Strength knowing supreme and non-supreme faculties
སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་དེ་ནི་ཆོས་ཅན། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའིེ་སྟོབས་སུ་གསུངས་ཏེ།
ཡང་དག་པ་མ་ཡིན་པར་ལྷག་པར་སྒྲོ་འདོགས་པའི་ཀུན་ཏུ་རྟོག་པ་ཆགས་སོགས་བསྐྱེད་པ་ལ་དབང་བྱེད་པས་ན་དབང་པོ་ཡིན་ལ།
སོགས་ཀྱི་བསྡུས་པ་དད་པའི་དབང་པོ་སོགས་ཆོས་རྣམ་པ་ཉིད་ནི་མཆོག་ཏུ་བཞེད་ལ་དད་སོགས་དབང་པོ་འབྲིང་གི་གནས་སྐབས་ནི་འབྲིང་དང་།
རྟུལ་པོ་ཉིད་ནི་དབང་པོ་མཆོག་མ་ཡིན་པར་མཁྱེན་ཅིང་བཤད་པ་དང་། མིག་ལ་སོགས་པའི་དབང་པོ་ཉེར་གཉིས་དང་། དབང་པོ་རྣམས་ཕན་ཚུན་འབྲས་བུ་ཆུད་པ་སྟེ་སྒྲུབ་ནུས་པའི་དབང་པོའི་ངོ་བོར་རེ་རེ་ལ་ཡང་ཆགས་ཐོགས་མེད་པར་འཇུག་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - that knowing exalted wisdom of the Buddha - it is indicated as the strength knowing supreme and non-supreme faculties because they are "faculties/powers" due to empowering the production of attachment and so forth (i.e. conceptualisations reifying what is incorrect); the powers of faith and so forth (included in the "and so forth") that are in the aspect of dharma are asserted as supreme, the powers of faith and so forth that are middling are middling, and those that are dull are known and explained to be non-supreme powers; moreover, there are the twenty-two faculties of eyes and so forth, and the powers' abilities to accomplish their respective results; therefore, it is an exalted wisdom of the Exalted Knower of All Aspects that is unobstructed and unhindered in engaging the individual entities of these faculties.
Up a level: Presentation of the Buddha's Qualities (Gomde)