེ་འཇོག་མི་ཤེས་པ་ཡིན་ནོ།
For the Svatantrika and below, if something such as the collection of the parts and so forth is not posited as the illustration of the part-possessor and so forth, then perceiving that a part-possessor and so forth that is a different entity from those also does not exist, they assert that phenomena are posited as among their basis of designation; if the designated-object of a phenomenon is not found when sought, then they do not know how to posit that phenomenon.
དེའི་ཕྱིར་ཤིང་རྟ་སོགས་མིང་དུ་བཏགས་པ་ཙམ་དུ་མི་འདོད་པས་ཤིང་རྟ་སོགས་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཁས་ལེན་པ་ཡིན་ནོ། །
Therefore, due to not asserting that chariots and so forth are merely designated in name, they assert that chariots and so forth as conventionally [established by] own-character.
ལུགས་མཆོག་ཏུ་གྱུར་པ་འདིས་ནི་ཡན་ལག་ཚོགས་པ་དང་དེའི་ཡ་གྱལ་སོགས་གང་ཡང་ཡན་ལག་ཅན་ལ་སོགས་པའི་མཚན་གཞིར་མ་བཟུང་ཡང་།
ཡན་ལག་ཅན་ལ་སོགས་པའི་མིང་དུ་བཏགས་པ་ཙམ་ཞིག་ལ་བྱ་བྱེད་ཐམས་ཅད་ལེགས་པར་འཇོག་ནུས་པ་གསུང་རབ་ཀྱི་དོན་དུ་འགྲེལ་བ་ནི་ཐུབ་པའི་དགོངས་པ་ཐུན་མོང་མ་ཡིན་པ་ཡིན་པས་རྣམ་དཔྱོད་ཅན་གྱིས་དགོངས་པ་འགྲེལ་ལུགས་འདི་ལ་སྦྱངས་དགོས་སོ་ཞེས་རྗེ་ཐམས་ཅད་མཁྱེན་པས་འདོམས་པར་མཛད་དོ།
In this supreme system, although the collection of the parts or the individual parts and so forth are not held to be the illustrations of the part-possessor and so forth, being able to correctly posit part-possessor and so forth that are merely designated in name for all agents and objects is explained to be the meaning of the scriptures and the uncommon intention of the Muni. Therefore, the Omniscient Je [Jamyang Shepa?] advises: "The intelligent must study this system of explaining the intention."
Connecting it to the meaning དོན་ལ་སྦྱར་བ་ནི།
ངའོ་སྙམ་དུ་ཞེན་པའི་གཞིར་གྱུར་པའི་བདག་གམ་གང་ཟག་ཞེས་བྱ་བ་དེ་རང་གི་ཕུང་པོ་རྣམས་དང་གཅིག་དང་ཐ་དད་གང་དུ་ཡོད་བསམ་པར་བྱས་སྟེ།
ཡོད་ན་དེ་གཉིས་གང་རུང་དུ་ཡོད་དགོས་པའི་ཕྱིར་ཏེ།
The "self" or "person" that is the basis for conceiving "I" is thought to exist as either one with or different from its aggregates because if it exists, then it necessarily exists as one of those two;
སྤྱིར་ཆོས་དེ་ཟླ་བཅས་སུ་བློས་ཡོངས་སུ་བཅད་པ་ན་ཟླ་མེད་ཡིན་པ་རྣམ་པར་གཅོད་ཅིང་ཟླ་མེད་དུ་ཡོངས་སུ་བཅད་ན་ཟླ་བཅས་ཡིན་པ་རྣམ་པར་གཅོད་པ་འཇིག་རྟེན་ན་མཐོང་བས་གཅིག་དང་ཐ་དད་ནི་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར་རོ།
Because, in general, it is perceived in the world that when a phenomenon is mentally refuted from being A, then it is determined to be ¬A, and if it is refuted from being ¬A, then it is determined to be A; therefore, one and different are a mutually-negating direct contradiction.
