Shantideva HSol realise selflessness of phenomena

ཁོ་ན་རེ། འཁོར་བ་ལས་གྲོལ་བ་ཐོབ་པ་ལ་ཆོས་ཐམས་ཅད་རང་བཞིན་གྱི་གྲུབ་པས་སྟོང་པའི་སྟོང་ཉིད་སྒོམ་མི་དགོས་པར་ཐལ།
མངོན་པ་གཉིས་ནས་བཤད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པས་འཁོར་བ་ལས་གྲོལ་བ་ཐོབ་པའི་ཕྱིར།
Someone says: It follows that in order to attain liberation from Samsara, it is not necessary to cultivate the emptiness of all phenomena being empty of inherent establishment because liberation from Samsara is attained through directly realising and then familiarisation with the selflessness of persons explained in the Two Abhidharmas.

དེའི་ལན་ནི། མངོན་པ་གཉིས་ནས་བཤད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པས་འཁོར་བ་ལས་གྲོལ་བ་ཐོབ་མི་ནུས་པར་ཐལ།
ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པར་རྟོགས་པའི་ལམ་འདི་མེད་པར་བྱང་ཆུབ་གསུམ་པོ་གང་རུང་ཐོབ་མི་ནུས་པར་ཡུམ་གྱི་མདོ་ལས་གསུངས་པའི་ཕྱིར་ཏེ།
Response: It follows that liberation from Samsara is not attained through directly realising and then familiarisation with the selflessness of persons explained in the Two Abhidharmas because it is indicated in the Mother Sutras that without this path realising all phenomena to be empty of inherent establishment, one is unable to attain any of the three enlightenments;

ཡུམ་གྱི་མདོ་ལས། དངོས་པོའི་འདུ་ཤེས་ཅན་ལ་ཐར་པ་མེད། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ།
ཞེས་སོགས་ཀྱིས་དུས་གསུམ་གའི་རྒྱུན་ཞུགས་ནས་རང་རྒྱལ་གྱི་བར་རྣམས་སྙིང་པོ་དོན་གྱི་ཤེར་ཕྱིན་འདི་ཉིད་བསྒོམས་པ་ལ་བརྟེན་ནས་ཐོབ་པར་བཤད་པའི་ཕྱིར།
because statements in the Mother Sutras saying "There is no liberation for those possessing discrimination of things; also those wishing to train in the Hearer grounds should train in the Perfection of Wisdom." explain that all the three-time [results of] Stream-Enterer and up to Solitary Realiser are attained in dependence upon cultivation of just this essential meaning of the Perfection of Wisdom.


Gelong as the root of the teachings


མངོན་པ་གཉིས་ནས་བཤད་པའི་གང་ཟག་གི་བདག་མེད་རྟོགས་པའི་ལམ་བསྒོམས་པས་ཡང་སྲིད་ཕྱི་མའི་ཉེར་ལེན་གྱི་རྒྱུ་སྲེད་པ་སྤོང་མི་ནུས་ཏེ།
སྲེད་པ་ལ་་་་གཉིས་སུ་ཡོད་པ་གང་ཞིག
Cultivating the path realising the selflessness of persons explained in the Two Abhidharmas is not able to abandon craving that is the substantial cause for future rebirth because there are two cravings:

  1. An afflicted craving induced only by the view of the transitory collection apprehending a self-sufficient substantially existing person as explained in the Two Abhidharmas
    མངོན་པ་གཉིས་ནས་བཤད་པ་ལྟར་གྱི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་འཇིག་ལྟ་ཙམ་གྱིས་དྲངས་པའི་སྲེད་པ་ཉོན་མོངས་ཅན་གཅིག་དང་།
  2. A non-afflicted craving induced by the view of the transitory collection apprehending the person as established by way of their own-character;
    གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟས་དྲངས་པའི་ཉོན་མོངས་ཅན་མ་ཡིན་པའི་སྲེད་པ་

དེ་གཉིས་ནས་བཤད་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་གོམས་པར་བྱས་པས་སྲེད་པ་ཕྱི་མ་ཟད་པར་བྱེད་མི་ནུས་པའི་ཕྱིར།
And the direct realisation and familiarisation with the direct realisation of the selflessness of persons explained in the Two Abhidharmas is not able to eliminate the latter craving.

