Strength knowing the thorough fruition of actions

སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་དེ་ནི་ཆོས་ཅན། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་སུ་འདོད་དེ། དགེ་བ་དང་མི་འདོད་པ་སྟེ་མི་དགེ་བའི་ལས་དང་དེ་གཉིས་ལས་བཟློག་པ་དཀར་ནག་འདྲེས་པའི་ལས་དང་། ཟག་བཅས་ཀྱི་ལས་ངན་པ་ཟད་པར་བྱེད་པའི་ཟག་མེད་ཀྱི་དངོས་པོའེ་ལས་དང་། ལས་དེ་ཡི་རྣམ་སྨིན་ཤིན་ཏུ་མི་འདྲ་བ་སྣ་ཚོགས་པ་ལའང་མཁྱེན་པའི་ནུས་མཐུས་ཆགས་ཐོགས་མེད་པར་སོ་སོར་འཇུག་པར་འགྱུར་བ་དུས་གསུམ་གྱི་ལས་དང་འབྲས་བུའི་ཤེས་བྱ་ཀུན་ལ་ཁྱབ་པར་མཛད་པའི་ཡེ་ཤེས་ཡིན་པའི་ཕྱིར།
The subject - that knowing exalted wisdom of the Buddha - it is asserted as the strength knowing the thorough fruition of actions because of being an exalted wisdom pervading all objects of knowledge that are cause and effect of the three times, individually engaging without hindrance or obscuration through the force of knowing the extremely varied fruitions of actions:


Up a level: Presentation of the Buddha's Qualities (Gomde)