དེ་ལ་བདག་ཕུང་གཉིས་གཅིག་ཏུ་གྲུབ་ན་སྐྱོན་གསུམ་ཡོད་དེ།
Regarding that, if the self and the aggregates were established as one, then there would be three faults:
- Asserting a self would be meaningless བདག་ཏུ་ཁས་བླངས་པ་དོན་མེད་པ་དང་།
- The self would become manifold བདག་མང་པོར་འགྱུར་པ་དང་།
- The self would possess production and disintegration བདག་སྐྱེ་འཇིག་ཅན་དུ་གྱུར་པའོ།
དང་པོ་ནི། བདག་ཕུང་གཉིས་རང་བཞིན་གྱིས་གཅིག་ན་བདག་ཁས་བླངས་པ་དོན་མེད་དེ། བདག་ཕུང་པོའ་ིརྣམ་གྲངས་ཙམ་དུ་འགྱུར་བའི་ཕྱིར་ཏེ།
དཔེར་ན་ཟླ་བ་དང་རི་བོང་ཅན་བཞིན།
Regarding the first, if the self and the aggregates were inherently one, then asserting a self is meaningless because "self" would just be a synonym for the aggregates; for example, like moon and rabbit-possessor.
རྩ་ཤེས་ལས། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། །ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཞེས་སོ།
Root Wisdom says:
Having shown that a self not included in the appropriated does not exist,
If the appropriated were the self, then your self is non-existent. [27.5]
གཉིས་པ་ནི། བདག་ཕུང་རང་བཞིན་གྱིས་གཅིག་ཏུ་གྲུབ་ན་ཕུང་པོ་དུ་མ་བཞིན་དུ་བདག་ཀྱང་དུ་མར་འགྱུར་པའི་ཕྱིར་ཏེ།
Regarding the second, it is because if the self and the aggregates were inherently one, then just like the aggregates are many, the self would also become many.
འཇུག་པ་ལས། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །ཞེས་སོ།
Supplement says:
If: the aggregates are the self, then due to those being many, the self would also be many. [6.127ab]
གསུམ་པ་ནི། བདག་ཕུང་གཉིས་གཅིག་ཡིན་ན་བདག་སྐྱེ་འཇིག་གི་ཆོས་ཅན་དུ་ཐལ་ཏེ། ཕུང་པོ་སྐྱེ་འཇིག་གི་ཆོས་ཅན་ཡིན་པའི་ཕྱིར།
Regarding the third, it follows that if the self and the aggregates were one, then the self would possess the attributes of production and disintegration because the aggregates possess the attributes of production and disintegration.
རྩ་ཤེས་ལས། གལ་ཏེ་ཕུང་པོ་བདག་ཡིན་ན། སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་སོ།
Root Wisdom says:
If the aggregates are the self, then it would possess production and disintegration; [18.1ab]
བདག་སྐྱེ་འཇིག་ཅན་དུ་འགྱུར་པ་ལ་སྐྱོན་ཅི་ཡོད་ཅེ་ན།
Question: What fault is there with the self possessing production and disintegration?
ཐ་སྙད་ཙམ་ཡིན་ན་སྐྱོན་མེད་མོད་ཀྱང་རང་མཚན་གྱིས་གྲུབ་པའི་སྐྱེ་འཇིག་བྱེད་ན་སྐྱོན་གསུམ་ཡོད་དེ།
Response: Although there is no fault if it is only conventionally, if it is taken as production and disintegration that is established by own-character, then there are three faults:
- Remembering [past] births would be unfeasible སྐྱེ་བ་དྲན་པ་མི་འཐད་པ་དང་།
- Actions done would be lost ལས་བྱས་པ་ཆུད་ཟོས་པ་དང་།
- Meeting with actions one has not done ལས་མ་བྱས་པ་དང་འཕྲད་པའི་ཉེས་པ་གསུམ་མོ།
དེ་ཡང་སྐྱེ་བ་སྔ་ཕྱིའི་བདག་རང་གི་མཚན་ཉིད་ཀྱིས་སོ་སོ་བ་ཡིན་ན་འབྲེལ་མེད་དོན་གཞན་དུ་འགྱུར་པའི་རྒྱུ་མཚན་གྱིས་སྐྱོན་དེ་གསུམ་འབྱུང་བའོ།
Moreover, if the selves of past and future births were individual by own-character, then they would become unrelated different objects; due to that, those three faults arise.
གལ་ཏེ་རང་མཚན་གྱིས་སོ་སོ་བ་ཡིན་ཀྱང་རྒྱུད་གཅིག་པས་སྐྱོན་མེད་དོ་ཅེ་ན།
Objection: Although they are individual by own-character, since they are a single continuum there is no fault.
དེ་ཡང་མི་འཐད་དེ། རང་གི་ངོ་བོས་ཐ་དད་ན་ནི་རྒྱུད་གཅིག་ཏུ་མི་རུང་བའི་ཕྱིར། དཔེར་ན་བྱམས་པ་དང་ཉེར་སྦས་བཞིན།
Response: That is incorrect because if they are different by their own-nature, then they would not be suitable to be a single continuum; for example, like Maitreya and Upagupta.