དང་པོ་དེར་ཐལ། མ་རིག་པ་ལ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་ཉོན་མོངས་ཅན་གྱི་མ་རིག་པ་དང་།
དེ་ལས་གཞན་པའི་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་གཉིས་སུ་འབྱེད་རིགས་པའི་ཕྱིར།
It follows [that there two types of craving] because it is suitable to divide ignorance into two:

  1. An afflicted ignorance apprehending a self-sufficient substantially existing person
  2. A non-afflicted ignorance that is other than that.

In the continuum of a person devoid of the view realising emptiness: སྟོང་ཉིད་རྟོགས་པའི་ལྟ་བ་དང་བྲལ་བའི་གང་ཟག་གི་རྒྱུད་ལ་

མཐུན་རྐྱེན་ཚང་ཞིང་འགལ་རྐྱེན་མེད་པའི་རྒྱུ་ལས་རང་གི་འབྲས་བུ་སྐྱེ་བར་ངེས་པའི་ཕྱིར།
because a cause that is the complete concordant conditions and the absence of discordant conditions, will definitely produce its result.

སྟོང་ཉིད་ཕྲ་མོ་རྟོགས་པའི་ལྟ་བ་དང་བྲལ་བའི་ལམ་གྱིས་སྲེད་པ་སྤོང་མི་ནུས་ཏེ།
སེམས་བདེན་འཛིན་གྱི་དམིགས་པ་དང་བཅས་བཞིན་པའི་གང་ཟག་གི་རྒྱུད་ལ་བདེན་འཛིན་དེས་དྲངས་པའི་སྲེད་པ་མངོན་གྱུར་དུ་འབྱུང་བའི་ཕྱིར།
A path devoid of the view realising subtle emptiness is unable to abandon craving because in the continuum of a person whose mind is still together with the observed-object of the apprehension of true existence, manifest craving will arise induced by that apprehension of true existence.

ཐར་པ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་བ་རྣམས་ཀྱིས་གང་ཟག་དང་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་སྟོང་ཉིད་སྒོམ་པར་བྱ་དགོས་ཏེ།
གང་ཟག་དང་ཕུང་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་བཀག་པའི་སྟོང་ཉིད་རྟོགས་པ་དང་བྲལ་བའི་གང་ཟག་གིས་ལམ་གཞན་བསྒོམས་པས་ཉོན་མོངས་མངོན་གྱུར་བ་གཞན་རེ་ཞིག་འགགས་ཀྱང་། སླར་ཡང་རྒྱུད་ལ་མངོན་གྱུར་དུ་འབྱུང་བའི་ཕྱིར། དཔེར་ན། འདུ་ཤེས་མེད་པའི་སྙོམས་འཇུག་ལ་གནས་པའི་གང་ཟག་བཞིན་ནོ།
Those seeking liberation and omniscience must cultivate the emptiness of persons and the aggregates being empty of being established by way of their own-character because although persons devoid of the realisation of emptiness that negates persons and the aggregates being established by way of their own-character can temporarily cease other manifest afflictions through cultivating other paths, those will manifest in their continuum again. For example, like a persons abiding in the absorption of cessation.

རང་ལུགས་ཀྱི་ཚོར་བ་ལ་སྲེད་པ་ལྡོག་པའི་ཚུལ་ཡོད་དེ།
ཚོར་བ་དང་ཚོར་བ་པོ་རང་བཞིན་གྱིས་མེད་པར་རྟོགས་ཟིན་གོམས་པར་བྱས་པ་ལ་བརྟེན་ནས་ཚོར་བ་ལ་སྲེད་པ་ལྡོག་པར་འགྱུར་བའི་ཕྱིར།
There is a way to overcome craving for feelings in our own system because in dependence upon familiarisation with the previously realised lack of inherent existence of feelings and feeler, craving for feelings will be overcome.

Division of four truths into coarse and subtle


Up a level: Hearers and Solitary Realisers realise emptiness of inherent existence