Refuting the position that the self and the aggregates are different བདག་ཕུང་གཉིས་ཐ་དད་པའི་ཕྱོགས་དགག་པ་ནི།
བདག་ཕུང་ལས་རང་གི་མཚན་ཉིད་ཀྱིས་ཐ་དད་ན། །བདག་དེ་ཕུང་པོའ་ིམཚན་ཉིད་སྐྱེ་འཇིག་གནས་པ་དང་མི་ལྡན་པར་འགྱུར་ཏེ།
ཕུང་པོ་དང་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། དཔེར་ན་རྟ་བ་ལང་ལས་དོན་གཞན་དུ་གྲུབ་པས་ནོག་སོགས་དང་མི་ལྡན་པ་བཞིན་ནོ།
If the self were different by own-character from the aggregates, then the self would not possess the characteristics of the aggregates (i.e. production, disintegration, and abiding) because it would be an unrelated different object from the aggregates; for example, since a horse is established to be a different object from an ox, it does not possess a hump and so forth.
དེ་ལྟ་ན་བདག་ཏུ་ཐ་སྙད་འདོགས་པའི་གཞི་དང་བདག་ཏུ་འཛིན་པའི་ཡུལ་དུ་མེད་པར་འགྱུར་ཏེ། འདུ་མ་བྱས་པའི་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན།
In that case, the basis for designating the term "self" and the object apprehended as a self would be non-existent because of being uncompounded; for example, like a sky-flower.
ཞེས་གཞན་གྲགས་ཀྱི་སྦྱོར་བ་བྱེད་བར་ཚིག་གསལ་ལས་གསུངས་སོ།
That is the other-renown syllogism stated in Clear Words.
གཞན་ཡང་བདག་ཕུང་རང་བཞིན་གྱིས་ཐ་དད་ན། ཕུང་པོའ་ིམཚན་ཉིད་གཟུགས་སུ་རུང་བ་སོགས་ལས་དོན་ཐ་དད་དུ་དམིགས་དགོས་ཏེ།
དཔེར་ན་གཟུགས་དང་སེམས་ཐ་དད་དུ་དམིགས་པ་བཞིན།
Moreover, if the self and the aggregates were inherently different, then it would necessarily be observed as a different object from the characteristics of the aggregates (that suitable as form and so forth); for example, like form and the mind are observed to be different.
རིགས་པ་སྔ་ཕྱི་གཉིས་རིམ་པ་བཞིན་་་
These two reasonings are respectively indicates in the Root Wisdom:
- Chapter 18: If it were different from the aggregates, then it would not possess the characteristics of the aggregates. [18.1cd] and
རབ་བྱེད་བཅོ་བརྒྱད་པ་ལས། གལ་ཏེ་ཕུང་བོ་རྣམས་ལས་གཞན། །ཕུང་པོའ་ིམཚན་ཉིད་མེད་པར་འགྱུར། ཞེས་དང་། - Chapter 27: If it were other, then without the appropriated it would be suitable to be apprehended; but it is not. [27.7]
ཉེར་བདུན་པ་ལས། གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །ཞེས་པ་རྣམས་ཀྱིས་བསྟན་ནོ།
རིགས་པ་དེ་དག་གིས་ཕྱོགས་ལྷག་མ་རྣམས་ཀྱང་རྟོགས་པར་འགྱུར་པའི་ཚུལ་ནི།
The way the remaining positions are realised through these reasonings
དེ་ལྟར་རང་བཞིན་གཅིག་ཐ་དད་གཉིས་ཁེགས་པས་ཕུང་པོ་ལ་བདག་དང་བདག་ལ་ཕུང་པོ་བརྟེན་ནས་ཡོད་པའི་བརྟེན་པའི་ཕྱོགས་གཉིས་ཀྱང་ཁེགས་པར་འགྱུར་ཏེ།
དེ་གཉིས་ནི་རང་བཞིན་ཐ་དད་དུ་ཡོད་ན་འཐད་པར་གྱུར་པ་ལས་རང་བཞིན་ཐ་དད་པའི་ཕྱོགས་བཀག་ཟིན་པའི་ཕྱིར་རོ།
As such, through refuting being both one and different natures, the two positions of supports (the self existing supported upon the aggregates and the aggregates supporting the self) are also refuted because those two [positions] would be feasible if they were different natures, but the positions of their being different natures has already been refuted.
བདག་ཕུང་པོ་དང་ལྡན་པའི་ཕྱོགས་ཀྱང་མི་འཐད་དེ། སྔར་ཤིང་རྟའི་སྐབས་སུ་བཤད་པ་ལྟར་ལྡན་ཚུལ་གཉིས་ཀ་གཅིག་ཐ་དད་ཀྱི་ཕྱོགས་ལས་མ་འདས་པའི་ཕྱིར་རོ།
The position that the self possesses the aggregates is also not feasible because, as explained in the context of the chariot, the two modes of possession do not pass beyond the positions of one and different.
ཕུང་པོ་ཚོགས་ཙམ་ཡང་བདག་ཏུ་མི་འཐད་དེ། ཕུང་པོ་ལྔ་ལ་བརྟེན་ནས་བདག་ཏུ་འདོགས་པར་གསུངས་པས་ན་ཕུང་པོ་ལྔ་གདགས་གཞི་དང་གང་ཟག་བཏགས་ཆོས་ཡིན་པའི་ཕྱིར་དང་། གདགས་གཞི་བཏགས་ཆོས་སུ་མི་འཐད་པའི་ཕྱིར་རོ།
The mere collection of the aggregates is also not feasible as the self 1) because it is said that the self is designated in dependence upon the five aggregates and therefore, the aggregates are the basis of designation and the person is the designated-phenomenon and 2) because the basis of designation is not suitable to be the designated-phenomenon.
གཞན་ཡང་ཚོགས་པ་བདག་ཡིན་པ་ལ་བྱ་བྱེད་གཅིག་ཏུ་འགྱུར་པའི་སྐྱོན་ཡང་ཡོད་དེ། འདིས་རང་སྡེ་འགའ་ཞིག་གིས་ཕུང་པོའ་ིརྒྱུན་ལ་བདག་ཏུ་འདོད་པ་ཡང་ཁེགས་སོ།
Moreover, the collection being the self would also have the fault of agent and object becoming one; therefore, the assertion of some Buddhist schools that the continuum of the aggregates is the self is also refuted.
ཕུང་པོའ་ིདབྱིབས་བདག་ཏུ་འདོད་པ་ཡང་མི་འཐད་དེ། དབྱིབས་ནི་གཟུགས་ཅན་ཁོ་ན་ལ་ཡོད་པས་ན་སེམས་ལ་སོགས་པ་ལ་བདག་གཞག་ཏུ་མེད་པའི་ཕྱིར།
The assertion that the shape of the aggregates is the self is also incorrect because shape exists exclusively in the physical and therefore the mind and so forth could not be posited as the self.
དེ་ལྟར་རྣམ་པ་བདུན་དུ་རིགས་པས་དཔྱད་པ་ན་བདག་གང་དུ་འང་མ་རྙེད་པ་ནི་བདག་རང་བཞིན་མེད་པའི་དོན་ཡིན་ལ།
ཚུལ་དེ་ནི་བདེན་པ་གཉིས་ཆར་དུ་འདྲ་བས་ཐ་སྙད་དུའང་བདག་རང་མཚན་གྱིས་གྲུབ་པ་མེད་དོ།
As such, when analysed using the sevenfold reasoning, a self is not found whatsoever; this is the meaning of the self lacking inherent existence. Since this process is similar for both truths, the self is not established by own-character even conventionally.
དེ་ལྟ་ན་ཡང་བཏགས་དོན་བཙལ་བའི་དཔྱད་པ་མེད་པར་བདག་དང་གང་ཟག་བྱ་བ་བྱེད་ནུས་སུ་བསྙོན་མི་ནུས་པར་ཚད་མས་གྲུབ་པའི་ཕྱིར་གང་ཟག་ཐ་སྙད་དུ་ཡོད་ལ།
དེ་ཡང་ངའོ་སྙམ་པའི་བློ་སྐྱེ་བ་ན་རང་རྒྱུད་ཀྱི་ཕུང་པོ་ལྔ་གཞིར་བྱས་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་པ་ཙམ་དུ་ཡོད་དོ།
As such, without analysing to seek the designated-object, it is undeniably established by valid cognition that the self and person is able to perform actions and therefore the person conventionally exists. Moreover, when an awareness thinking "I" arises, it arises in dependence upon taking the five aggregates as a basis and therefore it exists as merely designated in dependence upon the five aggregates.
Up a level: Presentation of the self as merely dependently designated together with an example (example of the chariot)